དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རྟ་དམག་བའི་བུ་རྒྱུད་ཀྱི་དེང་གི་བདེ་སྐྱིད་འཚོ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        “ལྷ་ཡུལ ”དང “ཇོ་མོ་གླང་མའི་མེ་ཏོག་ལྡུམ་ར ”ཞེས་གྲགས་པའི་སྐྱིད་གྲོང་དུ་དམིགས་བསལ་གྱི་རང་བྱུང་གྲོང་རྡལ་གཅིག་ཡོད། གྲོང་མིའི་ཡོངས་ཁུངས་དེ་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་མཇུག་བར་ཁུངས་འདེད་ཆོག་པ་དང་ཤོད་སྲོལ་ལ་གོར་ཁའི་དམག་དཔུང་གི་བཙན་འཛུལ་ལ་ཕར་རྒོལ་ཐེངས་གཉིས་བྱས་པའི་དམག་འཁྲུག་རྗེས་ཁ་ཐོར་བའི་རྟ་དམག་གི་བུ་རྒྱུད་ཡིན་ཟེར། ཁོང་ཚོར་རྒྱལ་ཁོངས་དང་ཐོན་སྐྱེད་རྒྱུ་ཆ་གང་ཡང་མེད་པས་དོ་པོ་དབོར་བ་དང་། ལྕགས་བཟོ་དང་། ལས་ཀ་ཙག་ཙིག་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད་པས་འཚོ་བར་ཧ་ཅང་དཀའ་ངལ་ཆེན་པོ་ཡོད། ཀྲུང་གོའི་རྒྱལ་ཁོངས་སུ་ཞུགས་རྗེས་སྐྱིད་སྣང་དོད་ལ་མཛེས་སྡུག་ལྡན་པའི་ཁང་པ་གསར་པ་ཡོད་པ་མ་ཟད་ད་དུང་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ནས་བདེ་སྐྱིད་ཀྱི་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་བ་དང་། གྲོང་ཚོ་དེ་ནི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་རྟ་དམག་གྲོང་ཚོ་ཡིན།

        རྟ་དམག་གྲོང་ཚོ་དེ་ནེ་པ་ལའི་མཐའ་མཚམས་དང་བར་ཐག་སྤྱི་ལེ་30ཡོད། གསར་འགོད་པས་རྟ་དམག་གྲོང་ཚོར་བསྐྱོད་སྐབས་དང་ཐོག་མིག་ལམ་དུ་འཆར་བ་ནི་གྲལ་འགྲིག་པའི་ཁང་པ་སྟར་པ་མང་པོ་ཡོད་པ་དང་ཁྱིམ་ཚང་ཚང་མའི་ཐོག་ཁའི་སྟེང་དུ་ཚོན་མདངས་རྣམ་པར་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པ་དེ་ལྷག་པར་དུ་མངོན་གསལ་དོད་པོ་འདུག

        གྲོང་ཚོ་དང་བར་ཐག་རིང་པོ་མེད་པའི་ཞིང་ཁ་ནས་གསར་འགོད་པར་གྲོང་ཚོའི་བུད་མེད་ཀྲུའུ་རེན་ཟླ་བ་འཕྲད་བྱུང་། ཁོ་མོ་དང་བུད་མེད་ཁག་གཅིག་དང་ཕོ་གཞོན་ཁག་གཅིག་ཡུར་མ་ཡུར་བཞིན་ཡོད་པ་དང་ཕྲུ་གུ་ཚོ་ཞིང་ཁའི་མུ་ཁར་རོལ་རྩེད་རྩེ་བཞིན་ཡོད་པ་མཐོང་བྱུང་།

        ཟླ་བས་གསར་འགོད་པར་ང་ཚོས་མ་རྨོས་ལོ་ཏོག་འདེབས་རྩིས་ཡོད་པ་དང་། ས་བོན་དང་རྫས་ལུད་སོགས་ཚང་མ་ནི་ས་གནས་སྲིད་གཞུང་གིས་རིན་སྐྱིན་མི་དགོས་པར་སྤྲད་གནང་བྱུང་ཞེས་བཤད་བྱུང་། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཆ་རྟ་དམག་གྲོང་ཚོར་དུད་ཚང་49དང་མི་གྲངས་172ཡོད། 2003ལོའི་ཟླ་5ཚེས་26ཉིན་རྟ་དམག་བ་ཀྲུང་གོའི་རྒྱལ་ཁོངས་སུ་ཞུགས་ནས་ཀྲུང་གོའི་སྤྱི་དམངས་སུ་དངོས་སུ་གྱུར་པ་ནི་རྟ་དམག་བ་ཡོངས་ཀྱིས་བློ་ལ་ངེས་དགོས་པ་དང་ལོ་རྒྱུས་དེབ་ཐེར་ཐོག་ནམ་ཡང་འཁོད་དགོས་པའི་ཉིན་མོ་ཞིག་རེད། ད་ཆ་དཀའ་སྡུག་མྱོང་བ་དང་། སྡོད་གནས་མེད་པ། གཞན་གྱི་མཐོང་ཆུང་བྱེད་པ་བཅས་ཀྱི་ལོ་རྒྱུས་མཇུག་འགྲིལ་ནས་ཁོང་ཚོས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།

