དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཞིང་འབྲོག་མང་ཚོགས་དེ་བས་མང་བ་ཞིག་ལ་དམངས་གཙོའི་དབང་ཆ་ཐད་ཀར་སྤྱོད་རྒྱུ་བྱུང་བ།

  • ཡོང་ཁུངས།  བོད་ལྗོངས་ཁྲིམས་ལུགས་ཚགས་པར།   |     སྤེལ་དུས།  2015-05-15

        བོད་ཀྱི་གྲོང་མིའི་རང་སྐྱོང་དེ་དུས་རབས་20པའི་ལོ་རབས་80པའི་དུས་འགོ་ནས་འགོ་ཚུགས་པ་དང་འབྲེལ་ལོ་རབས་80པའི་དུས་དཀྱིལ་དང་དུས་མཇུག་ཏུ་མི་དམངས་ཀུང་ཧྲེའི་སྒྲིག་གཞི་ཐོར་བ་དང་ཆབས་ཅིག་རིམ་བཞིན་ཁྱབ་གདལ་བཏང་ཞིང་། ལོ་30ཙམ་འཕེལ་རྒྱས་བཏང་བ་བརྒྱུད་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཁུལ་གྱི་གཞི་རིམ་དམངས་གཙོའི་ལམ་ལུགས་དང་ཞིང་འབྲོག་ཁུལ་བཅོས་སྐྱོང་བྱེད་པའི་ནུས་ལྡན་གྱི་བྱ་ཐབས་ཤིག་ཏུ་གྱུར་ཡོད་པ་རེད།

        མིག་སྔར་ལྗོངས་ཡོངས་སུ་རྫོང (གྲོང་ཁྱེར་དང་ཆུས )74དང་། ཤང་542 གྲོང་རྡལ 140 གྲོང་མི་ཨུ་ཡོན་ལྷན་ཁང་5746བཅས་ཡོད་ཅིང་། ས་ཁུལ་ཁག་གིས་གྲོང་མིའི་རང་སྐྱོང་དང་གྲོང་དོན་ཡོངས་བསྒྲགས་དང་དམངས་གཙོའི་དོ་དམ་གྱི་བྱེད་སྒོ་སྤེལ་བ་བརྒྱུད་གྲོང་མི་ཨུ་ཡོན་ལྷན་ཁང་འཛུགས་སྐྲུན་གྱི་ལས་དོན་དེ་རིམ་བཞིན་ཚད་ལྡན་ཅན་དང་། ལམ་ལུགས་ཅན། ཁྲིམས་ལུགས་ཅན་བཅས་ཀྱི་ལམ་སྲོལ་ཐོག་བསྐྱོད་ཁར་དམངས་གཙོའི་འདེམས་བསྐོ་བྱེད་པ་དང་། དམངས་གཙོའི་ཇུས་ཐག་གཅོད་པ། དམངས་གཙོའི་དོ་དམ་བྱེད་པ། དམངས་གཙོའི་ལྟ་སྐུལ་བྱེད་པ་བཅས་ཀྱིས་ནང་དོན་གཙོ་བོ་བྱས་པའི་གྲོང་མིའི་རང་སྐྱོང་ལམ་ལུགས་ལྗོངས་ཡོངས་སུ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་ཡོད། གྲོང་མིའི་རང་སྐྱོང་འཕེལ་རྒྱས་དང་ཡར་ཐོན་བྱུང་བས་ཞིང་འབྲོག་ཁུལ་གྱི “དཔལ་ཡོན་གསུམ ”སྲོལ་གཏོད་ལ་སྐུལ་འདེད་ནུས་ལྡན་དང་། ཞིང་འབྲོག་ལས་ཐོན་སྐྱེད་འཕེལ་རྒྱས་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད། མཐུན་སྦྱོར་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་བཅས་ཐུབ་ཡོད་པ་རེད།

        དམངས་གཙོའི་འདེམས་བསྐོ་བྱས་ནས་གྲོང་མི་ཨུ་ཡོན་ལྷན་ཁང་ཐད་ཀར་ཐོན་ཞིང་། 1993ལོར 《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས >(ཚོད་ལྟའི་ལག་ལེན )ཀྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས 》ཁྱབ་བསྒྲགས་བྱས་རྗེས་རང་ལྗོངས་ཀྱིས་ལོ་དེ་རང་དུ་གྲོང་མི་ཨུ་ཡོན་ལྷན་ཁང་སྐབས་དང་པོའི་སྐབས་བརྗེའི་འདེམས་བསྐོ་བྱས་པ་དང་ལྗོངས་ཡོངས་སུ་བཀོད་སྒྲིག་གཅིག་གྱུར་དང་། འདེམས་བསྐོའི་དུས་ཚོད་གཅིག་གྱུར། བྱ་ཐབས་དང་གོ་རིམ་གཅིག་གྱུར་བཅས་བྱུང་ནས་ལྗོངས་ཡོངས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོ་དེ་ཚད་ལྡན་ཅན་གྱི་ལམ་སྲོལ་ཐོག་བསྐྱོད་ཡོད་པ་རེད།

