དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སླད་ཕྱིན་གྱི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        ཟླ་7ཚེས་21ཉིན་དཔལ་མོས་(གཡོན )རྒྱ་སྨུག་གྲོང་ཚོའི་མང་ཚོགས་ཀྱི་ཚབ་བྱས་ཏེ་སྤྱི་ཁྱབ་ཚན་མོའུ་ཀྲང་ཁྲེན་པིང་ཏེས་ཕུལ་གནང་བའི་ཀྲུང་དབྱང་གི་འགོ་ཁྲིད་པ་མི་རབས་བཞིའི་སྐུ་པར་ལེན་པ།

        ཟླ་7ཚེས་21ཉིན་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། ཀྲུང་དབྱང་སྐུ་ཚབ་ཚོགས་པ་མངའ་རིས་ཡན་ལག་ཚོགས་པའི་ཚོགས་གཙོ། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན། སྤྱི་ཁྱབ་ཚན་མོའུ་ཀྲང་བཅས་ཡིན་པའི་ཁྲེན་པིང་ཏེ་ཡིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་མངའ་རིས་ཡན་ལག་ཚོགས་པའི་སྣེ་ཁྲིད་དེ་ཏང་ཀྲུང་དབྱང་གི་ཟོལ་མེད་འཚམས་འདྲི་དང་བྱམས་བརྩེའི་ཐུགས་ཁུར་བསྣམས་ནས་རྒྱ་སྨུག་གྲོང་ཚོར་གཟིགས་པ་དང་འཚམས་འདྲི་གནང་བར་ཕེབས་པ་དེ་རྒྱ་སྨུག་བས་ཚེ་གང་བརྗེད་པར་དཀའ་བའི་དྲན་གསོའི་ཉིན་མོ་ཞིག་ཏུ་གྱུར་ཡོད།

        “ཀྲུང་དབྱང་གི་དབུ་ཁྲིད་པེ་ཅིང་ནས་ངའི་ཁྱིམ་དུ་མགྲོན་པོར་ཕེབས་པ་དེ་དངོས་གནས་ངའི་བསོད་ནམས་རེད ”ཅེས་རྒྱ་སྨུག་གྲོང་ཚོའི་འབྲོག་པ་ངག་དབང་གིས་དགའ་སྤྲོའི་ངང་གསར་འགོད་པར་བཤད། ངག་དབང་གི་ཁྱིམ་དུ་ཁྲེན་པིང་ཏེ་ཡིས་ཁོང་དང་གླེང་མོལ་གནང་ནས་ཁྱིམ་གྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ཀྲུང་དབྱང་སྐུ་ཚབ་ཚོགས་པས་བསྣམས་ཕེབས་པའི་འཚམས་འདྲིའི་ཕྱག་རྟགས་ཀྱང་གནང་ནས་ཁོང་གི་ཁྱིམ་བདེ་སྐྱིད་ཕུན་སུམ་ཚོགས་པོ་ཡོང་རྒྱུའི་སྨོན་འདུན་ཡང་ཞུས་གནང་བ་རེད། “ད་ལོར་བདེ་སྡོད་ཁང་གསར་དུ་སྤོས་ཁར་ཀྲུང་དབྱང་དབུ་ཁྲིད་ཀྱིས་འཚམས་འདྲི་གནང་བར་ཕེབས་པས་དངོས་གནས་བསོད་ནམས་འདུག ངས་དབུ་ཁྲིད་ཀྱི་ཐུགས་ཁུར་ཆུད་ཟོས་སུ་མི་གཏོང་བར་རང་ཉིད་ཀྱིས་འབད་བརྩོན་བརྒྱུད་ཡོང་འབབ་འཕར་བ་བྱས་ནས་འཚོ་བ་ཇེ་ཡག་ཏུ་འགྲོ་ཐུབ་པ་བྱེད་ཀྱི་ཡིན། སླད་ཕྱིན་གྱི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་ཡོད ”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།