དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཉིང་ཁྲིས་དབུལ་སྐྱོར་གསར་སྤེལ་བྱས་ནས་དབུལ་སྐྱོར་བྱེད་དགོས་རིགས་བྱེད་ཐུབ་པའི་བརྩོན་ལེན་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་བརྒྱད་གཅིག་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་ཉིང་ཁྲི་ས་ཁུལ་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ཉིང་ཁྲི་ས་ཁུལ་གྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་བ་བཏང་སྟེ་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་སྐུལ་མ་མགྱོགས་མྱུར་གཏོང་རྒྱུ་རེད།

        “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ཉིང་ཁྲི་ས་ཁུལ་གྱིས་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་གཏོང་བ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བྱས་ཏེ་འཕེལ་རྒྱས་གཏོང་སྟངས་བསྒྱུར་རྒྱུར་དེ་བས་མཐོང་ཆེན་བྱེད་པ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་འབྲེལ་མཐུད་ནུས་ལྡན་བྱ་རྒྱུ་གཙོ་བོར་བྱེད་པ། ཤང་དང་གྲོང་རྡལ་12གཙོ་གནད་ས་ཁོངས་སུ་བྱེད་པ་བཅས་བྱས་ཏེ་དབུལ་པོའི་དུད་ཚང་གི་བདེ་སྡོད་དང་། གྲོང་ཚོ་ཧྲིལ་པོར་སྐུལ་འདེད། ཐོན་ལས་གསར་སྤེལ། ལས་ཞུགས་གསོ་སྦྱོང་དང་ས་ཞིང་བཅོས་སྒྲིག་སོགས་འདུ་འགོད་ཆེ་གྲས་5ལག་བསྟར་ཤུགས་ཆེན་བྱས་ནས་མང་ཚོགས་དབུལ་པོའི་འཚོ་བའི་སྤུས་ཚད་ཚད་གཞི་མཐོ་པོས་མཐོ་རུ་གཏོང་རྒྱུར་སྔར་བས་སྐུལ་མ་གཏོང་བ་དང་། ཞིང་འབྲོག་ལས་ཀྱི་ཕྱོཌ་བསྡུས་ཐོན་སྐྱེད་ནུས་པ་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུར་སྐུལ་མ་གཏོང་བ། ཞིང་འབྲོག་པའི་ཡོང་འབབ་མགྱོགས་མྱུར་འཕར་རྒྱུར་སྐུལ་མ་གཏོང་བ་བཅས་བྱས་ཐོག་དབུལ་པོའི་མི་འབོར་ལ་དབུལ་སྐྱོར་བྱེད་དགོས་རིགས་བྱེད་ཐུབ་པ་བྱས་ནས་2015ལོར་སླེབས་སྐབས་ས་ཁུལ་གྱི་དབུལ་པོའི་མི་འབོར་དེ་གྲོང་གསེབ་ཀྱི་སྤྱིའི་མི་འབོར་གྱི་5%ནང་ཚུན་དུ་ཉུང་དུ་གཏོང་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད།

        འགོ་ཡག་པོ་ཞིག་འཛུགས་ཐུབ་པ་དང་གོམ་པ་བརྟན་པ་ཞིག་སྤོ་ཐུབ་པའི་འགན་ལེན་བྱ་ཆེད་འདི་ལོ་ཉིང་ཁྲི་ས་ཁུལ་གྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ་དབུལ་སྐྱོར་གསར་སྤེལ་རྣམ་གྲངས་ཐད་མ་དངུལ་བསྡོམས་སྒོར་ཁྲི་6500ཡན་གཏོང་ཐུབ་པ་བྱེད་པ་དང་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་དབུལ་སྐྱོར་ལས་དོན་ཁག་10སྤེལ་འགོ་ཚུགས་ནས་མི་གྲངས་4277དབུལ་སྐྱོར་ཐུབ་པ་དང་དབུལ་སྐྱོར་སྲ་བརྟན་གཏོང་ཚད་80%ཡན་ཟིན་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།