དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དམངས་འཚོའི་དཔྱིད་རླུང་ས་མཐོར་དལ་བུར་ལྡང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ་ཀྲང་ཕན་དང་། བཀྲ་ཤིས། ལིའུ་ཝུན་པོ་བཅས་ཀྱིས།   |     སྤེལ་དུས།  2015-05-15

        བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ 60 ཡི་རིང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་དམངས་འཚོ་འགན་ལེན་བྱ་རྒྱུ་དང་ལེགས་སུ་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་པའི་ཁར་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་རྒྱུ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ལ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་མཐོ་རུ་བཏང་སྟབས་བོད་ཀྱི་མི་དམངས་ལ་སློབ་གྲྭར་སྐྱོད་དུས “འགན་ལེན་གསུམ ”ཡོད་པ་དང་། ལས་ཞུགས་བྱེད་དུས་ཐབས་ལམ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ་བཅས་བྱུང་བ་དང་། ལྷག་པར་དུ “ལོ་ལྔ་ཚན་བཅུ་གཅིག་པའི ”ཚུན་དུ་བདེ་སྡོད་ལས་བརྩོན་ཚད་བརྒལ་སར་བྱེད་པའི་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་ལས་དོན་དེ་དཔྱིད་ཀྱི་རླུང་བུ་སྦྲང་ཆར་དུ་འགྱུར་བ་བཞིན་ས་གཞི་ཡོངས་སུ་བརླན།

        སློབ་ཕྲུག་ཁྲི་50 ལྷག་ཙམ་ལ “འགན་ལེན་གསུམ ”གྱི་སྲིད་ཇུས་ཀྱི་ཕན་པ་ཐོབ་པ།

        བོད་ཪྙིང་པར་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གསོ་མེད་པའི་རྐྱེན་གྱིས་95% ཡན་ནི་ཡིག་རྨོངས་པ་ཡིན་པ་དང་། སློབ་གྲྭར་ཞུགས་ཚད་2% ཁོ་ན་ལས་ཟིན་གྱི་མེད་པ། སློབ་གྲྭར་ཞུགས་མཁན་ཚང་མ་ནི་སྐུ་དྲག་གི་བུ་ཕྲུག་ཡིན་པ་རེད། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་བོད་མི་དམངས་རྣམས་རིག་གནས་སྒེར་གཅོད་རིང་ལུགས་ཀྱི་འཆིང་རྒྱ་ལས་ཐར་ནས་སློབ་གསོ་དང་ལེན་བྱེད་པའི་དབང་ཆར་འགན་ལེན་གང་ལེགས་བྱུང་ཡོད།

        ད་ཆ་གངས་ལྗོངས་ས་གཞི་ཆེ་མོའི་ཐོག་བྱིས་པའི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། དར་མའི་སློབ་གསོ། དམིགས་བསལ་སློབ་གསོ་སོགས་ཚུད་པའི་འཐུས་སྒོ་ཅུང་ཚང་བ་དང་། བོད་ཀྱི་ཁྱད་ཆོས་ལྡན་པ། མི་རིགས་ཀྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་སློབ་གསོའི་མ་ལག་ཅིག་ཆགས་ཤིང་། བསྡོམས་རྩིས་ལྟར་ན། 1959 ལོ་ནས་ད་བར་རིམ་རྩིས་བྱས་ན་རྒྱལ་ཁབ་ཀྱིས་བོད་ཀྱི་སློབ་གསོར་མ་དངུལ་སྒོར་དུང་ཕྱུར་407 ཙམ་བཏང་ཡོད།

