དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་གྲོང་ཁྱེར་གྱིས“རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཉིན་མོའི”འཚམས་འདྲིའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་5ཚེས་15ཉིན་ནི “རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཉིན་མོ ”ཨང་21པ་དེ་ཡིན་ཞིང་། འདི་ལོའི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཉིན་མོའི་བརྗོད་བྱ་གཙོ་བོ་ནི “དབང་པོ་སྐྱོན་ཅན་གྱི་དམངས་འཚོ་ལེགས་སུ་གཏོང་བ་དང་དབང་པོ་སྐྱོན་ཅན་གྱི་ཁེ་དབང་སྲུང་སྐྱོང་བྱེད ”ཅེས་པ་དེ་ཡིན། ཟླ་5ཚེས་11ཉིན་གྱི་ཕྱི་དྲོ་ལྷ་ས་གྲོང་ཁྱེར་གྱིས “རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཉིན་མོ ”ཨང་21པའི་གཅིག་སྡུད་འཚམས་འདྲིའི་བྱེད་སྒོ་སྤེལ་བ་དང་ལྷ་ས་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པའི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་གི་དབང་པོ་སྐྱོན་ཅན་61ཐེངས་འདིའི་བྱེད་སྒོའི་ནང་ཞུགས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ད་ཕན་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་དབང་པོ་སྐྱོན་ཅན་གྱི་དམངས་འཚོའི་རྣམ་གྲངས་ལས་དོན་སྤེལ་བ་བརྒྱུད་དབང་པོ་སྐྱོན་ཅན་དང་ལྷག་པར་དུ་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་དོ་སྣང་ཆེ་ཤོས་བྱེད་པ་དང་། དབང་པོ་སྐྱོན་ཅན་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། དབང་པོ་སྐྱོན་ཅན་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་དགོས་གཏུགས་ཀྱི་དགོས་མཁོ་ཐག་གཅོད་ཏན་ཏིག་བྱས་པས་དབང་པོ་སྐྱོན་ཅན་གྱི་འཚོ་བའི་གནས་ཚུལ་ཁྱོན་ཡོངས་ནས་ལེགས་སུ་ཕྱིན་པ་དང་། སྤྱི་ཚོགས་འགན་སྲུང་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་ངེས་ཅན་ཕྱིན་པ། དབང་པོ་སྐྱོན་ཅན་གྱི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་བཅས་བྱུང་ཡོད། འདི་ལོ་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཉིན་མོར་ལྷ་ས་གྲོང་ཁྱེར་གྱིས་དབང་པོ་སྐྱོན་ཅན་གྱི་ཁེ་དབང་སྲུང་སྐྱོང་གི་ཤེས་བྱ་འཆད་ཁྲིད་དང་། བདེ་ཐང་སླར་གསོ་དང་ལས་ཞུགས་སྲིད་ཇུས་དྲིལ་བསྒྲགས། དབང་པོ་སྐྱོན་ཅན་གྱི་འཕྲུལ་སྒུལ་རྐུབ་སྟེགས་འཁོར་ལོར་ས་སྣུམ་གྱི་ཁ་གསབ་དངུལ་སྤྲོད་པ་སོགས་བྱེད་ཐབས་འདྲ་མིན་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་བྱེད་སྒོ་སྤེལ་བས་དབང་པོ་སྐྱོན་ཅན་གྱིས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དེ་བས་གཏིང་ཟབ་ཚོར་ཐུབ་པ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།