དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་ཀྱི་འགན་བཅོལ་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་འགན་བཅོལ་ལས་རིགས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། འཕེལ་རྒྱས་དང་བརྟན་ལྷིང་གི་དོན་ཆེན་གཉིས་ལ་དམིགས་ནས་ཁྲོམ་ར་དང་སྲིད་གཞུང་གི་སྟོབས་ཤུགས་གཉིས་ལེགས་པར་སྤྱོད་རྒྱུར་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱས་པ། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་རྨང་གཞིའི་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་པ། སྲིད་ཇུས་ཀྱི་ཁྲིད་སྟོན་དང་རྒྱབ་སྐྱོར་ལ་བརྟེན་ནས་ལས་རིགས་འཕེལ་རྒྱས་གཏོང་བའི་མཉམ་ཤུགས་ཆགས་ཐབས་བྱས་པ་བཅས་ལས་ལས་རིགས་དེ་ཡོངས་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་ཤེས་རྟོགས་བྱུང་།

        འགན་བཅོལ་མ་ལག་རིམ་བཞིན་འཐུས་ཚང་དུ་སོང་ནས་ལས་གཉེར་ཕན་འབྲས་ལེགས་སུ་ཕྱིན་ཞིང་། 2007ལོ་ནས་བཟུང་རང་ལྗོངས་ཀྱི་འགན་བཅོལ་ལས་རིགས་ལ་ལོ་ལྟར་འགན་བཅོལ་འགྲོ་གྲོན་ཡོང་འབབ་འཕར་མ་སྒོར་དུང་ཕྱུར་1གི་འགག་སྒོ་ཆེན་པོ་ལས་སྒྲོལ་བ་དང་། 2010ལོའི་འགན་བཅོལ་འགྲོ་གྲོན་ཡོང་འབབ་སྒོར་དུང་ཕྱུར་5.06ཟིན་པ་དེ་2005ལོའི་ལྡབ་3.2ཡིན་པ་དང་། ལོར་འཕར་ཚད་21.01%ཟིན་གྱི་ཡོད་པ་རེད། འདས་ཟིན་པའི་ལོ་5ཡི་རིང་ལྗོངས་ཡོངས་ཀྱི་འགན་བཅོལ་ཁྲོམ་རའི་ཕྱི་ཕྱི་ཕྱོཌ་ལ་བློ་ཡིད་འགུཌ་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་འབྲེལ་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། ད་ཆ་ལྗོངས་ཡོངས་སུ་རིམ་ཁག་འགན་བཅོལ་སྒྲིག་གཞི་35ཡོད་པ་དེ་2005ལོའི་ལོ་མཇུག་ལས་སྒྲིག་གཞི་27མང་དུ་སོང་ཞིང་། འགན་བཅོལ་ཆེད་ལས་ཀྱི་མཚམས་སྦྱོར་སྒྲིག་གཞི་མེད་པ་ནས་ཡོད་པའི་བར་འཕེལ་རྒྱས་སོང་ནས་ད་ཆ་འགན་བཅོལ་ཆེད་ལས་ཚབ་བྱེད་སྒྲིག་གཞི་2དང་འགན་བཅོལ་གཉེར་སྐྱོང་སྒྲིག་གཞི་1ཡོད་པ་རེད། ལྗོངས་ཡོངས་སུ་འགན་བཅོལ་དང་ལས་སྒོ་འཐུས་ཚབ་གཅིག་ལྕོགས་བྱེད་མཁན་སྒྲིག་གཞི་90ཡོད་པས་རྒྱུ་ནོར་འགན་བཅོལ་ཀུང་སི་དང་། སྲོག་རྟེན་འགན་བཅོལ་ཀུང་སི། འགན་བཅོལ་ཆེད་ལས་མཚམས་སྦྱོར་སྒྲིག་གཞི་བཅས་ཀྱི་རིམ་དམའི་འཕེལ་རྒྱས་ཁུལ་གྱི་འགན་བཅོལ་ཁྲོམ་རའི་མ་ལག་ཅིག་རིམ་བཞིན་ཆགས་ཡོད་པ་རེད། ཀྲུང་གོ་སྲོག་རྟེན་འགན་བཅོལ་བོད་ཡན་ལག་ཀུང་སིར་ཆ་བཞག་ན། ལོ་5ཡི་རིང་ཀུང་སི་དེའི་སྒྲིག་གཞི་ལྗོངས་ཡོངས་སུ་27བར་འཕེལ་རྒྱས་སོང་ནས་འགན་བཅོལ་འགྲོ་གྲོན་ཡོང་འབབ་སྒོར་ཁྲི་136903བྱུང་ཡོད་པ་རེད།

