དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གྲོང་ཁྲི་ཤང་སྟོང་གི་ཁྲོམ་རའི་འདུ་འགོད་ཀྱིས་མི་སེར་ལ་ཕན་པ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། “ཞིང་པའི་ཚོང་ཁང་གིས་ང་རང་ཕྱུག་འགྱུར་འབྱོར་འབྲིང་དུ་སྐྱོད་ཐུབ་པར་བྱུང་བས ‘གྲོང་ཁྲི་ཤང་སྟོང་གི་ཁྲོམ་རའི་འདུ་འགོད ’ལ་ཐུགས་རྗེ་ཆེ་ཞུ ”ཞེས་སྟོད་ལུང་བདེ་ཆེན་རྫོང་བདེ་ཆེན་ཤང་གི་གྲོང་མི་བསོད་ནམས་ཀྱིས “གྲོང་ཁྲི་ཤང་སྟོང་གི་ཁྲོམ་རའི་འདུ་འགོད ”སྐོར་གླེང་སྐབས་བསྔགས་བརྗོད་རྒྱུན་ཆད་མེད་པར་བྱས། ཞིང་པའི་ཚོང་ཁང་མ་བསྐྲུན་གོང་དུ་བསོད་ནམས་ཁྱིམ་གྱི་ལོ་གཅིག་གི་དངུལ་སྨར་ཡོང་འབབ་སྒོར་ཁྲི་3ནས་4ཡིན་པ་དང་2007ལོར “ཞིང་པའི་ཚོང་ཁང ”ལ་བརྟེན་ནས་བསོད་ནམས་ཁྱིམ་གྱི་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་8ལྷག་ལོན་པ་དེ་2006ལོ་དང་བསྡུར་ན་ལྡབ་གཅིག་འཕར་བ་རེད། ད་ཆ་ཁོང་ཚོའི་ཁྱིམ་གྱི་ལོ་རེའི་དངུལ་སྨར་གཏན་འཇགས་ཡོང་འབབ་སྒོར་ཁྲི་8ཡན་ལོན་གྱི་ཡོད་པ་རེད།

        “གྲོང་ཁྲི་ཤང་སྟོང་གི་ཁྲོམ་རའི་འདུ་འགོད ”ལག་བསྟར་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་སྐྲུན་པའི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་སྲིད་གཞུང་གི་དམངས་ཕན་འདུ་འགོད་ཅིག་ཀྱང་ཡིན་ལ་དེས་གྲོང་གསེབ་ཀྱི་འཛད་སྤྱོད་ཁོར་ཡུག་སྔར་བས་འཐུས་ཚང་དུ་བཏང་བ་མ་ཟད་གྲོང་གསེབ་ཀྱི་ཁྲོམ་ར་རྒྱ་ཆེ་བ་ཞིག་བཏོད་ཅིང་། དེ་ལས་ཀྱང་གལ་ཆེ་བ་ནི་ཞིང་འབྲོག་པའི་འཛད་སྤྱོད་བདེ་འཇགས་མིན་པ་དང་། སྟབས་བདེ་མིན་པ། དངོས་ཕན་མིན་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ “གྲོང་ཁྲི་ཤང་སྟོང་གི་ཁྲོམ་རའི་འདུ་འགོད ”ལག་ལེན་བསྟར་བ་ནི་སྲིད་གཞུང་གིས་ཁོང་ཚོར་བསྒྲུབས་པའི་དོན་བཟང་ཆེན་པོ་ཞིག་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་ཡོད།

        རང་སྐྱོང་ལྗོངས་ཚོང་དོན་ཐིང་ཁྲོམ་རའི་མ་ལག་འཛུགས་སྐྱོང་ཁྲུའི་ཁྲུའུ་ཀྲང་ལུང་ཏ་ཁེ་ཡིས་2007ལོ་ནས་བཟུང་བོད་ཀྱིས་དམངས་འཚོ་ལེགས་གཏོང་དེ་གཙོ་གནད་དུ་བཞག་སྟེ་ཁྲོམ་རའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང “གྲོང་ཁྲི་ཤང་སྟོང་གི་ཁྲོམ་རའི་འདུ་འགོད ”དང་། “བརྒྱ་གཉིས་ཀྱི་ཁྲོམ་རའི་འདུ་འགོད ”“འཕེལ་གཉིས་འདུ་འགོད ”བཅས་ལ་སྐུལ་སྤེལ་ཏན་ཏིག་བཏང་བས་སྲིད་གཞུང་ལ་དམངས་སེམས་ཐོབ་པ་དང་། ཁེ་ལས་ལ་ཕན་འབྲས་ཐོབ་པ། མི་སེར་ལ་དངོས་ཕན་ཐོབ་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་འགོ་ཚུགས་ཡོད་ཅེས་བརྗོད།

        ཁོང་གིས་ད་ལོར་ལྗོངས་ཡོངས་ཀྱིས་ཞིང་པའི་ཚོང་ཁང་1147འཛུགས་སྐྲུན་དང་སྒྱུར་བཀོད་མུ་མཐུད་བྱས་ཏེ་ཚོང་རྫས་སྒྲིག་སྐྱེལ་ལྟེ་གནས་39ལ་རིམ་འཕར་དང་སྒྱུར་བཀོད་མུ་མཐུད་བྱ་རྒྱུ་ཡིན་པ་དང་། ལྗོངས་དེ་ཡོངས་ཀྱིས་སྒོར་ཁྲི་800ཆ་འཕྲིན་ཅན་གྱི་ཞིང་པའི་ཚོང་ཁང་ཁག་གཅིག་གི་ཚོད་ལྟའི་ས་ཚིགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུར་སྤྱོད་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།