དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གོང་དཀར་རྫོང་གི“དམངས་འཚོའི་འདུ་འགོད”ལ་གཡུར་ཟའི་འབྲས་བུ་ཐོབ་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་རྩེད་ཐང་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ། གོང་དཀར་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཐོག་གི་སྤྱིར་བཏང་གཏན་ནས་མིན་པའི “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་དམངས་འཚོར་དོ་ཁུར་དང་དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་གོང་དཀར་རྫོང་གི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བའི་ནང་གི་བཀྲག་མདངས་འཚེར་ས་ཆེ་ཤོས་སུ་གྱུར་ཡོད། ལོ་ལྔའི་རིང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་ཡོང་ཕྱིར་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དེ་ཐོག་མཐའ་བར་གསུམ་དུ་རྫོང་དེ་ཡོངས་ཀྱི་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་གཏོང་བའི་ལས་ཀའི་ལྷུ་ཚིགས་ཁག་ནང་ཁྱབ་པ་བྱེད་པ་དང “དམངས་འཚོའི་འདུ་འགོད ”ཁག་ལ་སྐུལ་མ་ཏན་ཏིག་བཏང་བས་ཚན་རིག་དང་། སློབ་གསོ། རིག་གནས། འཕྲོད་བསྟེན་བཅས་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་རེད།

        སློབ་གསོའི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ། གཅིག་ནི་འོས་འགན་སློབ་གསོར་གྲུབ་འབྲས་གསར་པ་ཐོབ་ཅིང་། ལོ་ལྔའི་རིང་རྫོང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་སློབ་གསོའི་མ་དངུལ་སྒོར་ཁྲི་2572བཏང་ནས “འགན་ལེན་གསུམ ”གྱི་ཚད་གཞི་ཆེས་ཆེར་མཐོ་རུ་འགྲོ་བ་དང “རྩ་ཆད་གཉིས་དང་ཁ་གསབ་གཅིག ”སོགས་སློབ་རོགས་སྲིད་ཇུས་སྒོ་ཀུན་ནས་དོན་འཁྱོལ་བྱུང་བས་སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་སློབ་ཞུགས་ཚད་གཞི་དེ་99.04%དང་99.8%ཟིན་ཡོད། གཉིས་ནི་སློབ་ཞུགས་གོང་གི་སློབ་གསོར་འཕེལ་རྒྱས་གསར་པ་བྱུང་ཞིང་། ལས་ཁུངས་ཀྱི་བུ་བཅོལ་ཁང་དང་སློབ་ཞུགས་གོང་གི་འཛིན་གྲྭ་བཙུགས་པ་དེར་ཞུགས་མཁན་བྱིས་པ་200ལྷག་ཙམ་ཟིན་པ་དང་སྐད་ཡིག་གཉིས་ཀྱི་ཐོག་ནས་སློབ་ཁྲིད་བྱ་རྒྱུ་བདེ་བླག་ངང་མངོན་འགྱུར་བྱུང་ཡོད། གསུམ་ནི་སློབ་ཁྲིད་ཀྱི་སྤུས་ཚད་ལ་གྲུབ་འབྲས་གསར་པ་ཐོབ་ཅིང་། 2007ལོ་ནས་བཟུང་སློབ་ཆུང་ཐོན་ནས་ནང་སའི་བོད་ལྗོངས་འཛིན་གྲྭར་ཚུད་ཚད་དེ་ལྷོ་ཁ་ས་ཁུལ་གྱི་ཨང་དང་པོར་སླེབས་པ་དང་བསྟུད་མར་ལོ་གསུམ་རིང་སློབ་མ་ཚུད་ཚད་ནི་ལྷོ་ཁ་ས་ཁུལ་གྱི་གསུམ་ཆ་གཅིག་ཟིན་པ་བཅས་རེད།

        འཕྲོད་བསྟེན་བྱ་གཞག་ལ་སྐུལ་མ་ཏན་ཏིག་ཐེབས་པ། གཅིག་ནི་སྨན་བཅོས་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་སོང་ཞིང་། ཞིང་འབྲོག་ཁུལ་དང་གྲོང་རྡལ་གྱི་སྨན་བཅོས་ལམ་ལུགས་སྒོ་ཀུན་ནས་ལག་ལེན་བསྟར་བས་ཁྱབ་ཚད་100%ཟིན་པ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་45637ཟིན་ནས་ཞུགས་ཚད་98%དང་ཁྱབ་ཚད་100%ཟིན་ཡོད། གཉིས་ནི་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་ཤིང་། ལོ་ལྔའི་རིང་མ་དངུལ་སྒོར་ཁྲི་414བཏང་ནས་ཤང་གྲོང་འཕྲོད་བསྟེན་ཁང་4གསར་སྐྲུན་དང་ཤང་གྲོང་འཕྲོད་བསྟེན་ཁང་3དང་མ་བུ་འཕྲོད་སྦྱོར་ཁང་1རྒྱས་སྐྲུན་བསྐྱར་སྐྲུན་བྱས་ནས་ལེགས་གྲུབ་བྱུང་ཚད་100%ཟིན་ཡོད། གསུམ་ནི་མ་བུའི་འཕྲོད་སྦྱོར་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་ཤིང་། མིག་སྔར་རྫོང་དེ་ཡོངས་སུ་སྨན་ཁང་དུ་བསྡད་དེ་ཕྲུ་གུ་སྐྱེས་ཚད་དེ་52.3%དང་སྦྲུམ་མ་ཤི་ཚད་172.1/ཁྲི་10ཙམ་ཆག་པ་བཅས་རེད།

