དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་སུ་སློབ་གྲྭ་འབྲིང་ཆུང་གི་སློབ་མར《ན་སོ་དར་ལ་མ་བབས་པའི་མིའི་བདེ་འཇགས་དང་སྔོན་འགོག་རང་སྐྱོབ》ཀྱི་ཚན་རིག་ཁྱབ་གདལ་དང་དཔེ་དེབ་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་19ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པ་ནས་ཤེས་རྟོགས་བྱུང་གསལ། ན་སོ་དར་ལ་མ་བབས་པའི་མིའི་བདེ་འཇགས་དང་སྔོན་འགོག་རང་སྐྱོབ་ཤེས་བྱ་དྲིལ་བསྒྲགས་བྱེད་པ་དང་། གེགས་བར་ཁྲོད་སྲོག་ཉེན་ལས་ཐར་ཐབས་བྱེད་པའི་རྒྱུན་ཤེས་ཁྱབ་གདལ་གཏོང་བ། ལས་འཛོལ་ཐོན་ཉུང་དུ་གཏོང་བ་བཅས་བྱ་ཆེད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པས་ས་ཁུལ་གྲོང་ཁྱེར་ཁག་དང་འབྲེལ་ཡོད་ཁེ་ལས་དང་བྱ་གཞག་ཚན་པ་ཁག་ལ 《གཅེས་སེམས་ལ་བརྟེན་ནས་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པ་ཞེས་པའི་གཅེས་སེམས་མཚོན་པའི་ཞལ་འདེབས་རྒྱག་པའི་གྲོས་ཡིག 》སྤྲིངས་ཏེ་ལྗོངས་ཡོངས་སུ་སློབ་གྲྭ་འབྲིང་ཆུང་གི་སློབ་མར 《ན་སོ་དར་ལ་མ་བབས་པའི་མིའི་བདེ་འཇགས་དང་སྔོན་འགོག་རང་སྐྱོབ 》ཀྱི་ཚན་རིག་ཁྱབ་གདལ་དང་དཔེ་དེབ་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་བ་རེད།

        བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པས་ད་དུང་ཞལ་འདེབས་རྒྱག་ཡུལ་གྱི་རྩིས་ཐོའི་ཨང་གྲངས་དང་དེ་བཞིན་འབྲེལ་བ་བྱ་ཡུལ་ཁྱབ་བསྒྲགས་བྱས་པ་སྟེ། ཐོ་འགོད་མིང་ལ་བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པ་དང་། དངུལ་བཅོལ་ཐོ་ཁུངས་འཛུགས་ཡུལ་ཀྲུང་གོ་དངུལ་ཁང་ལྗོངས་ཡན་ལག་དངུལ་ཁང་། ཞལ་འདེབས་རྒྱག་ཡུལ་གྱི་རྩིས་ཐོའི་ཨང་གྲངས་138800002598 འབྲེལ་བ་བྱ་ཡུལ་ཐང་ཡན་དང་ཧན་ཝུན་ཅོན། འབྲེལ་གཏུག་ཁ་པར་6384099དང་། 6383609 6860096 13989082761བཅས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།