དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་ཁྲེང་ཀོན་ཆུས་ཀྱིས་རང་ལོ་45ཡན་གྱི་གྲོང་ཁྱེར་གྱི་ཡུལ་མིར་རིན་པ་མི་དགོས་པར་གཟུཌ་པོ་བརྟག་དཔྱད་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་རང་ལོ་45ཡན་གྱི་གྲོང་རྡལ་གྱི་ཡུལ་མིར་རིན་པ་མི་དགོས་པར་བདེ་ཐང་གི་བརྟག་དཔྱད་དང་དེ་བཞིན་བདེ་ཐང་གི་ཡིག་ཚགས་འཛུགས་པའི་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་2011ལོར་རང་ལོ་45ཡན་གྱི་གྲོང་རྡལ་གྱི་ཡུལ་མིར་རིན་པ་མི་དགོས་པར་བདེ་ཐང་གི་བརྟག་དཔྱད་དང་བདེ་ཐང་གི་ཡིག་ཚགས་འཛུགས་རྒྱུའི་ལས་དོན་སྤེལ་འགོ་ཚུགས་པ་རེད།

        རང་ལོ་45ཡན་གྱི་གྲོང་ཁྱེར་གྱི་ཡུལ་མིར་རིན་པ་མི་དགོས་པར་བདེ་ཐང་གི་བརྟག་དཔྱད་དང་བདེ་ཐང་གི་ཡིག་ཚགས་འཛུགས་རྒྱུའི་ལས་དོན་ནི་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་དེ་ཡོངས་ཀྱི་མི་དམངས་ལ་བསྒྲུབ་རྒྱུ་ཁས་བླངས་པའི་དམངས་འཚོའི་རྣམ་གྲངས་བཅུ་གཉིས་ནང་གི་གྲས་ཤིག་ཡིན་པ་དང་ཁྲེང་ཀོན་ཆུས་ཀྱི་རང་ལོ་45ཡན་གྱི་ཡུལ་མི་4000ཙམ་དང་འབྲེལ་བ་ཡོད་པ་རེད། དུས་མཚུངས་ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་ནོར་སྲིད་ཀྱིས་ད་དུང་གཟུགས་པོ་བརྟག་དཔྱད་བྱེད་འདོད་ཡོད་པའི་ཡུལ་མི་མི་རེར་གཟུགས་པོ་བརྟག་དཔྱད་ཀྱི་འགྲོ་གྲོན་སྒོར་120བཀོད་སྒྲིག་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།