        རིག་གནས་བྱ་གཞག་འཕེལ་རྒྱས་ཆེན་པོ་ཕྱིན་པ། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་རྫོང་དེ་ཡོངས་སུ “ཞིང་པའི་དཔེ་དེབ་ཁང ”18བཙུགས་ནས་ཆབ་སྲིད་དང་། དཔལ་འབྱོར། ལོ་ཆུང་བྱིས་པ། ཚན་རིག་ལག་རྩལ། རིག་གནས། སློབ་གསོ་སོགས་རིགས་456གི་དེབ་4942སྤྲད་པ། ཐད་གཏོང་སྲུང་སྐར་ས་ངོས་བསྡུ་ལེན་སྒྲིག་བཀོད་ཆ་ཚང་ཁྱོན་8396སྤྲད་པས་རླུང་འཕྲིན་དང་བཪྙན་འཕྲིན་ཁྱབ་ཚད་84%དང་93%སོ་སོར་ཟིན་པ། ལུང་པའི “ཀོ་གྲུའི་ཞབས་བྲོ ”དང་འཕྲེང་འགོའི་བྲོ་དེ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དང་འཛམ་གླིང་དངོས་མང་སྟོན་ཚོགས་རིང་འཁྲབ་སྟོན་བྱ་རྒྱུའི་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད། དུས་མཚུངས་འཕྲེང་འགོའི་བྲོ་དང་ལྕེ་བདེ་ཞོལ་གྱི་པང་གདན་བཟོ་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུག་བཞག་གི་རྣམ་གྲངས་ནང་ཚུད་ཡོད།

        སྤྱི་ཚོགས་འགན་ལེན་གྱི་ཁྱབ་ཁོངས་ཆེ་རུ་སོང་བ། ལོ་ལྔའི་རིང་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་དང་ལས་བྲལ་མི་སྣར་རྒན་གསོའི་དངུལ་ཁྱོན་སྒོར་ཁྲི་1344.45སྤྲད་ནས་གཏོང་སྤྲོད་བྱེད་ཚད་100%ཟིན་པ་མ་ཟད། རྒན་གསོའི་དངུལ་དེ་སྒོར་558ནས་སྒོར་745བར་མཐོ་རུ་བཏང་ཡོད། ལས་ཞུགས་དང་ལས་ཞུགས་བསྐྱར་མའི་ལས་དོན་ཧུར་ཐག་བསྒྲུབས་ནས་ལས་ཞུགས་གསོ་སྦྱོང་དང་། རྩལ་ནུས་གསོ་སྦྱོང་། སྲིད་གཞུང་གི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཉོ་བ་སོགས་བྱས་པ་བརྒྱུད་གྲོང་རྡལ་དུ་ལས་ཞུགས་མི་འབོར་342གསར་སྣོན་བྱུང་བ་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་19305གཞན་སྒྱུར་ཐུབ་ཡོད། ལོ་ལྔའི་རིང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད་དེ་3.8%ནང་ཚུན་དུ་ཚོད་འཛིན་ཐུབ་པ་དང “འགན་བཅོལ་ཆེ་ཁག་ལྔའི ”ནང་ཞུགས་མཁན་3882ཟིན་ནས་2010ལོར་འགན་བཅོལ་ཐེབས་རྩའི་སྤྱིའི་ཡོང་འབབ་སྒོར་ཁྲི་677.53ཟིན་ཡོད། མིག་སྔའི་བར་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་སྤྱི་ཚོགས་འགན་བཅོལ་མ་ལག་རིམ་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད།

        དམངས་སྲིད་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་། སྨན་བཅོས་སྐྱོབ་རོགས། འགན་ལེན་ལྔར་བསྙེན་བཀུར་བྱེད་པ་སོགས་སྤྱི་ཚོགས་རོགས་སྐྱོབ་ལས་ཀ་ཧུར་ཐག་བྱས་ནས་ལོ་ལྔའི་རིང་གྲོང་གསེབ་ཀྱི་མི་ཐེངས་1282ལ་སྨན་བཅོས་རོགས་སྐྱོབ་བྱས་པར་རོགས་སྐྱོབ་དངུལ་སྒོར་ཁྲི་231སྤྲད་པ་དང་། འགན་ལེན་ལྔའི་དུད་ཚང་གི་བསྙེན་བཀུར་དངུལ་སྒོར་ཁྲི་278.3སྤྲད་པ། རྫོང་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་4118ལ་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི་711སྤྲད་པ། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་588ལ་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི་446.4སྤྲད་པ། རང་བྱུང་གནོད་འཚེའི་རོགས་སྐྱོབ་དངུལ་སྒོར་ཁྲི་46སྤྲད་པ། འབྲུ་རིགས་མི་འདང་བ་ཐག་གཅོད་བྱེད་པར་མ་དངུལ་སྒོར་ཁྲི་115.2སྤྲད་པ་བཅས་དང་དུས་མཚུངས་བསྙེན་བཀུར་ཁང་6གསར་སྐྲུན་བྱས་པ་དེར་མི་ཧྲེང་རྒན་རྒོན་89ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།