དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷོ་ཁའི་འགན་ལེན་ལྔའི་བགྲེས་སོང་གཅིག་ སྡུད་ཐོག་བསྙེན་བཀུར་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་རྩེད་ཐང་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་ལྷོ་ཁ་ས་ཁུལ་གྱིས་མཚམས་སྤྲིན་འོད་མདངས་འཆར་གཞི་དང་། བདེ་སྡོད་ལས་གྲྭ བོད་སྐྱོར་གྱི་རོགས་སྐྱོར་སོགས་ཀྱི་བྱ་ཐབས་བརྒྱུད་དེ་ཤང (གྲོང་རྡལ )གི་རང་དགར་བཞག་པའི་ས་ཆ་དང་གཞུང་ཁོངས་ཀྱི་བེད་མེད་དུ་བཞག་པའི་སློབ་ཁྲིད་ས་ཚིགས་སྤྱད་ནས་གསར་སྐྲུན་དང་། སྒྱུར་བཀོད། རྒྱས་སྐྲུན་བཅས་མཉམ་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གཙོ་གནད་དང་གོ་རིམ་ལྡན་པའི་སྒོ་ནས་གྲོང་ཚོའི་འགན་ལེན་ལྔའི་བགྲེས་སོང་གཅིག་སྡུད་ཐོག་བསྙེན་བཀུར་བྱེད་པའི་རྨང་གཞིའི་སྒྲིག་བཀོད་འབོར་ཆེན་ཞིག་སྐྲུན་པས་ས་ཁུལ་དེ་ཡོངས་ཀྱི་སྤྱི་ཚོགས་ཕན་བདེའི་སྒྲིག་གཞི་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་པ་རེད།

        2007ལོའི་ཚུན་དུ་ལྷོ་ཁ་ས་ཁུལ་གྱིས་རྫོང་དང་། ཤང་། གྲོང་ཚོ་བཅས་སུ་སྤྱི་ཚོགས་ཕན་བདེའི་སྒྲིག་གཞི་35གསར་སྐྲུན་བྱས་པ་དང་ལྷག་པར་དུ་2009ལོར་ལྷོ་ཁ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་འགན་ལེན་ལྔའི་བགྲེས་སོང་གཅིག་སྡུད་ཐོག་བསྙེན་བཀུར་བྱ་ཡུལ་འཛུགས་སྐྲུན་བྱ་རྒྱུ་དེ “དམངས་སེམས་འདུ་འགོད་ཆེ་གྲས་དྲུག ”གི་ལས་དོན་གལ་ཆེ་ཤོས་སུ་བརྩིས་ནས་དམ་འཛིན་བྱས་ཏེ་འགན་ལེན་ལྔའི་བགྲེས་སོང་གཅིག་སྡུད་ཐོག་བསྙེན་བཀུར་བྱ་ཡུལ་10གསར་སྐྲུན་བྱས་ཤིང་། འགན་ལེན་ལྔའི་བགྲེས་སོང་གཅིག་སྡུད་ཐོག་བསྙེན་བཀུར་བྱ་ཡུལ་གྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་འགན་ལེན་ལྔའི་བགྲེས་སོང་གཅིག་སྡུད་ཐོག་བསྙེན་བཀུར་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།