དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ནད་ལྕི་བའི་རིགས་ཀྱི་ཚོང་ལས་ཁ་གསབ་སྨན་བཅོས་འགན་བཅོལ་མ་ལག་ནང་འཇོག་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་དུས་གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། རང་ལྗོངས་ཀྱི་སྨན་བཅོས་འགན་སྲུང་མ་ལག་སྔར་བས་འཐུས་ཚང་དུ་གཏོང་ཆེད་ཀྲུང་གོ་མི་དམངས་རྒྱུ་ནོར་འགན་བཅོལ་བོད་ཡན་ལག་ཀུང་སིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་ནད་ལྕི་བའི་རིགས་ཀྱི་ཚོང་ལས་ཁ་གསབ་སྨན་བཅོས་འགན་བཅོལ་ནང་བཞག་རྗེས་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ནད་ལྕི་བའི་རིགས་ཚོང་ལས་ཁ་གསབ་སྨན་བཅོས་འགན་བཅོལ་ལས་དོན་འདི་ལོ་སྤེལ་རྒྱུ་ཡིན་པས་སྐབས་དེ་དུས་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ཚོང་ལས་རང་བཞིན་གྱི་ནད་ལྕི་བའི་རིགས་ཀྱི་ཁ་གསབ་སྨན་བཅོས་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་རིམ་གསུམ་སྨན་བཅོས་འགན་སྲུང་མ་ལག་ལོངས་སུ་སྤྱོད་ཐུབ་རྒྱུ་དང་འབྲེལ་བྱེད་ཐབས་དེ་ཡང་རང་ལྗོངས་ཀྱི་སྲིད་ཇུས་རང་བཞིན་གྱི་ཞིང་འབྲེལ་འགན་བཅོལ་སྔར་བས་འཐུས་ཚང་དུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱི་སྲིད་ཇུས་རང་བཞིན་གྱི་ཞིང་འབྲེལ་འགན་བཅོལ་2006ལོར་ཚོད་ལྟ་བྱས་ཚུན་2010ལོར་ལྗོངས་ཡོངས་ཀྱི་རྫོང (ཆུས )74དང་། ཤང་གྲོང་680ལྷག་ཙམ། སྲིད་འཛིན་གྲོང་ཚོ་5000ལྷག་ཙམ་བཅས་ལ་ཁྱབ་ནས་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་འགན་བཅོལ་འགན་ལེན་བྱས་ཡོད། 2010ལོའི་ལོ་འཁོར་གྱི་སྲིད་ཇུས་རང་བཞིན་གྱི་ཞིང་འབྲེལ་འགན་བཅོལ་གྱི་དངུལ་འཇལ་གྲངས་འབོར་སྒོར་ཁྲི་5407ལྷག་ཙམ་ཟིན་པའི་ནང་ལྷ་ས་གྲོང་ཁྱེར་གྱི་རྫོང་བདུན་དང་ཆུས་གཅིག་གི་དངུལ་འཇལ་གྲངས་འབོར་དེ་སྒོར་ཁྲི་1507.27ཟིན་ཡོད་པ་རེད།

        མིག་སྔར་རང་ལྗོངས་ཀྱིས་གཉེར་བའི་ཞིང་འབྲེལ་འགན་བཅོལ་དེ་གཙོ་བོ་འདེབས་འཛུགས་ལས་རིགས་དང་། གསོ་ཚགས་ལས་རིགས། གྲོང་གསེབ་ཀྱི་སྡོད་ཁང་སོགས་ཚུད་ཡོད་པ་མ་ཟད། ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་སྨན་བཅོས་དང་ཞིང་སྤྱོད་འཕྲུལ་སྒུལ་འཁོར་ལོ་སོགས་ཀྱང་འགན་བཅོལ་མ་ལག་ནང་འཇོག་རྒྱུ་ཡིན་པ་དེ་མང་ཚོགས་ཀྱི་གེགས་འགོག་ནུས་པ་ཆེ་རུ་གཏོང་རྒྱུར་ཕན་པ་ལྡན་ལ་གནོད་འཚེས་རྐྱེན་པས་སླར་ཡང་དབུལ་པོར་འགྱུར་བའི་གནད་དོན་ནུས་ལྡན་ངང་ཐག་གཅོད་ཐུབ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།