དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་ཀྱིས་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་ཉེ་ཆར་འཚོགས་པའི་རྒྱལ་ཡོངས་ཀྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་སྤུས་ཚད་དོ་དམ་གྱི་བཪྙན་འཕྲིན་ཁ་པར་ཚོགས་འདུའི་བོད་ལྗོངས་ཡན་ལག་ཚོགས་ར་ནས་ཤེས་རྟོགས་བྱུང་གསལ། འདི་ལོར་རང་ལྗོངས་ཀྱིས་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

        ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོར་རང་ལྗོངས་ལ་ཁང་གླ་ཁེ་བའི་སྡོད་ཁང་2000བསྐྲུན་རྒྱུའི་འཆར་གཞི་ཡོད་པ་དེའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི་12ཡོད་པ་དང་། ལས་ཤག་5700བསྐྲུན་རྒྱུའི་འཆར་གཞི་ཡོད་ཅིང་། མིག་སྔར་རྒྱལ་ཁབ་དང་རང་ལྗོངས་ཀྱི་གསབ་དངུལ་སྤྱིར་ན་དོན་འཁྱོལ་བྱུང་ནས་ཉེ་དུས་འཛུགས་སྐྲུན་འཆར་གཞི་དང་མ་དངུལ་གཤམ་སྤྲོད་བྱས་ཏེ་གང་མྱུར་འཛུགས་སྐྲུན་བྱེད་འགོ་འཛུགས་རྒྱུ་བཀོད་སྒྲིག་བྱེད་རྒྱུ་དང་། འདི་ལོར་རང་ལྗོངས་ཀྱིས་བོགས་གཏོང་གཞུང་ཁང་1200བསྐྲུན་རྒྱུ་ཡིན་ཞིང་། མིག་སྔར་ས་ཁུལ་ཁ་ཤས་ཀྱི་དུས་འགོའི་ལས་དོན་སྤྱིར་ན་ལེགས་གྲུབ་བྱུང་བའི་ཁར་ཐོག་མའི་ཇུས་འགོད་ལ་ཞིབ་བཤེར་ཐོབ་ནས་འོས་སྐུལ་འོས་དཔོད་ལས་དོན་སྤེལ་བཞིན་ཡོད་པ་དང་ཟླ་6པའི་ཟླ་དཀྱིལ་དུ་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་འགོ་ཚུགས་རེ་ཡོད་པ་དང་། དེ་དང་ཆབས་ཅིག་རང་ལྗོངས་ཀྱི་བོགས་གཏོང་གཞུང་ཁང་གི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འཛུགས་སྐྲུན་མ་དངུལ་ཁ་གསབ་ཚད་གཞི་ཡང་སྤྱིར་ན་ཁ་གསལ་བྱུང་ནས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འཛུགས་སྐྲུན་མ་དངུལ་ཁ་གསབ་དེ་ལས་གྲྭ་གཙོ་བོའི་མ་འཇོག་གི་80%ལྟར་སྤྲོད་རྒྱུ་ཡིན་ཞིང་། ས་ཁུལ་དང་རྫོང་ཁག་གི་ལེ་ལག་ཚང་བའི་ལས་གྲྭ་གཙོ་བོའི་མ་འཇོག་གི་20%དང་ལས་གྲྭ་གཙོ་བོའི་མ་འཇོག་ནི་ཁང་གླ་ཁེ་བའི་སྡོད་ཁང་གི་མ་འཇོག་ཚད་གཞི་ལྟར་སྤྲོད་རྒྱུ་ཡིན་པ་རེད།

        གྲོང་ཁྱེར་དང་གྲོང་རྡལ་དང་གཞུང་ཁོངས་བཟོ་གཏེར་ཁེ་ལས་ཀྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཐད་འདི་ལོར་རང་ལྗོངས་ཀྱིས་གྲོང་ཁྱེར་གྱི་སྡོད་ཁང་སྐྱོ་ཁུལ་གྱི་དུད་ཚང 2985དང་། གཞུང་ཁོངས་བཟོ་གཏེར་གྱི་སྡོད་ཁང་སྐྱོ་ཁུལ་གྱི་དུད་ཚང 938 ནགས་ལས་ཀྱི་སྡོད་ཁང་སྐྱོ་ཁུལ (ཉེན་ཁང་དང་ཁང་ཪྙིང )གྱི་དུད་ཚང 801བཅས་ཀྱི་སྒྱུར་བཀོད་ལས་འགན་ལེགས་སྒྲུབ་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་། ཉེ་ཆར་ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱི་ཁ་གསབ་ཀྱི་མ་དངུལ་གཏན་འཁེལ་བྱུང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཐད་དུད་ཚང་རེར་སྒོར་ཁྲི་2དང་གཞུང་ཁོངས་བཟོ་གཏེར་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཐད་དུད་ཚང་རེར་སྒོར་ཁྲི་1.5ལྟར་ཁ་གསབ་སྤྲོད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།