དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གཞིས་རྩེ་གྲོང་ཁྱེར་གྱི་འདི་ལོའི་རོགས་སྐྱོར་ཐོབ་པའི་དམངས་འཚོའི་འདུ་འགོད་ཁག་དང་པོ་ལེགས་གྲུབ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90 འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ 60 འཁོར་བར་ཕྱག་རྟགས་འབུལ་རྒྱུའི་རྣམ་གྲངས་ཤིག་ཡིན་པའི་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་རྣམ་གྲངས་ཁག་དྲུག་པའི་དམངས་འཚོའི་འདུ་འགོད་ཀྱི་ཐོག་མའི་རྣམ་གྲངས་གསུམ་སྟེ་གཞིས་རྩེ་ས་ཁུལ་ཧྲང་ཧའེ་དཀྱིལ་ལམ་དང་། བཀྲ་ཤིས་ལྷུན་པོའི་རིག་གནས་ཐང་ཆེན། ཧྲང་ཧའེ་ལུས་རྩལ་ཐང་ཆེན་བཅས་ཀྱི་ཉམས་གསོའི་ལས་གྲྭ་དེ་ཉེ་ཆར་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ་མ་ཟད་སྤྱོད་འགོའང་ཚུགས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། སྒྱུར་བཀོད་དང་ཉམས་གསོའི་ལས་གྲྭ་ཆེ་གྲས་གསུམ་པོ་དེ་དག་ལ་ཁྱོན་མ་དངུལ་སྒོར་ཁྲི་1830 བཏང་བའི་ནང་ཧྲང་ཧའེ་དཀྱིལ་ལམ་སྒྱུར་བཀོད་ལས་གྲྭའི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་1000 བཏང་བ་དང་། བཀྲ་ཤིས་ལྷུན་པོའི་རིག་གནས་ཐང་ཆེན་གྱི་ལས་གྲྭའི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་ 370 བཏང་བ། ཧྲང་ཧའེ་ལུས་རྩལ་ཐང་ཆེན་གྱི་ལས་གྲྭའི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་460 བཏང་བ་བཅས་རེད། ཕྱག་རྟགས་སུ་འབུལ་བའི་ལས་གྲྭ་ཁག་གསུམ་པོ་དེ་དག་བདེ་བླག་ངང་ལས་མཇུག་འགྲིལ་བ་དང་བེད་སྤྱོད་གཏོང་འགོ་ཚུགས་པ་དེས་གཞིས་རྩེ་གྲོང་ཁུལ་གྱི་རྣམ་པར་འགྱུར་ལྡོག་འགྲོ་བ་དང་གྲོང་ཁྱེར་གྱི་གཟུགས་བཪྙན་ལེགས་སུ་འགྲོ་རྒྱུ་མ་ཟད། ད་དུང་བྱེད་སྒོ་སྣ་ཚོགས་སྤེལ་ཡུལ་མཁོ་འདོན་ཡང་ཐུབ་རྒྱུ་དང་ཆབས་ཅིག་གཞིས་རྩེ་ས་ཁུལ་གྱི་ཡུལ་སྐོར་སྤྲོ་འཆམ་དང་ཚོང་འགུགས་མ་འདྲེན་ལས་དོན་དང་ས་ཁུལ་གྱི་རིག་གནས་བྱ་གཞག་འཕེལ་རྒྱས་ལ་སྐུལ་མ་ཐེབས་རྒྱུ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་དྲུག་པའི་འབྲེལ་གཏུག་ཚོགས་ཆུང་གིས་དུས་ཡུན་ལོ་གསུམ་གྱི་བོད་སྐྱོར་བྱེད་རིང་མ་དངུལ་སྒོར་དུང་ཕྱུར་8 བཏང་ནས་གཞིས་རྩེ་ས་ཁུལ་འཕེལ་རྒྱས་དང་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱ་རྒྱུ་དང་ཟླ་6 པའི་ཟླ་དཀྱིལ་བར་ཁྱོན་གཙོ་གནད་རྣམ་གྲངས་ 40 ཙམ་སྔ་རྗེས་སུ་ལས་འགོ་བཙུགས་པར་རིམ་རྩིས་ལྟར་ན་མ་དངུལ་སྒོར་ཁྲི་ 8000 བཏང་ཟིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།