        1984 ལོར་རྒྱལ་ཁབ་ཀྱིས “ནང་སར་བོད་ལྗོངས་སློབ་གྲྭ་འཛུགས་རྒྱུ་དང་བོད་ལྗོངས་འཛིན་གྲྭ་གཉེར་རྒྱུའི ”ཐབས་ཇུས་གལ་ཆེན་གཏན་འབེབས་བྱས་པ་དང་1985 ལོ་ནས་བཟུང་པེ་ཅིང་དང་། ཧྲང་ཧའེ། ཐེན་ཅིན་སོགས་ཞིང་ཆེན་དང་གྲོང་ཁྱེར་16 ཏུ་ནང་སའི་བོད་ལྗོངས་འཛིན་གྲྭ (སློབ་གྲྭ )བཙུགས་ཤིང་། ལོ་20 ལྷག་ཙམ་རིང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་20 ཡི་སློབ་གྲྭ་28 དུ་ནང་སའི་བོད་ལྗོངས་འཛིན་གྲྭ (སློབ་གྲྭ )བཙུགས་ཡོད། 2010 ལོ་བར་ནང་སའི་བོད་ལྗོངས་འཛིན་གྲྭ (སློབ་གྲྭ )ཡིས་རིམ་རྩིས་བྱས་ན་དམའ་རིམ་སློབ་འབྲིང་གི་སློབ་མ་ཁྲི་3.99 བསྡུས་པ་དང་བོད་དུ་འབྲིང་རིམ་ཆེད་ལས་སློབ་གྲྭ་ཡན་གྱི་སློབ་ཐོན་སློབ་མ་ཁྲི་ 1.88 ལྷག་ཙམ་གསོ་སྐྱོང་བྱས་ཡོད།

        1985 ལོ་ནས་བཟུང་རྒྱལ་ཁབ་ཀྱིས་བོད་ཀྱི་ཞིང་འབྲོག་པའི་བུ་ཕྲུག་གིས་འོས་འགན་སློབ་གསོ་དང་ལེན་བྱེད་པའི་ཐད “འགན་ལེན་གསུམ ”གྱི་སྲིད་ཇུས་ལག་ལེན་བསྟར་ཞིང་། 2007 ལོའི་སྟོན་ཁར་བོད་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་པའི་བུ་ཕྲུག་ལ་སློབ་ཡོན་མི་དགོས་པའི་འོས་འགན་སློབ་གསོ་ལག་བསྟར་བྱས་པའི་རྨང་གཞིའི་ཐོག་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མ་ཚང་མར་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་བསྟར་བྱས་ཡོད།

        ཞིང་འབྲོག་ཁུལ་དུ་རིན་མེད་སྨན་བཅོས་ལམ་ལུགས་ལག་བསྟར་བྱུང་བ།

        ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་དུ་སྨན་བཅོས་སྡེ་ཚན་གཉིས་རང་ལས་མེད་པ་སྟེ། ལྷ་སའི “སྨན་རྩིས་ཁང ”དང་ལྕགས་པོ་རི་རིག་བྱེད་འགྲོ་ཕན་གླིང་གཉིས་རེད། བོད་རིགས་མང་ཚོགས་ཕལ་པ་ཞིག་ལ་ཆ་མཚོན་ན་ནད་གཞི་འཕོག་ཚེ་ལས་ལ་གང་བསྐོས་རང་ཡིན་པ་དང་ལྷག་པར་དུ་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་འཆི་ཚད་མཐོ་པོ་ཡོད།

