དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་6ཚེས་2ཉིན་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་སྐྲུན་འགོ་ཚུགས་ཡོད།

        ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་འོག་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་ལྷ་ས་གྲོང་ཁྱེར་ལུས་རྩལ་སློབ་གསོ་ཅུས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭར་སློབ་གྲྭ་བསྐྱར་སྐྲུན་རྒྱས་སྐྲུན་གྱི་ལས་གྲྭའི་དངུལ་སྒོར་ཁྲི་1700རག་པ་དང་། ལས་གྲྭ་དེས་ཕྱོགས་བསྡུས་སློབ་ཁྲིད་ཐོག་བརྩེགས་ཁང་དང་། སློབ་ཕྲུག་གི་ཉལ་ཁང་། སློབ་ཕྲུག་གི་ཟ་ཁང་། དགེ་རྒན་གྱི་ཉལ་ཁང་བཅས་བསྐྲུན་རྒྱུ་རེད།

        ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭར་ད་ལྟ་སློབ་ཕྲུག་185ཡོད་པ་དང་སྔོན་རྩིས་བྱས་ན་སློབ་གྲྭ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་མཇུག་བསྒྲིལ་རྗེས་སློབ་ཕྲུག་མི་གྲངས་300ཟིན་རྒྱུ་ཡིན་ལ་སློབ་གྲྭས་ཀྱང་སློབ་ཁྲིད་ཀྱི་མ་ལག་འཐུས་ཚང་ཞིག་ཡོང་བ་བྱས་ཏེ་སློབ་ཞུགས་གོང་གི་སློབ་གསོ་དང་། སློབ་ཆུང་གི་སློབ་གསོ། དམའ་རིམ་སློབ་འབྲིང་གི་སློབ་གསོ། ལས་རིགས་སློབ་གསོ་བཅས་གཞི་གཅིག་ཅན་གྱི་སློབ་ཁྲིད་བྱེད་སྟངས་ཆགས་པ་བྱ་རྒྱུ་མ་ཟད། རིག་པ་སྐྱོན་ཅན་གྱི་འཛིན་གྲྭ་འཛུགས་རྒྱུའི་ཚོད་ལྟ་བྱས་ཏེ་ཤེས་བྱ་དང་རིག་གནས་སྦྱོང་ཏུ་བཅུག་ནས་ཁོང་ཚོས་སྤྱི་ཚོགས་རིང་ལུགས་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་བ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།