ཟླ་6ཚེས་25ཉིན་ཤེས་རྟོགས་བྱུང་བར། འདི་ལོ་ཤར་ཚུན་ལྷ་ས་གྲོང་ཁྱེར་གྱིས་གོ་སྐབས་དམ་འཛིན་བྱས་ནས་རྣམ་གྲངས་བརྩོན་ལེན་དང་ལས་གྲྭའི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་སྤུས་ཚད་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་དེ་ཡོངས་ཀྱི་ལས་ཤག་དང་ཁང་གླ་ཁེ་བའི་སྡོད་ཁང་གི་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་མ་ནུས་ལྡན་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་འཛུགས་སྐྲུན་བྱེད་པའི་ལས་ཤག་དང་ཁང་གླ་ཁེ་བའི་སྡོད་ཁང་འཛུགས་སྐྲུན་གྱི་ཇུས་འགོད་ཐད་མི་རྩ་བར་འཛིན་པ་དང་སྡེ་ཁུལ་གྱི་ནུས་པ་དང་། སྤྱི་པའི་སྒྲིག་བཀོད། ཁོར་ཡུག་སོགས་ཀྱི་ཐད་མི་རིགས་ཀྱི་ཁྱད་ཆོས་གང་ལེགས་མངོན་པ་དང་སྡོད་ཁང་གི་སྲིད་ཇུས་རང་བཞིན་འགན་ལེན་དང་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་འོག་འཛུགས་སྐྲུན་གྱི་འགྲོ་གྲོན་གྲོན་ཆུང་གང་ཐུབ་བྱས་ཏེ་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་ཁུར་པོ་ཡང་དུ་གཏོང་གི་ཡོད།
མིག་སྔའི་བར་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་ལས་ཤག་ཆ་ཚང་1006ནང་གི་40%ལེགས་གྲུབ་བྱུང་བ་དང་ཚོད་དཔག་བྱས་ན་འདི་ལོའི་ལོ་མཇུག་ཏུ་སྡོད་ཐུབ་རྒྱུ་རེད།