        ཞི་བས་བཅིངས་འགྲོལ་བཏང་བ་ནས་ད་བར་རྒྱལ་ཁབ་ཀྱིས་བོད་ཀྱི་ཞིང་འབྲོག་པར་དམིགས་བསལ་གྱི་རིན་མེད་སྨན་བཅོས་སྲིད་ཇུས་ལག་བསྟར་བྱས་པ་དང་རིན་མེད་སྨན་བཅོས་ཀྱི་ཁ་གསབ་ཚད་གཞི་ལོ་རིམ་བཞིན་མཐོ་རུ་བཏང་། མིག་སྔར་རིན་མེད་སྨན་བཅོས་ཀྱིས་རྨང་གཞི་བྱེད་པ་དང་སྲིད་གཞུང་གི་གཏོང་ཆ་གཙོ་བོར་བྱས་པའི་ཁྱིམ་དུད་ཀྱི་ཐོ་ཁོངས་དང་། ནད་ཆེའི་སྨན་ཡོན་གཅིག་གྱུར་གྲབས་གསོག སྨན་བཅོས་སྐྱོབ་རོགས་བཅས་གསུམ་ཟུང་དུ་སྦྲེལ་བའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཤིག་ཕྱོགས་ཡོངས་ནས་བཙུགས་ཤིང་། 2010 ལོར་རིམ་ཁག་ནོར་སྲིད་ཀྱིས་ཞིང་འབྲོག་པར་རིན་མེད་སྨན་བཅོས་ཁ་གསབ་སྤྲོད་ཚད་ལོ་རེར་མི་རེར་ཆ་སྙོམས་སྒོར་180 ཟིན་པ་དང་། སློབ་གྲྭར་ཡོད་པའི་ཞིང་འབྲོག་པའི་བུ་ཕྲུག་དང་། གྲྭ་བཙུན། ཞིང་འབྲོག་ལས་མི། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་བཅས་ཚང་མར་རིན་མེད་སྨན་བཅོས་སྲིད་ཇུས་ལག་བསྟར་བྱས་པ། རིན་མེད་སྨན་བཅོས་ཀྱི་གཏོང་སྤྲོད་ཚད་གཞི་མཐོ་ཤོས་དེ་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་གི་ལྡབ་ 6 ཟིན་གྱི་ཡོད་པ་རེད།

        ཞིང་འབྲོག་ཁུལ་གྱི་བདེ་ཐང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་ཆེད་2009 ལོའི་ཟླ་བ་བརྒྱད་པར་བོད་ཀྱིས “ཞིང་འབྲོག་པའི་བདེ་ཐང་སྐུལ་སྤེལ་བྱ་སྤྱོད ”སྤེལ་འགོ་བཙུགས་པ་དང་། བདེ་ཐང་སློབ་གསོ་དང་། རིམས་འགོག་འཆར་གཞི། འགོས་ནས་འགོག་བཅོས། བྱིས་པའི་འཕྲོད་སྦྱོར། སྦྲུམ་མའི་འཕྲོད་སྦྱོར་ལ་སོགས་པའི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ལག་བསྟར་བྱས་པ། ཞིང་འབྲོག་ཁུལ་གྱི་སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེས་པར་སྨན་རིན་ཚང་མ་རྩིས་ཞུ་བྱེད་ཀྱི་ཡོད།

        གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་ལག་བསྟར་བྱས་པ།

        2010 ལོའི་ཟླ་2 ཚེས་3 ཉིན་གྱི་སྔ་དྲོ་ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་ཤང་གི་ལོ་60 ཡན་ཟིན་པའི་རྒན་རྒོན་441 ལ་སྲིད་གཞུང་ནས་ 2009 ལོའི་ཟླ་11 ནས་2010 ལོའི་ཟླ་3 བར་གྱི་རྒན་གསོའི་དངུལ་སྔ་སྣུར་དུ་རག་ཅིང་། དེ་ནི་བོད་ཀྱིས་གཏོང་སྤྲོད་བྱས་པའི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པའི་རྒན་གསོའི་དངུལ་ཁག་དང་པོ་དེ་ཡིན་པའི་ཐོག་ནས་ཀྱང་བོད་དུ་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་མཚོན།

        བོད་ཀྱི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་དེ་རྨང་གཞིའི་རྒན་གསོའི་དངུལ་དང་མི་སྒེར་གྱི་ཐོ་ཁོངས་ཀྱི་རྒན་གསོའི་དངུལ་རིགས་གཉིས་སུ་ཕྱེ་ཞིང་། ལོ་60 ཡན་གྱི་རྒན་རྒོན་ལ་ཆ་མཚོན་ན་རང་ཉིད་ཀྱིས་གྲོན་དངུལ་སྤྲོད་དགོས་མེད་པར་མི་རེར་ཟླ་རེར་རྨང་གཞིའི་རྒན་གསོའི་དངུལ་སྒོར་55 ལེན་རྒྱུ་ཡོད་པ་དང་རྨང་གཞིའི་རྒན་གསོའི་དངུལ་སྤྲོད་ཚད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

