དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཀྱིས་ཞིང་འབྲོག་པ་ཚོང་ལས་འགན་བཅོལ་ནང་བཅུག་ནས་ནད་ལྕི་བའི་སྨན་རིན་རྩིས་ཞུའི་དངུལ་འབོར་མང་དུ་གཏོང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་15ཉིན་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གི་ཐིང་ཀྲང་ཕུར་བུ་སྒྲོལ་མས་སྲིད་གཞུང་གིས་ཆེད་དོན་མ་དངུལ་སྒོར་ཁྲི་2300ཙམ་བཏང་ནས་བོད་ཀྱི་ཞིང་འབྲོག་པ་མི་རེར་ཆ་སྙོམས་འགན་བཅོལ་དངུལ་སྒོར་10རེ་བཏང་སྟེ་ཚོང་ལས་འགན་བཅོལ་ནང་ཞུགས་པར་བརྟེན་ནས་ནད་ལྕི་སྨན་བཅོས་ཀྱི་འགན་ལེན་བྱེད་ཚད་མཐོ་རུ་གཏོང་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བྱ་ཐབས་དེ་འདི་ལོའི་ཟླ་བདུན་པ་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

        ངོ་སྤྲོད་བྱས་པར་གཞིགས་ན། གལ་ཏེ་ཞིང་འབྲོག་པར་དབང་པོ་སྤོ་འཛུགས་བྱེད་པ་སོགས་ཀྱི་ནད་ཚབས་ཆེན་དང་ལྕི་པོ་ཕོག་ཚེ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་རྩིས་ཞུའི་དངུལ་འབོར་མང་ཤོས་ཀྱིས་ཀྱང་མི་འདང་སྟབས་ཚོང་ལས་འགན་བཅོལ་ནང་ཞུགས་པར་བརྟེན་ནས་ཞིང་འབྲོག་པའི་རྩིས་ཞུའི་དངུལ་འབོར་མཐོ་ཤོས་དེ་སླར་ཡང་མང་དུ་བཏང་སྟེ་སྒོར་ཁྲི་5ལས་མི་དམའ་བ་བྱ་རྒྱུ་ཡིན་པ་དེ་ཐོག་ནས་ཞིང་འབྲོག་པ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་དང་ཚོང་ལས་འགན་བཅོལ་ནང་ཞུགས་པར་བརྟེན་ནས་གཏོང་སྤྲོད་མང་ཤོས་ཀྱི་བཅད་འབོར་དེ་སྒོར་ཁྲི་10ལས་མི་དམའ་བ་བྱ་རྒྱུ་ཡིན་པ་མཚོན་ཡོད། གཞན་ཡང་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཁྲོད་ཞིང་འབྲོག་པ་སྨན་ཁང་དུ་སྡོད་པར་ཞིང་འབྲོག་ཁུལ་གྱི་སྨན་བཅོས་རྩིས་ཞུའི་ཁ་གསབ་ཐོབ་པ་ཕུད་ནད་ལྕི་པོ་ཕོག་པའི་རྐྱེན་གྱིས་ཁྱིམ་ཚང་གི་གཞི་རྩའི་འཚོ་བ་ཕྱིད་དཀའ་བར་རྫོང (གྲོང་ཁྱེར་དང་རང་སྐྱོང་ལྗོངས )དམངས་སྲིད་སྲིད་འཛིན་སྡེ་ཚན་གྱིས་སྨན་བཅོས་སྐྱོབ་རོགས་བྱས་ཏེ་མི་རེར་ལོ་འཁོར་རེར་སྨན་བཅོས་སྐྱོབ་རོགས་ཀྱི་དངུལ་འབོར་མཐོ་ཤོས་སྒོར་ཁྲི་6གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།