        རྟ་དམག་བའི་སྐོར་གླེང་སྐབས་རྫོང་ཨུད་ཀྱི་བློ་མཐུན་གྱིས་རྟ་དམག་བ་སྔ་དུས་ནས་སྐྱིད་གྲོང་གྲོང་རྡལ་རྒྱུད་དུ་འདུས་སྡོད་བྱེད་པ་དང་དོ་པོ་དབོར་བ་དང་། ལྕགས་བཟོ་དང་། ཤིང་བཟོ་བྱེད་པ་བཅས་ལས་ཀ་ཙག་ཙིག་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད། གྲོང་མིར་ཐོན་སྐྱེད་རྒྱུ་ཆ་དཀོན་པ་དང་འཚོ་བ་ཧ་ཅང་སྐྱོ་པོ་ཡོད་པ་མ་ཟད་ད་དུང་སྡོད་སའི་ཁང་པ་ནི་ལོ་མང་ཉམས་གསོ་བྱས་མེད་པས་ཐོག་དཔང་དམའ་ལ་བཞའ་ཚན་ཆེན་པོ་ཡོད་ཁར་གོག་ཧྲུལ་ཡིན། མི་འབོར་སྐྱེ་ཚད་དང་ཡིག་རྨོངས་བ་ཧ་ཅང་མང་པོ་ཡོད་པ་དང་། སློབ་གསོ་དང་ལེན་དང་སྨན་བཅོས་ཀྱི་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད་པས་སྐྱོར་རོགས་བྱ་ཡུལ་གྱི་ཚོགས་སྤྱི་ཡིན། དེ་བས་བྱེད་དཀའ་བ་ནི་ཡུན་རིང་ནས་རྟ་དམག་བས་ནེ་པ་ལར་ཕྱིར་ལོག་བྱེད་འདོད་མེད་ལ་ཀྲུང་གོའི་རྒྱལ་ཁོངས་ཀྱང་མེད་པ་དེ་རེད།

        ཀྲུང་གོའི་རྒྱལ་ཁོངས་སུ་ཞུགས་རྗེས་རྟ་དམག་བས་བདེ་སྐྱིད་འཚོ་བ་སྐྱེལ་འགོ་ཚུགས། 2005ལོའི་ཟླ་7པར་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་3664ཡོད་པའི་རྟ་དམག་གྲོང་ཚོ་གསར་པ་བསྐྲུན་ཟིན་པ་དང་རྟ་དམག་བ་ཚང་མ་དགའ་སྤྲོ་ཆེན་པོས་ཁང་པ་གསར་པའི་ནང་སྤོས་པ་དང་། གཞིས་རྩེ་ས་ཁུལ་དམངས་སྲིད་ཅུས་ཀྱིས་མ་དངུལ་སྒོར་ཁྲི་18བཏང་ནས་ཁྱིམ་དུད་ཚང་མར་ཁ་གདན་དང་ཆ་སྒམ་སོགས་འཛིན་ཆས་དང་འཚོ་བའི་སྤྱོད་ཆས་སྣ་ཚོགས་ཉོས་པ། རྫོང་ཞིང་འབྲོག་ཅུས་ཀྱིས་རྟ་དམག་བར་རྨོན་མཛོ་49དང་བཞོན་མ་49ཉོས་པ། རྫོང་ཆུ་བེད་སྡེ་ཚན་གྱིས་མ་དངུལ་སྒོར་ཁྲི་17བཏང་ནས་རྟ་དམག་བའི་འཐུང་ཆུའི་ལས་གྲྭ་བསྐྲུན་པ་བཅས་དང་དུས་མཚུངས་རྟ་དམག་བའི་ཐོན་དམའི་ཞིང་ཁ་སྒྱུར་བཀོད་རྣམ་གྲངས་ལ་སོགས་པའི་ཐུགས་ཁུར་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པས་གྲོང་མི་ཚོར་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དྲོ་སྐྱིད་དངོས་སུ་ཚོར་ཐུབ་པ་བྱུང་བ་དང་ཀྲུང་གོའི་རྒྱལ་ཁོངས་སུ་ཞུགས་པའི་བདེ་སྐྱིད་འཚོ་བ་དངོས་སུ་མྱོང་ཐུབ་པ་བྱུང་ཡོད། རྟ་དམག་བས་ཁང་པའི་སྟེང་དུ་སྐར་ལྔའི་དར་དམར་བཀལ་ནས་བཀའ་དྲིན་འཇལ་སེམས་མཚོན་པར་བྱེད་བཞིན་ཡོད།

