དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྤོ་བོ་རྫོང་ལ་རྒྱལ་ཡོངས་དབང་པོ་སྐྱོན་ཅན་ལས་དོན་གྱི་སྔོན་ཐོན་ཚན་པའི་གཟི་བརྗིད་མཚན་སྙན་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་19ཉིན་གནས་ཚུལ་འབྱོར་གསལ། ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་གསར་འགོད་པར་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་6ཚེས་19ཉིན་པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་དབང་པོ་སྐྱོན་ཅན་བྱ་གཞག་ལས་དོན་ཚོགས་འདུ་ཐེངས་བཞི་པའི་ཐོག་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་དབང་པོ་སྐྱོན་ཅན་གྱི་ལས་དོན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་དབང་གིས་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས “རྒྱལ་ཡོངས་དབང་པོ་སྐྱོན་ཅན་ལས་དོན་གྱི་སྔོན་ཐོན་ཚན་པའི ”གཟི་བརྗིད་མཚན་སྙན་གནང་བ་རེད།

        ཉེ་བའི་ལོ་ཤས་རིང་སྤོ་བོ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་དབང་པོ་སྐྱོན་ཅན་གྱི་ལས་དོན་ལ་མཐོང་ཆེན་བྱས་ཏེ་རིམ་ཁག་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་ཆབས་ཅིག “དམིགས་བསལ་བཞི ”བརྒྱུད་དབང་པོ་སྐྱོན་ཅན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་དབང་པོ་སྐྱོན་ཅན་ལ་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་པས་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་ལེན་མ་ལག་དང་ཞབས་ཞུའི་མ་ལག་རིམ་བཞིན་འཐུས་ཚང་དུ་སོང་ཡོད་ལ། དབང་པོ་སྐྱོན་ཅན་གྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་སོང་ནས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཞིག་ཆགས་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།