        དམངས་གཙོའི་ཇུས་ཐག་བཅད་ནས་གྲོང་མིའི་ཚོགས་འདུ་དང་གྲོང་མིའི་འཐུས་མིའི་ཚོགས་འདུས་གཙོ་བོ་བྱས་ཏེ་གྲོས་དོན་ལ་ཇུས་ཐག་གཅོད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཁར་རང་ལྗོངས་ཀྱིས་དམངས་གཙོའི་ཇུས་ཐག་གཅོད་རྒྱུ་དེ་གྲོང་མིའི་རང་སྐྱོང་གི་རྩ་བ་དང་འགག་རྩར་བརྩིས་ཤིང་། 《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས >(ཚོད་ལྟའི་ལག་ལེན )ཀྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས 》ཁྱབ་བསྒྲགས་བྱས་རྗེས་ལྗོངས་ཡོངས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་ནང་གྲོང་མིའི་འཐུས་མི་ཚོགས་འདུའི་ལམ་ལུགས་རིམ་བཞིན་བཙུགས། དེ་རྗེས་ཀྱི་ལོ་འགའ་ཤས་ནང་དང་ལྷག་པར་དུ 《གྲོང་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས 》དངོས་སུ་ཁྱབ་བསྒྲགས་དང་ལག་བསྟར་བྱས་རྗེས་ཚོད་ལྟ་དང་། ཕྱོགས་སྡོམ། ཁྱབ་གདལ་བཅས་བྱས་པ་བརྒྱུད་གྲོང་མིའི་འཐུས་མི་བདམས་ཐོན་དང་། གྲོང་མིའི་ཚོགས་འདུ་དང་གྲོང་མིའི་འཐུས་མི་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་ནས་གཏན་འབེབས་བྱས་པའི་དོན་དག གྲོང་མིའི་འཐུས་མི་ཚོགས་འདུ་ཚོགས་པའི་དུས་ཚོད་དང་གོ་རིམ་སོགས་རིམ་བཞིན་གཏན་འབེབས་དང་ཚད་ལྡན་ཡོང་བ་བྱས་པ་རེད།

        དམངས་གཙོའི་དོ་དམ་བྱས་ནས་གྲོང་སྲོལ་དམངས་ཆིངས་དང་གྲོང་མིའི་རང་སྐྱོང་སྒྲིག་ཡིག་གིས་གཙོ་བོ་བྱས་པའི་དམངས་གཙོའི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། དམངས་གཙོའི་དོ་དམ་བྱ་རྒྱུ་དེ་གྲོང་མིའི་རང་སྐྱོང་གི་གཙོ་གནད་དང་ལྷུ་ཚིགས་གཙོ་བོར་བརྩིས་ཐོག་གྲོང་སྲོལ་དམངས་ཆིངས་དང་གྲོང་མིའི་རང་སྐྱོང་སྒྲིག་ཡིག་ལ་བརྟེན་ནས་གྲོང་ཚོའི་ནང་གི་དོན་དག་དང་། དཔལ་འབྱོར་གྱི་བྱེད་སྒོ། གྲོང་མིའི་འབྲེལ་བ། གྲོང་པ་ཁྱིམ་མཚེས་དབར་གྱི་འབྲེལ་བ། མི་སྒེར་གྱི་བྱ་སྤྱོད་སོགས་ལ་ནུས་ལྡན་ངང་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད་པ་རེད། དམངས་གཙོའི་ལྟ་སྐུལ་བྱས་ནས་གྲོང་དོན་ཡོངས་བསྒྲགས་དང་དམངས་གཙོའི་དོ་དམ་གྱིས་ནང་དོན་གཙོ་བོ་བྱས་པའི་དམངས་གཙོའི་ལྟ་སྐུལ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཁར་དམངས་གཙོའི་ལྟ་སྐུལ་བྱ་རྒྱུ་དེ་གྲོང་མིའི་རང་སྐྱོང་གི་འགན་ལེན་དང་དགོས་ངེས་ཀྱི་ལྷུ་ཚིགས་ཤིག་ཏུ་བརྩིས་ཤིང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་1999ལོར 《བོད་རང་སྐྱོང་ལྗོངས་ཀྱི་གྲོང་དོན་ཡོངས་བསྒྲགས་དང་དམངས་གཙོ་དོ་དམ་ལག་བསྟར་བྱ་ཐབས 》ཁྱབ་བསྒྲགས་བྱས་པས་གྲོང་དོན་ཡོངས་བསྒྲགས་དང་དམངས་གཙོའི་དོ་དམ་ཐད་ལྗོངས་ཡོངས་སུ་ཁྱབ་པ་དང་། གཙོ་གནད་དེ་བས་མངོན་གསལ་དོད་པ། ལམ་ལུགས་དེ་བས་འཐུས་སྒོ་ཚང་བ། ཡོངས་བསྒྲགས་བྱེད་སྟངས་དེ་བས་སྣ་མང་ཅན་བཅས་མངོན་འགྱུར་བྱུང་བ་དང་། ལྗོངས་ཡོངས་ཀྱི་གྲོང་ཚོ་90%ཡན་དུ་ཡོངས་བསྒྲགས་སྒྲོམ་སྟེགས་བཙུགས་ནས་གྲོང་དོན་ཚང་མ་ཡོངས་བསྒྲགས་སྒྲོམ་སྟེགས་ཐོག་ཡོངས་བསྒྲགས་བྱེད་པའམ་ཡང་ན་གྲོང་མིའི་ཚོགས་འདུ་དང་འཐུས་མིའི་ཚོགས་འདུ་འཚོགས་ནས་ཡོངས་བསྒྲགས་བྱེད་པ་དང་བྱ་བ་མ་བསྒྲུབ་གོང་དང་། སྒྲུབ་རིང་། བསྒྲུབས་རྗེས་བཅས་ཀྱི་འབྲས་བུ་ཡོངས་བསྒྲགས་བྱེད་པ་སོགས་ལ་བརྟེན་ནས་ཡོངས་བསྒྲགས་བྱེད་སྟངས་དེ་རང་དགར་ཡོངས་བསྒྲགས་བྱེད་པ་ནས་གོ་རིམ་ལྡན་པའི་ངང་ཡོངས་བསྒྲགས་བྱ་རྒྱུར་བསྒྱུར་རྒྱུ་ལེགས་གྲུབ་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།