དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མངའ་རིས་སྤུ་ཧྲེང་རྫོང་རྒྱལ་ཁ་འདྲེན་ཁུལ་གྱི་ལས་གྲྭ་བསྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱིའི་མ་འཇོག་སྒོར་ཁྲི་2962.61ཡིན་པའི་སྤུ་ཧྲེང་རྫོང་རྒྱལ་ཁ་འདྲེན་ཁུལ་གྱི་ལས་གྲྭ་བསྐྲུན་འགོ་ཚུགས་པའི་མཛད་སྒོ་དེ་སྤུ་ཧྲེང་གྲོང་རྡལ་སྟོད་ཡུལ་གྲོང་ཚོར་སྤེལ་བ་རེད།

        རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལས་གྲྭ་དེ་2011ལོའི་ཟླ་11ཚེས་15ཉིན་ཡོངས་སུ་ལེགས་གྲུབ་བྱ་རྩིས་ཡོད། ལས་གྲྭ་གྲུབ་རྗེས་འདྲེན་ཁུལ་གྱི་འདྲེན་འབུད་མ་ལག་དང་བཟོ་བཀོད་འཐུས་ཚང་དང་ཇེ་ལེགས་སུ་ཕྱིན་ནས་འདྲེན་ཁུལ་གྱི་ཆུ་བེད་སྤྱོད་གཏོང་བའི་རྟགས་གྲངས་ནི་0.3ནས་0.65བར་མཐོ་རུ་སོང་བ་དང་། འདྲེན་ཁུལ་གྱི་ཆུ་འདྲེན་འགན་ལེན་ཐུབ་ཚད་དེ་ད་ཆའི་50%མི་ལོན་པ་ནས་75%ཡན་བར་མཐོ་རུ་སོང་བ། ཆུ་འདྲེན་རྒྱ་ཁྱོན་དེ་ད་ཆའི་མུའུ་6050ནས་མུའུ་ཁྲི་1.21བར་མང་དུ་སོང་བ་བཅས་བྱེད་ཐུབ་པ་མ་ཟད། སྣོད་བཅུད་ཁོར་ཡུག་དང་ས་ཆུ་སྲུང་འཛིན་ཐད་ལེགས་བཅོས་དང་འཕེལ་རྒྱས་ཡག་པོ་བྱུང་ནས་ཁེ་ཕན་ཐོབ་མཁན་མི་འབོར་4673ལོན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།