དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱིས་ལྷག་བསམ་ཟོལ་མེད་ངང་དབང་པོ་སྐྱོན་ཅན་ལ་ལས་ཞུགས་ཐད་ཁྲིད་སྟོན་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་29ཉིན་གནས་ཚུལ་འབྱོར་གསལ། དབང་པོ་སྐྱོན་ཅན་གྱི་ངལ་རྩོལ་ལས་ཞུགས་ནི་དབང་པོ་སྐྱོན་ཅན་གྱི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ལམ་ཞིག་ཡིན་ལ་དབང་པོ་སྐྱོན་ཅན་དང་དེའི་གཉེན་ཉེ་ཚོའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ཀྱང་ཡིན། ཉེ་ལམ་ལོ་ཤས་ནང་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱིས་རྒྱུན་དུ “ཆ་སྒྲིག ”གི་ལས་རིགས་མཛུབ་ཁྲིད་སོགས་ཞབས་ཞུའི་ལས་དོན་སྤེལ་བའི་རྨང་གཞིའི་ཐོག་ཐབས་བརྒྱ་ཇུས་སྟོང་ངང་དབང་པོ་སྐྱོན་ཅན་ལ་ལས་ཞུགས་ཀྱི་ཆ་རྐྱེན་བསྐྲུན་པ་དང་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་ནས་དབང་པོ་སྐྱོན་ཅན་ལས་ཞུགས་བྱེད་དཀའ་བའི་གནད་དོན་རྩ་བའི་ཐོག་ནས་ཐག་གཅོད་བྱས་པ་རེད།

        སྤེལ་རེས་ཧུར་ཐག་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ཞིང་། ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱིས་ཐོག་མཐའ་བར་གསུམ་དུ་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་ངལ་རྩོལ་ལས་ཞུགས་ཞབས་ཞུ་དོ་དམ་ཅུས་དང་། ལྗོངས་དམངས་སྲིད་སྡེ་ཚན། ཁོངས་གཏོགས་ཡུལ་མི་ཨུ་ལྷན། མི་སྤྱོད་ཚན་པ། སྤྱི་པའི་ལས་རིགས་ངོ་སྤྲོད་སོགས་ཞབས་ཞུའི་སྡེ་ཚན་དབར་མཐུན་སྦྱོར་ཡོང་བ་བྱེད་རྒྱུ་དེ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུའི་ལས་དོན་གྱི་རྨང་གཞིར་བརྩི་བ་དང་། ལས་ཤོར་ཐོ་འགོད་བྱས་པའི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་ཆེད་ལས་ཞུགས་ཞབས་ཞུའི་ལྟེ་གནས་ཀྱིས་སྤྱི་པའི་ལས་རིགས་ངོ་སྤྲོད་ཚན་པ་དང་སྤེལ་རེས་དང་འབྲེལ་བ་ཧུར་ཐག་བྱས་ཏེ་ཁྲོམ་རའི་ལས་ཞུགས་གནས་ཚུལ་དང་། ཁྲོམ་རའི་དགོས་མཁོ། ལས་གནས་གཏོད་པ་སོགས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་ནན་ཏན་བྱེད་པའི་ཐོག་དབང་པོ་སྐྱོན་ཅན་ལས་ཤོར་མི་སྣའི་གཟུགས་པོའི་ཆ་རྐྱེན་དང་རིག་གནས་བྱང་ཚད་ཀྱི་ཆུ་ཚད་ལ་བསམ་གཞིག་གིས་ལས་ཞུགས་ཀྱི་དགོས་མཁོ་དང་འདོད་བློར་བསྟུན་པའི་རྨང་གཞིའི་ཐོག་མི་སྤྱོད་ཚན་པ་དང་ལས་རིགས་ཐད་ཀྱི་སྤེལ་རེས་བྱས་ཏེ་དབང་པོ་སྐྱོན་ཅན་ལ་འཚམས་པའི་ལས་གནས་འོས་འཚམས་མང་དུ་གཏོང་རྒྱུའི་རེ་བ་བཏོན་ནས་དབང་པོ་སྐྱོན་ཅན་ཚོའི་ལས་ཞུགས་ཀྱི་འདུན་པ་མངོན་འགྱུར་ཡོང་རོགས་བྱེད་གང་ཐུབ་བྱས་པ་རེད།