        མི་སྒེར་ཐོ་ཁོངས་ཀྱི་རྒན་གསོའི་དངུལ་དེ་མི་སྒེར་གྱི་གྲོན་དངུལ་དང་། སྲིད་གཞུང་གི་ཁ་གསབ། གྲོང་ཚོའི་མཉམ་སྡེབ་ཀྱི་ཁ་གསབ། སྤྱི་ཚོགས་རྩ་འཛུགས་གཞན་གྱི་རོགས་དངུལ། སྐྱེད་ཀ་སོགས་ལས་གྲུབ།

        2010 ལོའི་ཟླ་11 པའི་ཟླ་མཇུག་བར་བོད་ཀྱི་རྫོང (གྲོང་ཁྱེར་དང་ཆུས )73ཚང་མ་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་ཚོད་ལྟའི་ལག་བསྟར་བྱེད་པའི་ཁྱབ་ཁོངས་སུ་བཅུག་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བཏོན་པའི་དམིགས་ཚད་དང་ལས་འགན་དུས་བཀག་ལས་ལོ་གཉིས་སྔོན་དུ་མངོན་འགྱུར་བྱུང་ཡོད།

        བདེ་སྡོད་ལས་གྲྭས་ཞིང་དུད་ཁྲི་སྟོང་མང་པོར་བདེ་སྐྱིད་བསྐྲུན་པ།

        2006 ལོའི་ཟླ་1 ནས་བཟུང་བོད་ཀྱིས་འབྲོག་པ་གཏན་སྡོད་དང་། དབུལ་སྐྱོར་གནས་སྤོ། ཞིང་ཁང་སྒྱུར་བཀོད་བཅས་གཙོ་གནད་དུ་བྱས་པའི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་པ་དང་། ཞིང་ཁང་གི་ཡོམ་འགོག་བརྟན་གཏོང་ལས་གྲྭ་དང་། གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་ཚོད་ལྟ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་འཛུགས་སྐྲུན། གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ལས་གྲྭ་བཅས་ལག་བསྟར་བྱས་པ། ཆུ་དང་། གློག འཕྲིན་གཏོང་། ལམ། སོལ་རླངས། རླུང་འཕྲིན་བཪྙན་འཕྲིན། སྦྲག་སྲིད། མཛེས་སྡུག་ལྡན་པའི་ཁོར་ཡུག་བཅས “བརྒྱད་འཛོམས་ཞིང་དུད ”ལས་གྲྭར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། 2010 ལོའི་ལོ་མཇུག་ཏུ་སླེབས་སྐབས་རིམ་རྩིས་བྱས་ན་བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་170 བཏང་ནས་ལྗོངས་ཡོངས་ཀྱི་སྡོད་ཁང་གི་ཆ་རྐྱེན་ཅུང་ཞན་པའི་ཞིང་འབྲོག་དུད་ཁྱིམ་ཁྲི་ 27.48

        དང་ཞིང་འབྲོག་པ་ཁྲི་143 ལ་བདེ་འཇགས་དང་སྤྱོད་གོ་ཆོད་པའི་སྡོད་ཁང་བསྐྲུན་ནས་དུས་བཀག་ལས་ལོ་གཅིག་གི་སྔོན་དུ་འཆར་འགོད་དམིགས་ཚད་མངོན་འགྱུར་བྱས་ཡོད།

