དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དགའ་རྒྱལ་ཁང་གསར་ནང་སྤོས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        ཉེ་ཆར་གསར་འགོད་པས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་བན་དཀར་ཤང་མདའ་ཁྱིམ་གྲོང་ཚོར་བཅར་འདྲི་བྱེད་སྐབས་ཡུལ་མི་དགའ་རྒྱལ་ཁང་པ་གསར་པའི་ནང་སྤོས་སྟེ་ཁང་གསོལ་གཏོང་བ་དང་ཏག་ཏག་འཁེལ་། དགའ་རྒྱལ་གྱི་གུ་ཡངས་ཤིང་དཀར་ཆ་དོད་པའི་ཁང་པའི་ཀ་གདུང་ལ་དཀྲོལ་བརྒྱབ་ཡོད། ཁང་གསོལ་མཛད་སྒོར་ཡོང་མཁན་སྐུ་མགྲོན་ཚོས་ཐོག་སོ་གཉིས་པའི་ཉི་འོད་དྲོ་བའི་ཁང་པའི་ནང་སྒོར་གཞས་བརྒྱབ་ནས་རྟེན་འབྲེལ་མཚོན་པར་བྱས།

        ཁྱིམ་བདག་གིས་སྐུ་མགྲོན་ལ་ཞོ་དང་། འོ་མ། ཤ ཨ་རག ཤིང་འབྲས་སོགས་ཅོག་ཙེའི་ཐོག་བཤམས་ནས་སྣེ་ལེན་གཟབ་རྒྱས་ཞུས།

        སྐབས་རེ་འཐུང་བཅའི་སྣོད་ཁེབས་ཕྱེ་ནས་གསར་འགོད་པར་བཞེས་ཟེར་བ་དང་། སྐབས་རེ་ཤ་མོག་འཁྱེར་ཡོང་ནས་གསར་འགོད་པར་མཆོད་ཟེར། གསར་འགོད་པས་སྦྱིན་བདག་དེའི་གདོང་ལས་དེང་གི་ཞིང་འབྲོག་པའི་འཚོ་བ་ཉིན་རེ་ལས་ཉིན་རེ་བཞིན་ལེགས་སུ་འགྲོ་བ་ཤེས་བྱུང་།

        “སྡོད་ཁང་གསར་པ་རྒྱག་པར་སྒོར་ཁྲི་60ལྷག་ཙམ་སོང ”ཞེས་དགའ་རྒྱལ་གྱི་ལན་དེ་ཐོས་འཕྲལ་གསར་འགོད་པ་ཧང་སངས་བྱུང་།

        ཅི་འཕྲོས་མོལ་འཕྲོས་ནང་ཁོང་ཚོའི་ཁྱིམ་གྱིས་དབྱར་རྩྭ་དགུན་འབུ་འཐུ་བ་དང་། སྐྱེལ་འདྲེན་བྱེད་པ། གླ་པ་རྒྱུག་པ་སོགས་ལ་བརྟེན་ནས་ཕྱུག་པོ་ཆགས་ཤིང་། སྔོན་མ་ནང་མི་12ཡོད་པ་རྣམས་ཁང་པ་གོག་རུལ་ནང་སྡོད་དགོས་ཀྱི་ཡོད། ལོ་མང་རིང་དངུལ་བསགས་ནས་སྒོར་ཁྲི་60ལྷག་ཙམ་བཏང་སྟེ་ཐོག་སོ་ཉིས་ལྡན་གྱི་བོད་བཟོའི་ཁང་པ་ཞིག་བརྒྱབ་པ་གསར་འགོད་པས་ཤེས་རྟོགས་བྱུང་། ཉེ་བའི་ལོ་ཤས་ནང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་རང་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་དཀའ་སྤྱད་ལ་བརྟེན་ནས་ཕྱུག་འགྱུར་ཡོང་ཐབས་བྱས་ཏེ་ཟས་གོས་འགྲོ་སྡོད་སོགས་ཧ་ཅང་ལེགས་སུ་ཕྱིན་ཡོད། དགའ་རྒྱལ་གྱི་ཁང་གསར་དང་ཁྱིམ་གྱི་འཛིན་ཆས་ལ་བལྟས་ཚེ་ཁོང་ཚོའི་ཁྱིམ་གྱི་ཟས་གོས་དང་འཚོ་བར་སེམས་ཁྲལ་མེད་པ་ཞིག་འདུག

        “ཁྱིམ་ནང་ངལ་རྩོལ་ནུས་ཤུགས་མང་པོ་ཡོད། ངས་སྐྱེལ་འདྲེན་གཙོ་བོ་བྱས་ནས་ལོར་ཡོང་འབབ་ཁེ་གཙང་སྒོར་ཁྲི་གཉིས་གསུམ་ཡོང་གི་འདུག ”ཅེས་དགའ་རྒྱལ་གྱི་བུ་འཇིགས་རྒུས་བཤད་ཅིང་། ཁོང་ནི་ཁྱིམ་གྱི་ངལ་རྩོལ་ནུས་ཤུགས་གཙོ་བོ་དེ་ཡིན། བཞིན་མདངས་ནག་པའི་གདོང་ལས་ཞིང་པའི་དཀའ་སྤྱད་ལས་བརྩོན་མཐོང་ཐུབ།

        བན་དཀར་ཤང་གི་ཤང་ཀྲང་གཞོན་པ་ཏུའུ་ལིང་ཕུང་གིས་ད་ཆ་ཡུལ་མིའི་བསམ་བློའི་འདུ་ཤེས་འགྱུར་ཧ་ཅང་མགྱོགས་པོ་ཡོད། ཕྱུགས་འཚོ་བ་དང་དབྱར་རྩྭ་དགུན་འབུ་འཐུ་བ་ཕུད་མི་མང་ཆེ་བས་སྣ་མང་གཉེར་སྐྱོང་བྱས་པས་འཚོ་བ་ཕྱུག་ཙམ་ཡོད། དེ་དང་དུས་མཚུངས་སྣ་མང་གཉེར་སྐྱོང་བྱས་པའི་ཡོང་འབབ་རྣམས་མང་ཆེ་བ་ཁང་པ་རྒྱག་པ་དང་རླངས་འཁོར་ཉོ་བ་སོགས་ཐོན་སྐྱེད་དང་འཚོ་བའི་ཐད་སྤྱོད་པའི་གོམས་གཤིས་བཟང་པོ་ཞིག་ཆགས་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

        གསར་འགོད་པས་བན་དཀར་ཤང་གི་བསྡོམས་རྩིས་ནས་མཐོང་བར་གཞིགས་ན། མདའ་ཁྱིམ་གྲོང་ཚོར་དུད་ཁྱིམ་59ལ་རླངས་འཁོར་2དང་། འདྲུད་འཐེན་འཁོར་ལོ་17 སྦག་སྦག་60 སྒྲ་བསྡུ་འཕྲུལ་འཁོར་13 བཪྙན་འཕྲིན་44 རྩམ་འཐག་འཕྲུལ་འཁོར་27 ཉི་ནུས་གློག་འདོན་འཕྲུལ་ཆས་52 འབྲུ་འདོན་འཕྲུལ་འཁོར་5བཅས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།