        འདི་ལོའི་དུས་ཚིགས་དང་པོར་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུའི་ལྟེ་གནས་ཀྱིས་ལས་ཤོར་ཐོ་འགོད་བྱས་རུང་ལས་ཞུགས་བྱུང་མེད་པའི་དབང་པོ་སྐྱོན་ཅན་ལ་ཆེད་དོན་གདན་ཞུའི་ཚོགས་འདུ་ཐེངས་གསུམ་གཉེར་ནས་མི་48ལ་ལས་རིགས་ཀྱི་མཛུབ་ཁྲིད་དང་བློ་འདྲི་བྱས་པ་མ་ཟད། མི་28ཆེད་དོན་གདན་ཞུའི་ཚོགས་འདུ་བརྒྱུད་ལས་ཞུགས་བྱེད་ཐུབ་པ་བྱུང་བ་དང་མི་1རང་བརྟེན་ལས་གཏོད་བྱེད་ཐུབ་པ་བྱུང་ཡོད་པ་རེད། ལས་རིགས་མཛུབ་ཁྲིད་དང་གདན་ཞུའི་ཚོགས་འདུ་གཉེར་བ་སོགས་ཀྱི་ཞབས་ཞུའི་ལས་དོན་ཁྲོད་ལས་ཞུགས་ཞབས་ཞུའི་ལྟེ་གནས་ཀྱིས་ལས་རིགས་མཛུབ་ཁྲིད་ལས་དོན་གྱི་གོ་རིམ་ནན་སྲུང་བྱས་ཏེ་མི་སྤྱོད་ཚན་པའི (ཁེར་རྐྱང )མི་སྤྱོད་དགོས་མཁོའི་གནས་ཚུལ་ལ་གཞིགས་ནས་དགོས་མཁོ་ལྟར་མི་སྤྱོད་ཚན་པ་དང་དེ་བཞིན་གདན་ཞུ་དང་ལེན་བྱེད་མཁན་དང་གྲོས་མོལ་བྱེད་པ་དང་གདན་ཞུའི་ཚོགས་འདུ་འཚོགས་པ་ཕུད་ད་དུང་དུས་ངེས་གཏན་ནང་ལས་ཤོར་ཐོ་འགོད་བྱེད་མཁན་དབང་པོ་སྐྱོན་ཅན་དང་མི་སྤྱོད་ཚན་པ་དང་དེ་བཞིན་གདན་ཞུ་དང་ལེན་བྱེད་མཁན་རྣམས་ལ “བཅའ་ཁྲིམས་གསུམ་དང་སྲོལ་ཡིག་གཅིག ”སྒྲོག་འགྲེལ་བྱས་ཏེ་མི་སྤྱོད་ཚན་པ་དང་དབང་པོ་སྐྱོན་ཅན་ལས་མི་ཚོས་རང་སོ་སོའི་དབང་ཆ་དང་སྒྲུབ་དགོས་པའི་འོས་འགན་གསལ་པོ་རྟོགས་པ་བྱས་པ་རེད། གསོ་སྦྱོང་ཡག་པོ་བྱས་ནས་དབང་པོ་སྐྱོན་ཅན་ལ་ལས་ཞུགས་ཐད་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ཞིང་། ལས་ཞུགས་ཁྲོམ་རའི་ཐོག་དབང་པོ་སྐྱོན་ཅན་གྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་ཆེད་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱིས་དབང་པོ་སྐྱོན་ཅན་གྱི་རྩལ་ནུས་གསོ་སྦྱོང་ཞབས་ཞུའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ་དང་། རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་རོགས་སྐྱོར་མཐུན་ཚོགས་དང་མཉམ་ལས་བྱས་པ་བརྒྱུད་འདི་ལོའི་དུས་ཚིགས་དང་པོར་གློག་ཀླད་གསོ་སྦྱོང་འཛིན་གྲྭ་དང་། འཚེམ་བཟོའི་འཛིན་གྲྭ རི་མོའི་འཛིན་གྲྭ་བཅས་དང་དེ་བཞིན་ལོང་བའི་འཕྲོད་སྦྱོར་འཕུར་མཉེད་འཛིན་གྲྭ་གཉེར་ནས་ཁྱོན་སློབ་མ་72རྩལ་ནུས་གསོ་སྦྱོང་ནང་ཞུགས་ཤིང་། རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་དོ་དམ་ཅུས་ཀྱིས་ད་དུང་སློབ་མར་དཔྱད་ཞིབ་ཆོད་སྡོམ་བྱས་ནས་དེ་མཚུངས་ཀྱི་རིམ་པ་མི་འདྲ་བའི་ལག་ཁྱེར་སྤྲད་པ་རེད། ཚོན་རིས་འཛིན་གྲྭའི་དབང་པོ་སྐྱོན་ཅན་སློབ་མའི་དངོས་སྦྱོང་བྱེད་ཡུལ་གྱི་གནད་དོན་ཐག་གཅོད་བྱེད་ཆེད་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱིས་ད་དུང་ལྷ་ས་གྲོང་ཁྱེར་གནའ་བོའི་སྒྱུ་རྩལ་བཟོ་བཀོད་རིག་གནས་ཚད་ཡོད་ཀུང་སི་དང་མཐུན་སྦྱོར་ཐེངས་མང་བྱས་ཏེ་མིག་སྔར་དབང་པོ་སྐྱོན་ཅན་སློབ་མ་6ཀུང་སི་དེར་དངོས་སྦྱོང་བྱེད་ཀྱི་ཡོད་པ་རེད།

        རོགས་སྐྱོར་ཟླ་བའི་བྱེད་སྒོར་བརྟེན་ནས་དབང་པོ་སྐྱོན་ཅན་ཚོར་དེ་བས་མང་བའི་ཐུགས་ཁུར་ཚོར་བ་བྱས་ཤིང་། ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱིས་ཟླ་1པོ་ནས་ཟླ་3པའི་བར་རྒྱལ་ཡོངས་སུ་དབང་པོ་སྐྱོན་ཅན་གྱི “གསོ་སྦྱོང་ལས་ཞུགས་ལོའི ”རོགས་སྐྱོར་བྱེད་སྒོ་སྤེལ་བའི་ཕན་ཡོད་ཀྱི་གོ་སྐབས་ལ་བརྟེན་ནས་ཟླ་1པོའི་ཚེས་5ནས་ཟླ་3པའི་ཚེས་1ཉིན་བར་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་དབང་པོ་སྐྱོན་ཅན་གྱི “གསོ་སྦྱོང་ལས་ཞུགས་ལོའི ”རོགས་སྐྱོར་ཟླ་བའི་བྱེད་སྒོ་སྤེལ་ནས་རོགས་སྐྱོར་བྱ་ཡུལ་གཅིག་ཐོན་མ་ཐག་དེར་རོགས་རམ་བྱས་ཏེ་སེམས་རྣལ་དུ་བབས་པའི་བྱེད་ཐབས་སྤྱད་དེ་དབང་པོ་སྐྱོན་ཅན་དེ་བས་ལེགས་པའི་ངང་གསོ་སྦྱོང་ནང་ཞུགས་རྒྱུར་རོགས་རམ་དང་ལས་ཞུགས་ལ་སྐུལ་འདེད་བཏང་ནས་དབང་པོ་སྐྱོན་ཅན་དང་དེའི་ཁྱིམ་ཚང་གི་འཚོ་བའི་ཁུར་པོ་ཡང་དུ་བཏང་བ་དང་། རོགས་སྐྱོར་ཟླ་བའི་རིང་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣས་ད་དུང་ལྷ་ས་གྲོང་ཁྱེར་ཉང་བྲན་ཤང་གི་གྲོང་ཚོ་6དང་དོག་སྡེ་ཤང་ལྷོ་ངོས་གྲོང་ཚོ་དང་གཞིས་རྩེ་ས་ཁུལ་གྱི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་དབུལ་པོར་བསྐྱོད་ནས་འཚམས་འདྲིའི་བྱེད་སྒོ་སྤེལ་བས་དབང་པོ་སྐྱོན་ཅན་དབུལ་པོ་རྣམས་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་བའི་ཁར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དངོས་འབྲེལ་མྱོང་ཚོར་ཐུབ་པ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།