དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རོགས་སྐྱོར་སྲིད་ཇུས་ཀྱིས་གངས་ལྗོངས་ས་མཐོར་དྲོ་སྐྱིད་སྦྱིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་90%ཡན་ལ་རང་ཉིད་ལ་དབང་བའི་སྡོད་ཁང་མེད་པ་ནས་ཞིང་འབྲོག་མང་ཚོགས་98.7%ལ་རང་ཉིད་ལ་དབང་བའི་སྡོད་ཁང་ཡོད་པའི་བར་དང་། མི་འབོར་གྱི་95%ཡན་ཟིན་པའི་ཞིང་བྲན་དང་བྲན་གཡོག་སློབ་གྲྭར་རྩ་བ་ནས་སྐྱོད་མི་ཐུབ་པ་ནས “གཞི་རྩའི་ཆ་གཉིས ”ཀྱི་འགག་སྒྲོལ་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བའི་བར། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ་35.5ཡིན་པ་ནས་ལོ་67བར་མཐོ་རུ་ཕྱིན་པ་སོགས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60རིང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་སྲིད་གཞུང་གིས་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པས་གངས་ལྗོངས་ས་མཐོར་འཚོ་བ་སྐྱེལ་བཞིན་པའི་མི་རིགས་ཁག་གི་མང་ཚོགས་ཚོས་དྲོ་སྐྱིད་ལྡན་པའི “དམངས་འཚོའི་ཉི་འོད ”ལོངས་སྤྱོད་གང་ལེགས་བྱེད་བཞིན་ཡོད།

        1. འདི་ནི་བོད་རང་སྐྱོང་ལྗོངས་སྣེ་གདོང་རྫོང་སྐྱེད་པ་ཤང་མཐོ་དམའ་གཉིས་ལྡན་སློབ་ཆུང་གི་སློབ་ཕྲུག་ཚོས་སློབ་ཁང་ནང་དཔེ་དེབ་ཀློག་པའི་གནས་ཚུལ་ཡིན་པ།

        2. བོད་ལྗོངས་ལྷ་སའི་ནུབ་འདབས་བདེ་སྡོད་གླིང་དུ་ལས་འཁྱུར་ངལ་གསོ་རྒྱག་མཁན་བོད་རིགས་བགྲེས་སོང་ཚོས་གླུ་ལེན་གར་འཁྲབ་བྱེད་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།