དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཕན་བདེ་ཁང་ནང་དུ་རིན་མི་དགོས་པར་སྡོད་རྒྱུ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        ཟླ་6ཚེས་1ཉིན་གྱི་སྔ་དྲོ་རྒྱལ་ཡོངས་ནུབ་རྒྱུད་ས་ཁུལ་གྱི་རྩེར་སོན་ཕན་བདེ་ཁང་ཡིན་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཕན་བདེ་ཁང་དུ་ཁག་དང་པོའི་མི་ཧྲེང་རྒན་རྒོན་50རིན་མི་དགོས་པར་སྡོད་རྒྱུ་བྱུང་ནས་མི་ཧྲེང་རྒན་རྒོན་ཚོར་རྒས་དུས་སྡོད་ས་ཡོད་པ་དང་རྒས་དུས་བདེ་སྐྱིད་ལྡན་པ་ཞིག་བྱུང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཁྲེང་ཀོན་ཆུས་ཀྱིས་ཕྱོགས་མང་ནས་མ་དངུལ་སྒོར་ཁྲི་3000ཙམ་གྲབས་གསོག་བྱས་ཏེ་ས་ཆ་བཟུང་ཚད་སྨི་ངོས་སྙོམས་གྲུ་བཞི་མ་5000དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ་2000ལྷག་ཙམ་ཡོད་པའི་ཕན་བདེ་ཁང་ཞིག་གསར་དུ་བརྒྱབ་པར་སྨན་བཅོས་ཁང་དང་། ལུས་སྦྱོང་ཁང་། སྐྲ་བཞར་ཁང་། ལུས་འཁྲུ་ཁང་། ལྟ་ཞིབ་ཚོད་འཛིན་ཁང་སོགས་སྒྲིག་ཆས་རྩེ་གྲ་དང་གཡོག་བྱེད་མཁས་པའི་ཞབས་ཞུ་མ་15བཀོད་སྒྲིག་བྱས་ཡོད་པས་དེའི་ནང་སྡོད་མཁན་མི་ཧྲེང་རྒན་རྒོན་ཚོས་ཕྱིར་ཐོན་དགོས་མེད་པར་མགྲོན་ཁང་ལྟ་བུའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་ཞིང་། འདི་ནི་ལོ་75ཡིན་པའི་རྒན་མོ་ཤི་ལོག་ཞབས་ཞུ་མའི་སྐྱོར་རོགས་འོག་ཕན་བདེ་ཁང་དུ་སྡོད་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།