དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “གཅེས་སྐྱོང་ཨ་མས”གཅེས་སེམས་མཚོན་པའི་སྦ་ལན་སླ་བ།

  • ཡོང་ཁུངས།  བོད་ལྗོངས་ཁྲིམས་ལུགས་ཚགས་པར།   |     སྤེལ་དུས།  2015-05-15

        “ཨ་ཁུ་དང་ཨ་ཅ་ལགས་ཚོས་ང་ཚོར་སྦ་ལན་སླ་བ་མཐོང་དུས་སེམས་དྲོ་སོབ་སོབ་ཏུ་གྱུར་སོང ”ཞེས་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གྲྭའི་སློབ་མ་སྒྲོལ་མས་ལག་བརྡ་བརྒྱབ་ནས་བཤད། ཉེ་ཆར་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་2011ལོའི “བྱམས་བརྩེ་ཆེན་པོའི་བྱ་སྤྱོད ”བྱེད་སྒོ་སྤེལ་ནས་རོགས་སྐྱོར་བྱ་ཡུལ་བྱིས་པའི་འཐུས་མིར་གཅེས་སེམས་མཚོན་པའི་སྦ་ལན་སྤྲད་པ་རེད། མཛད་སྒོ་སྤེལ་ཡུལ་དུ་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས “གཅེས་སྐྱོང་ཨ་མ ”ཚོར་སྤུན་དོག་སྤྲད་མ་ཐག “ཨ་མ ”མི་ཉུང་བ་ཞིག་གིས་ལམ་སེང་གཅེས་སེམས་མཚོན་པའི་སྦ་ལན་སླ་འགོ་བཙུགས་ཤིང་། འདི་ནི་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའི་ཧྲུའུ་ཅི་ཝང་ཧུད་ལིང (གཡས )དང་། ལྗོངས་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་ཝུའུ་ཨའེ་ཀྲེན (དཀྱིལ ) ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲོའུ་ཧྲེ་དབྱིན (གཡོན )བཅས་ཀྱིས་2011ལོའི “བྱམས་བརྩེ་ཆེན་པོའི་བྱ་སྤྱོད ”སྤེལ་འགོ་ཚུགས་པའི་མཛད་སྒོའི་སྐབས་གཅེས་སེམས་མཚོན་པའི་སྦ་ལན་སླ་བའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།