        གཙོ་གནད་ཁྱབ་ཁོངས་ཀྱི་འགན་བཅོལ་ལས་སྒོ་འཕེལ་རྒྱས་ཤུགས་ཆེན་ཕྱིན་ནས་འགན་བཅོལ་རྣམ་གྲངས་མང་དུ་སོང་ཞིང་། འདས་ཟིན་པའི་ལོ་5ཡི་རིང་ལྗོངས་ཡོངས་ཀྱི་འགན་བཅོལ་ལས་རིགས་ཀྱིས་འགན་བཅོལ་ལས་སྒོའི་སྒྲིག་གཞི་ལེགས་སྒྲིག་བྱས་ནས་གཙོ་གནད་ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་ཟབ་པའི་འགན་བཅོལ་ལས་སྒོ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། 2010ལོར་ལས་གྲྭའི་འགན་བཅོལ་ཐད་འགན་བཅོལ་འགྲོ་གྲོན་ཡོང་འབབ་སྒོར་ཁྲི་3311བྱུང་བ་དེ་2005ལོའི་ལྡབ་6.1དང་ཡུལ་སྐོར་ལས་རིགས་ཀྱི་འགན་བཅོལ་ཐད་འགན་བཅོལ་ཡོང་འབབ་སྒོར་ཁྲི་1813.5ཟིན་པ་དེ་2005ལོའི་ལྡབ་13.2ཟིན་པས་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་འགྲོ་བར་རྒྱབ་སྐྱོར་ནུས་ལྡན་བྱུང་ཡོད། འགན་འཁྲིའི་འགན་བཅོལ་ཐད་འགན་བཅོལ་འགྲོ་གྲོན་ཡོང་འབབ་སྒོར་ཁྲི་3428ཟིན་པ་དེ་2005ལོའི་ལྡབ་4.5ཟིན་པས་རང་བྱུང་གནོད་འཚེ་དང་བསམ་ཡུལ་ལས་འདས་པའི་དོན་རྐྱེན་དབང་གིས་སྲིད་གཞུང་གི་རོགས་སྐྱོར་གནོན་ཤུགས་ཧ་ཅང་ཆུང་དུ་ཕྱིན་པ་དང་ཁེ་ལས་དང་མང་ཚོགས་ཀྱི་དཔལ་འབྱོར་གྱོང་གུན་ཁ་གསབ་ཐུབ་ཡོད་པ་རེད།

        འགན་བཅོལ་ཞབས་ཞུ་ལེགས་སུ་བཏང་ནས་དམངས་འཚོར་ཕན་པ་བསྐྲུན་རྒྱུར་ཚད་བརྒལ་གསར་པ་བྱུང་ཞིང་། རང་ལྗོངས་ཀྱི་འགན་བཅོལ་ལས་རིགས་ཀྱིས་འགན་བཅོལ་སྒྲིག་གཞིའི་ཉེན་ཟོན་ཆེད་ལས་ཀྱི་ལེགས་ཆ་བཏོན་ནས་འགན་བཅོལ་ནང་ཞུགས་མཁན་ལ་ཉེན་ཟོན་བརྟག་དཔྱད་དབྱེ་ཞིབ་དང་དེ་བཞིན་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ལས་ཀར་ཁྲིད་སྟོན་དང་རོགས་རམ་བྱས་ཤིང་། ས་ཁུལ (གྲོང་ཁྱེར )དང་རྫོང་རིམ་པའི་སྒྲིག་གཞི་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་འགན་བཅོལ་ནང་ཞུགས་རྒྱུར་སྟབས་བདེ་ཡོང་བར་བྱས་པ་དང་། ཚགས་པར་དང་། རླུང་འཕྲིན། བཪྙན་འཕྲིན། དྲ་བ་སོཌ་གསར་འགྱུར་སྨྱན་སྦྱོར་ཐབས་ལམ་ལ་བརྟེན་ནས་འགན་བཅོལ་ཤེས་བྱ་དྲིལ་བསྒྲགས་སློབ་གསོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་འགན་བཅོལ་འདུ་ཤེས་ཟབ་ཏུ་བཏང་ཡོད།