        ལོ་60 ཡི་རིང་འབད་བརྩོན་བྱས་པ་བརྒྱུད་བོད་ཀྱི་རྒྱ་ཆེའི་མང་ཚོགས་ཀྱི་སྡོད་ཁང་གི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ཞིང་། བཅིངས་འགྲོལ་མ་བཏང་གོང་སྡོད་ཁང་རྩ་བ་ནས་མེད་པའམ་ཡང་ན་རྩྭ་ཆུ་གང་བཟང་དུ་བསྡད་ནས་སྐྱས་སྤོའི་འཚོ་བ་སྐྱེལ་མཁན་མང་ཚོགས་མང་དག་ཅིག་ད་ཆ་དཀར་ཆ་དོད་ལ་རྒྱ་ཆེའི་བའི་སྡོད་ཁང་ནང་སྡོད་རྒྱུ་བྱུང་བ་དང་ མི་ཕྱུགས་ལོགས་སུ་ཕྱེ་ནས་སྡོད་རྒྱུ་བྱུང་བ་མ་ཟད། གློག་བཞུ་དང་། ཁ་པར། རླུང་འཕྲིན། བཪྙན་འཕྲིན་བཅས་ཀྱང་བེད་སྤྱོད་གཏོང་རྒྱུ་བྱུང་ཡོད། བསྡོམས་རྩིས་ལྟར་ན། 2010 ལོའི་ལོ་མཇུག་བར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ་ 34.72 ཟིན་ཡོད།

           ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ལས་ཞུགས་ལ་སྐུལ་འདེད་བཏང་བ།

        ལས་ཞུགས་ནི་དམངས་འཚོའི་གཞི་རྩ་ཡིན་ཞིང་། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་རང་སྐྱོང་ལྗོངས་ཀྱིས་སྤྱི་སྤྱོད་གཏོང་ཆ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་བྱང་ཚད་ཧྲིལ་པོ་མཐོ་རྒྱུ་གཏོང་རྒྱུར་སྐུལ་འདེད་བཏང་བ། ལས་ཞུགས་ཀྱི་ཆ་རྐྱེན་ཧུར་ཐག་བསྐྲུན་པ། ལས་ཞུགས་ཀྱི་གོ་སྐབས་མང་དུ་བཏང་ནས་དྲང་བཞག་ངང་ལས་ཞུགས་བྱེད་པ་དང་རང་ཚུགས་ངང་ལས་ཀ་འདེམས་པའི་བོད་ཀྱི་མི་རིགས་ཁག་གི་ངལ་རྩོལ་པའི་དབང་ཆར་འགན་ལེན་ནུས་ལྡན་བྱས་ཡོད། 2010 ལོའི་ལོ་མཇུག་ཏུ་སླེབས་སྐབས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་བསྡོམས་འབོར་ཁྲི་ 52.71 ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་ 3.81% ཟིན་གྱི་ཡོད།

        2006 ལོ་ནས་བཟུང་བོད་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལམ་ལུགས་སྒྱུར་བཅོས་བྱས་ཚུན་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ཁྱོན་ 45797 ལས་ཞུགས་ཐུབ་པ་དང་མཐོ་སློབ་སློབ་ཐོན་སློབ་མ་ཆ་སྙོམས་ལས་ཞུགས་ཐུབ་ཚད་ 87.94% ཟིན་ཡོད།

        2011 ལོའི་ཟླ་3 པའི་ཟླ་མཇུག་བར་བོད་ཀྱིས་སྤྱི་ཕན་རང་བཞིན་གྱི་ལས་གནས་བཙུགས་པ་བརྒྱུད་དཀའ་ངལ་སྣ་ཚོགས་ཡོད་པའི་མི་15048 ལ་ལས་ཞུགས་བྱེད་རོགས་བྱས་ཏེ་དཀའ་ངལ་ཡོད་མཁན་དང་ལྷག་པར་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི “ལས་ཞུགས་བྱེད་མཁན་མེད་པའི་ཁྱིམ་ཚང ”སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་དམངས་འཚོར་འགན་ལེན་ནུས་ལྡན་བྱས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད།

        དམངས་འཚོའི་འདུ་འགོད་མང་དག་ཅིག་ལག་བསྟར་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་བཞིན་ཡོད་ཅིང་། 2010 ལོར་བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དེ་ལོ་5 ཡི་གོང་གི་སྒོར་2078 ནས་2010 ལོའི་སྒོར་4138.71 བར་འཕར་བ་དང་ལོ་8 བསྟུད་མར་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་རྒྱུ་རྒྱུན་འཁྱོངས་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་བཀོལ་སྤྱོད་ཐུབ་པའི་ཡོང་འབབ་སྒོར་14980 ཟིན་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།