དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་གྲོང་ཁྱེར་གྱིས“རླངས་འཁོར་འཇོག་ས་མེད་པའི”གནད་དོན་ཐག་གཅོད་གང་ཐུབ་བྱེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བ་དང་སྦྲགས་ལྷ་ས་གྲོང་ཁྱེར་གྱི་མི་སེར་གྱི་ཁྱིམ་དུ་རླངས་འཁོར་ཉོ་མཁན་མང་དུ་ཕྱིན་ནས་གྲོང་ཁྱེར་ནང་རླངས་འཁོར་གྱི་བསྡོམས་གྲངས་མགྱོགས་མྱུར་འཕར་སྟབས་ལྷ་ས་གྲོང་ཁྱེར་གྱི་ཡུལ་མིར “རླངས་འཁོར་འཇོག་ས་མེད་པའི ”དཀའ་ངལ་འཕྲད་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་རླངས་འཁོར་འཇོག་ས་4000ཙམ་བསྐྲུན་ཡོད་ཅིང་། གཞན་ཡང་ལྷ་ས་གྲོང་ཁྱེར་གྱིས་ད་དུང་གྲོང་ཁྱེར་ལྟེ་གནས་སུ་ཐོན་ཁུངས་སྔོག་འདོན་བྱས་ཏེ་རླངས་འཁོར་འཇོག་ཐང་བསྐྲུན་མགྱོགས་སུ་གཏོང་གི་ཡོད། བསྐྲུན་རྩིས་ཡོད་པའི་སྤྱི་པའི་བཟོ་སྐྲུན་ཚང་མར་འཆར་འགོད་ཀྱི་ཚད་གཞིར་ནན་པོར་གཞིགས་ནས་ས་འོག་གི་རླངས་འཁོར་འཇོག་ཐང་བཀོད་སྒྲིག་བྱེད་པ་དང་ཁྲོམ་གཞུང་རྒྱུད་ཀྱི་བསྐྲུན་དངོས་ཚང་མ་ཐིག་དམར་ལས་སྨི་15བར་རྒྱང་རིང་དུ་བཏང་ནས་རླངས་འཁོར་འཇོག་ཐང་དུ་འཇོག་རྒྱུའི་བླང་བྱ་བཏོན་པ་རེད།

        ལྷ་ས་གྲོང་ཁྱེར་གཞུང་ཁོངས་ས་ཆ་ཐོན་ཁུངས་འཆར་འགོད་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་རླངས་འཁོར་འཇོག་ཐང་གི་གནས་ཚུལ་ལ་བརྟག་ཞིབ་བྱས་རྗེས་རླངས་འཁོར་འཇོག་ཐང་54འཆར་འགོད་བྱས་པ་དེའི་ནང་གྲོང་བྱང་དུ་རླངས་འཁོར་འཇོག་ཐང་8དང་། གྲོང་ནུབ་ཏུ་རླངས་འཁོར་འཇོག་ཐང་6 འདུ་འཛི་ཆེ་བའི་ལྟེ་བའི་ཁུལ་དུ་རླངས་འཁོར་འཇོག་ཐང་32སོགས་འཆར་འགོད་བྱས་ཡོད་པ་རེད།

        ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་འཛུགས་སྐྲུན་བྱེད་རིང་བྱེད་ཐབས་མང་པོ་མཉམ་འདོན་བྱས་ཏེ་རླངས་འཁོར་འཇོག་ཐང་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ་དང་ལོ་3ནང་གྲོང་ཁྱེར་ལྟེ་གནས་སུ “རླངས་འཁོར་འཇོག་ས་མེད་པའི ”གནད་དོན་ཞི་ལྷོད་དུ་ནུས་ལྡན་གཏོང་ཐུབ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།