དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་ས་གཤིས་གཏེར་རྫས་རྩད་འཚོལ་ཐོན་འབྱེད་ཅུས་ཀྱི་ལས་དོན་ཚོགས་ཆུང་གིས་བྱ་སྤྱོད་ངོ་མའི་ཐོག་ནས་དམངས་ལ་ལས་དོན་དངོས་བསྒྲུབས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་17ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་རང་སྐྱོང་ལྗོངས་ས་གཤིས་གཏེར་རྫས་རྩད་འཚོལ་ཐོན་འབྱེད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཅུས་དེ་གའི་ཁྲུའུ་དང་ཁང་ཁག་གི་འགན་ཁུར་བ་གཙོ་བོ་འཁྲིད་དེ་གྲོང་ཚོར་བཅའ་སྡོད་ཅུས་དེ་གའི་ལས་དོན་འབྲེལ་གཏུག་ས་ཚིགས་ཡིན་པའི་ནག་ཆུ་རྫོང་སྟག་གསར་ཤང་གི་གྲོང་ཚོ་7པའི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོ་དང་བརྗོད་བྱ་གཙོ་བོའི་སློབ་གསོའི “ཕྱིར་དྲན་བྱེད་པའི ”བྱེད་སྒོའི་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་བྱས་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་དང་གྲོང་ཚོ་དེ་གའི་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་འབྲེལ་མང་ཚོགས་ལ་ཁ་གདན་དང་རྒྱབ་བསྙེས་སོགས་ཀྱི་མཁོ་ཆས་ཀྱང་སྤྲད་པ། དུས་མཚུངས་ཅུས་དེ་གའི་གཞི་རིམ་འཛུགས་སྐྱོང་ལོའི་གྲོང་ཚོ་7པའི་རྣམ་གྲངས་དངོས་སུ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་བཅས་རེད།

        གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་བ་ནས་བཟུང་རང་སྐྱོང་ལྗོངས་ས་གཤིས་གཏེར་རྫས་རྩད་འཚོལ་ཐོན་འབྱེད་ཅུས་ཀྱིས་ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་པའི་རྨང་གཞིའི་ཐོག་ཅུས་དེས་ས་གནས་དེ་གའི་མང་ཚོགས་ལ་བྱ་བ་དངོས་11བསྒྲུབ་རྒྱུའི་ཐག་བཅད་པའི་ནང་ལམ་བཟོ་དང་། ཟམ་རྒྱག འཕྲིན་གཏོང་། འཐུང་ཆུ། གློག་སྤྱོད། འབྲོག་པའི་དཔེ་དེབ་ཁང་། དཔལ་འབྱོར་མཉམ་ལས་རྩ་འཛུགས་འཛུགས་སྐྲུན་སོགས་དམངས་འཚོའི་རྣམ་གྲངས་མང་པོ་ཞིག་དང་འབྲེལ་བ་ཡོད་པ་དེར་མ་དངུལ་བསྡོམས་འབོར་སྒོར་ཁྲི་198.5ཟིན་ཡོད། རྣམ་གྲངས་དེ་དག་ལག་བསྟར་བྱས་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཆེན་པོ་གཏོང་རྒྱུ་ཡིན་པ་རེད།

        ལས་དོན་ཞིབ་བཤེར་བྱེད་རིང་ལྗོངས་ས་གཤིས་གཏེར་རྫས་རྩད་འཚོལ་ཐོན་འབྱེད་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ད་དུང་ཏང་ཡོན་རྒན་གྲས་དང་། དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་། དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་བཅས་དུད་ཚང་6ཏུ་ཆེད་མངགས་བསྐྱོད་ནས་ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་དང་ལུས་ཁམས་ཀྱི་གནས་ཚུལ་ལ་ཤེས་རྟོགས་བྱས་པ་དང་འབྲེལ་དུད་ཚང་རེར་འཚམས་འདྲིའི་དངུལ་སྒོར་300སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།