        གསར་འགོད་པས་རྟ་དམག་གྲོང་ཚོའི་གྲོང་མི་ཕུར་བུ་ཆོས་འཛོམས་ཀྱི་ཁྱིམ་དུ་བསྐྱོད་པ་ཡིན། ཕུར་བུ་ཆོས་འཛོམས་ལ་ནང་མི་གསུམ་ཡོད་པ་དང་བཟའ་ཟླ་ཕྱིར་གླ་པར་བསྐྱོད་པ་དང་ཁོ་མོས་ཁྱིམ་དུ་ཕྲུ་གུ་བལྟས་ནས་བསྡད་འདུག ཁོ་མོས་གསར་འགོད་པ་ཤིང་རྒྱུ་ལས་གྲུབ་པའི་ཐོག་ཁང་གི་མགྲོན་བསུ་ཁང་དུ་ཁྲིད་བྱུང་བས་མགྲོན་ཁང་ནང་གི་འཛིན་ཆས་ཆ་ལག་ཚང་བ་ཞིག་འདུག དེ་ནས་གསར་འགོད་པར་རྟ་དམག་གྲོང་ཚོའི་གྲོང་དཔོན་བློ་བཟང་འཕྲད་བྱུང་། ཁོང་གིས་ད་ཆ་གྲོང་ཚོའི་ནང་ད་དུང་ལྕགས་བཟོ་བ་ཁ་ཤས་གྲོང་ཚོ་ཁག་ཏུ་ལས་ཀ་བྱེད་པར་འགྲོ་གི་ཡོད་པ་དང་འཚོ་བའི་ཡོང་ཁུངས་མང་ཆེ་བ་ནི་གཞོན་ནུ་ཚོ་ཕྱིར་གླ་པར་སྐྱོད་པ་དང་འདེབས་འཛུགས་བྱས་ནས་ཡོང་འབབ་གསོག་གི་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་འོག་རྟ་དམག་བའི་ལྟོ་གོས་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱུང་བ་དང་ད་ཆ་ཁྱིམ་དར་ཕྱུག་འགྱུར་བྱས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུ་ནི་ལས་འགན་གལ་ཆེ་ཤོས་དེ་ཡིན་ཞེས་ངོ་སྤྲོད་བྱས་བྱུང་།

        གསར་འགོད་པས་རྟ་དམག་གྲོང་ཚོའི་ཕྲུ་གུ་ཚོའི་སློབ་གསོའི་སྐོར་གླེང་སྐབས་བློ་བཟང་གིས “ཕྲུ་གུ་ཚོ་སློབ་གྲྭར་འགྲོ་སྐབས་དངུལ་སྤྲོད་དགོས་མེད་པ་དང་ད་ཆ་ཕྲུ་གུ་བཅུ་གྲངས་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་དུ་འགྲོ་གི་ཡོད། སླད་ཕྱིན་ང་ཚོའི་གྲོང་ཚོར་ཡང་སློབ་གྲྭ་ཆེ་མོ་བ་ཡོད། དེ་སྔོན་ང་ཚོས་ཡི་གེ་ཤེས་ཀྱི་མེད་ལ་རྒྱ་སྐད་དེ་བས་ཀྱང་ཤེས་ཀྱི་མེད། ད་ཆ་མི་མང་པོས་རྒྱ་སྐད་ཤེས་ཀྱི་ཡོད ”ཅེས་བབ་ཆགས་ལ་ལྷག་བསམ་རྣམ་དག་གིས་བཤད་བྱུང་།

        “སྐྱིད་གྲོང་འགག་སྒོའི་འཛུགས་སྐྲུན་དང་དེ་གར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་དུ་ཡོང་མཁན་མང་དུ་སོང་བ་དང་ལྷག་པར་དུ་དམངས་ཕན་སྲིད་ཇུས་ཁག་ལག་བསྟར་བྱས་པས་རིང་མིན་དུ་རྟ་དམག་བ་མཐའ་མཚམས་ཚོང་དོན་ནང་ཞུགས་པ་དང་ཡུལ་སྐོར་སྤྲོ་འཆམ་ལས་ཡོང་འབབ་གསོག་ཐུབ་ནས་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐུབ་པ་ང་ཚོར་ཡིད་ཆེས་ཡོད ”ཅེས་ཅི་ལིན་ཞིང་ཆེན་བོད་སྐྱོར་ལས་བྱེད་པ་ཁག་བཞི་པ་སྐྱིད་གྲོང་རྫོང་ཨུད་ཀྱི་ཧྲུའུ་ཅི་སུན་ལི་ཅུན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།