        འགན་བཅོལ་དང་འབྲེལ་བའི་ཡིག་འབུལ་ངོ་བཅར་གྱི་ཞུ་གཏུག་གྱོད་གཞི་དང་ལེན་དང་ཐག་གཅོད་ཡག་པོ་བྱས་ནས་འགན་བཅོལ་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཤིང་། ལོ་5ཡི་རིང་ལས་རིགས་དེ་ཡོངས་ཀྱིས་རིགས་མི་འདྲ་བའི་སྐྱིན་ཚབ་དངུལ་སྒོར་དུང་ཕྱུར་7.56འཇལ་ཡོད། ཀྲུང་གོ་སྲོག་རྟེན་འགན་བཅོལ་བོད་ཡན་ལག་ཀུང་སིས་2006ལོར་རང་ལྗོངས་སུ་འགན་བཅོལ་ལས་རིགས་ཀྱིས “ཞིང་གསུམ ”གྱི་འགན་བཅོལ་ཚོད་ལྟའི་ལས་ཀ་སྤེལ་ཚུན “ཞིང་གསུམ ”གྱི་འགན་བཅོལ་ནང་ཞུགས་མཁན་ཞིང་པ་མི་ཐེངས་ཁྲི་64.62ཟིན་པར་སྒོར་དུང་ཕྱུར་236གི་ཉེན་ཟོན་འགན་བཅོལ་བྱས་པ་དང་སྒོར་ཁྲི་9358.92ཀྱི་གྱོང་གུན་གསབ་པས་ཞིང་པ་མི་ཐེངས་ཁྲི་8.3ལ་ཕན་པ་ཐོབ་པ་དང་གྱོང་གུན་འཇལ་བའི་ཚོགས་འདུ་ཐེངས་55འཚོགས་ཡོད་པ་རེད། གྱོང་གུན་འཇལ་བའི་ཚོགས་འདུ་འཚོཌ་རིམ་དུ་ཞིང་འབྲོག་པ་ཚོས་དུས་ཆེན་གཏོང་བ་ལྟར་གླུ་ལེན་གར་འཁྲབ་བྱེད་པ་དང “གུང་ཁྲན་ཏང་ཐུགས་རྗེ་ཆེ ”དང “མི་དམངས་སྲིད་གཞུང་ཐུགས་རྗེ་ཆེ ”སོགས་ཀྱི་སྦྱར་ཚིག་འགེལ་བ་དང “ཞིང་གསུམ ”གྱི་འགན་བཅོལ་ལས་ཀ་དེ་ཉིན་བཞིན་བོད་རིགས་མང་ཚོགས་ཁྲོད་འགན་བཅོལ་ཅི་ཡིན་ཤེས་རྟོགས་བྱེད་པའི་སྐར་ཁུང་ལྟ་བུར་གྱུར་པ་དང་འགན་བཅོལ་ལས་ཐོབ་པའི་གྲུབ་འབྲས་ཀྱིས་མང་ཚོགས་ལ་ཕན་པ་ཐོབ་པར་བྱེད་པའི་ཐབས་ལམ་གཙོ་བོར་གྱུར་ཡོད།

        རང་ལྗོངས་ཀྱི་འགན་བཅོལ་ལས་རིགས་ཀྱིས་ཁེ་ལས་ནང་ཁུལ་ཟམ་མི་ཆད་པར་ཚད་ལྡན་ཡོང་བ་དང་ཀུང་སིའི་ནང་ཁོངས་གཅུན་འདོམས་ལ་ཤུགས་སྣོན་བརྒྱབ་ནས་ཉེན་ཟོན་ལྟ་སྐུལ་དང་། སྔོན་བརྡ་གཏོང་བ། ཐག་གཅོད་བྱ་རྒྱུ་བཅས་ཀྱི་མ་ལག་འཛུགས་ཤུགས་ཆེ་རུ་བཏང་ཞིང་། འགན་བཅོལ་སྒྲིག་གཞིའི་ནང་ཉེན་ཟོན་ཐག་གཅོད་མ་ལག་ཡོངས་ཁྱབ་ཏུ་བཙུགས་པ་དང་། ལྗོངས་ཡོངས་ཀྱི་འགན་བཅོལ་ཁྲོམ་རའི་སྒྲིག་ལམ་ཅུང་ཚད་ལྡན་དང་འགན་བཅོལ་ལྟ་སྐུལ་དོ་དམ་བྱེད་པའི་གཏན་འབེབས་ཁག་ལག་བསྟར་དོན་འཁྱོལ་ལེགས་ཙམ་བྱུང་བ། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཐེབས་པ། 2010ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་འགན་བཅོལ་ལས་ཀ་བྱེད་མཁན་1420ཟིན་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།