དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “ཤ་ཚལ་སྒོང”གསུམ་གྱི་འདུ་འགོད་འཛུགས་སྐྱོང་ལ“གསར་གཏོད”མང་ཙམ་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        “ཤ་ཚལ་སྒོང ”གསུམ་གྱི་ཐོན་སྐྱེད་དང་མཁོ་འདོན་རྟེན་གཞི་བཙུགས་ནས “ཤ་ཚལ་སྒོང ”གསུམ་གྱི་འདུ་འགོད་ཀྱི་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་བ་དང་མཁོ་འདོན་འགན་ལེན་ལམ་སྲོལ་བཟོ་བ་དང་འཐུས་ཚང་དུ་བཏང་བས “ཤ་ཚལ་སྒོང ”གསུམ་གྱི་ཐོན་སྐྱེད་གྲུབ་ཆ་ལུགས་དང་མཐུན་པ་དང་། སྤྱི་འབོར་ལས་དགོས་མཁོ་སྐོང་བ། སྣ་ཁ་སྔར་བས་ཕུན་སུམ་ཚོགས་པ། སྟངས་འཛིན་འགན་ལེན་ནུས་ལྡན་ཡིན་པ། དུས་ཚིགས་ཀྱི་མཁོ་འདོན་དོ་མཉམ་ཡིན་པ། ཞིང་འབྲོག་པར་བསྟུད་མར་ཡོང་འབབ་འཕར་བ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་བ་རེད། དེ་དང་ཆབས་ཅིག་སྨྱུག་འཛིན་པས་གཤམ་གྱི་ཕྱོགས་འགའི་ཐད་ནས “ཤ་ཚལ་སྒོང ”གསུམ་གྱི་འདུ་འགོད་འཛུགས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་ཆོག་པར་སྙམ།

        ཟོག་འགྲེམས་གསོག་འཇོག་རྟེན་གཞི་བཙུགས་ནས་སྲན་ལྗང་དང་། བྱེ་མ་ཀ་ར། སྒོག་པ་སོགས་ཐོན་རྫས་གསོག་འཇོག་མང་དུ་བྱ་དགོས། ན་ནིང་བྱེ་མ་ཀ་ར་དང་། སྲན་མ། སྒོག་པ་སོགས་ཞིང་ལས་ཐོན་རྫས་ཀྱི་རིན་གོང་ཆེས་ཆེར་འཕར་བས་ཚང་མར་དངངས་འཚབ་བྱུང་ཡོད། ཟོག་འགྲེམས་གསོག་འཇོག་རྟེན་གཞི་བཙུགས་ཚེ་ནང་སའི་མཁོ་འདོན་ཁྲོམ་རའི་ཟོག་གོང་འཕར་ཆག་འགོག་པར་ཕན་པ་དང་རྒྱུ་སྤུས་ལ་དོ་དམ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་དགོས་མཁོ་སྐོང་བར་ཡང་ཕན་ཐོགས་ཡོད་པ་རེད།

        སྡེ་ཁུལ་དུ་སྔོ་ཚལ་ཐད་ཚོང་ཁང་བཙུགས་ཏེ་ལུགས་མཐུན་གྱི་ཁྱབ་ཁོངས་སུ་ཁེ་སྤོགས་ཚོད་འཛིན་བྱ་དགོས། གཉེར་སྐྱོང་གི་ལྟ་ཚུལ་ལྡན་པའི་སྡེ་ཁུལ་གྱི་ཡུལ་མི་མང་པོས་རང་ཁྱིམ་གྱི་སྒོ་འགྲམ་དུ་ཚལ་ཁྲོམ་བཏོན་ནས་རང་ཉིད་ལ་ཡོང་འབབ་བསགས་པ་མ་ཟད་ཁྱིམ་མཚེས་ལའང་སྟབས་བདེ་བྱུང་བ་རེད། ཁོང་ཚོ་མང་ཆེ་བ་ནི་ཞོགས་པ་སྔ་པོ་ནས་ཉང་བྲན་ལམ་གྱི་ཚལ་ཁྲོམ་དུ་བསྐྱོད་ནས་སྔོ་ཚལ་སྡེབ་ཉོ་བྱེད་པ་རེད། སྡེ་ཁུལ་གྱི་སྔོ་ཚལ་ཐད་ཚོང་ཁང་དེ་སྔོན་མ་ནས་རང་ཁྱིམ་གྱི་སྒོ་འགྲམ་དུ་ཚལ་ཚོང་མཁན་ཡུལ་མིས་གཉེར་སྐྱོང་བྱེད་པར་ཐོག་མར་བསམ་བློ་གཏོང་ཆོག་པ་དང་དུས་མཚུངས་བདེ་འཇགས་དང་འཕྲོད་བསྟེན་སོགས་སྤྱི་པའི་ཞབས་ཞུར་ཤུགས་སྣོན་རྒྱག་དགོས།

        གྲོང་ཁྱེར་ཡོངས་སུ་ཁྱབ་པའི་སྔོ་ཚལ་ཐོན་སྐྱེད་དང་ཕྱིར་ཚོང་གི་ཆ་འཕྲིན་ཐད་ཞུའི་ས་ཚིགས་དྲ་བ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སྒོ་རྩིས་ཚོང་ཁང་དང་སྔོ་ཚལ་ཆེད་ལས་མཉམ་ལས་ཁང་བར་དུས་བཀག་ནང་འབྲེལ་གཏུག་བྱེད་པའི་ལམ་སྲོལ་བཟོ་རོགས་བྱེད་པ་དང་། ཞིང་པ་དང་སྒོ་རྩིས་ཚོང་ཁང་འབྲེལ་མཐུད་བྱེད་པའི་ཚན་རིག་ཅན་གྱི་ཐད་ལས་དོན་འབོར་ཆེན་སྒྲུབ་ནས་སྔོ་ཚལ་དགོས་མཁོ་ལྟར་ཐོན་སྐྱེད་བྱེད་བདེ་བ་དང་མཁོ་སྤྲོད་ཀྱི་འགལ་བ་སེལ་དགོས།

        གོང་སྨོས་ཀྱི་བྱ་ཐབས་དེ་དག་གིས་རང་སའི་ཞིང་ལས་ཐོན་རྫས་ལ་ཕྱི་ཡོང་ཐོན་རྫས་ཀྱི་རིན་གོང་གི་ཤུགས་རྐྱེན་ཐེབས་པའི་འགོག་སྲུང་ནུས་པ་ཆེ་རུ་གཏོང་ཐུབ་པ་མ་ཟད། ད་དུང་བར་གྱི་འཁོར་རྒྱུག་ལྷུ་ཚིགས་ཉུང་དུ་བཏང་ནས་སྔོ་ཚལ་གྱི་རིན་གོང་བརྟན་དུ་གཏོང་བ་དང་། སྔོ་ཚལ་ཞིང་པ་དང་། སྔོ་ཚལ་འདེབས་འཛུགས་ལྷན་ཚོགས། རིམ་ཁག་སྡེབ་ཚོང་ཚོང་པ། སིལ་ཚོང་ཚོང་པ། འཛད་སྤྱོད་པ་བཅས་ཀྱི་ཁེ་ཕན་ལ་བགོ་བཤའ་དང་ལེགས་སྒྲིག་ཐུབ་སྟེ་་གྲོང་མི་རྣམས་ཀྱིས་ཚལ་ཉོ་རྒྱུར་སྔར་བས་སྟབས་བདེ་དང་དངོས་ཕན་མང་བ་ལོངས་སུ་སྤྱོད་ཐུབ་པར་ངེས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།