དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དམངས་ཕན་བྱ་བཟང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        ཉེ་དུས་གོ་འཇོ་རྫོང་མིག་མདོ་ཤང་ཁ་པ་གྲོང་ཚོའི་མང་ཚོགས་རྣམས་ཀྱིས་ཞིང་ནང་གི་ཆུ་ཡུར་ནས་ཤང་ཤང་དུ་རྒྱུག་པའི་ཆུ་མཐོང་སྐབས “ཆུ་ཡོང་གི་འདུག ཆུ་ཡོང་གི་འདུག ”ཅེས་དགའ་འབོད་བྱེད་ཀྱི་ཡོད། ལོ་ན་73 ལ་སླེབས་པའི་བགྲེས་སོང་དགྲ་འདུལ་གྱིས་དྭངས་གཙང་ཆུ་བོས་གདོང་པ་འཁྲུ་བཞིན་དུ “ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྲིད་གཞུང་གིས་ང་ཚོར་ཆུ་ཡུར་སྐྲུན་རོགས་གནང་བ་དང་ཆུ་ཡུར་ཡོད་པའི་དབང་གིས་འདི་ལོ་ང་ཚོར་ལོ་ལེགས་ཡོང་ངེས་ཡིན ”ཞེས་སེམས་འགུལ་ཐེབས་བཞིན་དུ་བཤད་པ་རེད།

        བོད་ཀྱི་ལོ་གསར་བཏང་མ་ཐག་མིག་མདོ་ཤང་མ་གྱོང་གྲོང་ཚོ་དང་ཁ་པ་གྲོང་ཚོའི་མང་ཚོགས་ཀྱིས་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་ལ་ཞུགས་སྐབས་གྲོང་ཚོ་གཉིས་པོའི་ཆུ་ཡུར་ནས་ཆུ་གཏོང་མི་ཐུབ་པའི་གནས་སུ་ལྷུངས། དེ་ནི་དགུན་དུས་སུ་ཁ་བ་བབས་ནས་ཆུ་ཡུར་འགག་པར་བརྟེན་གྲོང་ཚོ་གཉིས་པོའི་ཞིང་ནང་དུ་ཆུ་འདྲེན་པར་ཤུགས་རྐྱེན་ངན་པ་བཟོས་པས་རེད། མིག་མདོ་ཤང་དེ་གོ་འཇོའི་ས་ངན་དུ་གནས་པས་ས་ཐག་རིང་ལ་ཆ་རྐྱེན་ཤིན་ཏུ་ཞན་པོ་ཡོད་ཅིང། རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་ལས་བྱེད་པ་ས་གནས་ས་ཐོག་ཏུ་མངགས་ཏེ་ཆུ་ཡུར་ལ་གཏོར་སྐྱོན་ཕོག་ཚུལ་ཤེས་རྟོགས་དང་མང་ཚོགས་སྒྲིག་འཛུགས་ཀྱིས་འཁྱག་པ་མེད་པ་བཟོས་པ་དང་བྱ་ཐབས་སྣ་ཚོགས་སྤྱད་དེ་ཆུ་ཡུར་ཉམས་གསོ་བྱས་པ་རེད། ཆུ་ཡུར་ཉམས་གསོ་བྱེད་རིང་ཆུ་ཡུར་དུམ་བུ་ཞིག་ལ་འཁྱག་པ་ཐེབས་སླ་པོ་ཡོད་པར་བརྟེན་རྫོང་དེས་མ་དངུལ་སྒོར་ཁྲི་18.18 གྲབས་གསོག་བྱས་ནས་ཉམས་གསོ་བྱས་པས་དེས་ད་ཆ་ཆུ་འདྲེན་གཏོང་ཐུབ་ནས་དཔྱིད་རྨོད་དཔྱིད་འདེབས་ལས་ཀ་བདེ་བླག་བྱུང་བ་དང་སྦྲགས་རྫོང་ནས་ལག་རྩལ་པ་ཆེད་མངགས་བཏང་སྟེ་ཞིང་ནང་དུ་ལག་རྩལ་མཛུབ་ཁྲིད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།