དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྨར་ཁམས་རྫོང་གིས“བརྒྱ་སྟོང་ཁྲི་ཡི་འདུ་འགོད”ལག་བསྟར་བྱས་ནས་དམངས་ལ་བྱ་བ་དངོས་བསྒྲུབས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་སྨར་ཁམས་ནས་གློག་འཕྲིན་འབྱོར་གསལ། “བརྒྱ་སྟོང་ཁྲི་ཡི་འདུ་འགོད ”ལག་བསྟར་བྱས་ནས་གཞི་རིམ་གྱི་རྨང་གཞིར་ཤུགས་སྣོན་རྒྱག་པའི་བྱེད་སྒོའི་ནང་སྨར་ཁམས་རྫོང་གིས་ལས་བྱེད་པ་འདེམས་མངགས་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་ཞིག་ཡིན་ཕྱིན་ཚང་མ་དོན་ཆེན་ཡིན་པའི་རྩ་དོན་ཐོག་འཇོག་རྒྱུ་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་གཞི་རིམ་མང་ཚོགས་ཀྱི “འགྲོ་སྐྱོད་དཀའ་བ་དང་། འཐུང་ཆུ་དཀོན་པ། སློབ་གྲྭར་བསྐྱོད་དཀའ་བ། ནད་ལྟ་དཀའ་བ། ཕྱུག་པོ་ཆགས་དཀའ་བ ”བཅས “དཀའ་གནད་ལྔ ”ལ་དམིགས་ནས་བྱ་བ་ཆུང་ཙག་ནས་འགོ་བརྩམས་ཏེ་མང་ཚོགས་ཚོས་དོ་ཁུར་ཆེ་ཤོས་དང་ཆེས་དངོས་ཡོད་ཀྱི་གནད་དོན་བློ་གཅིག་སེམས་གཅིག་གིས་ཐག་གཅོད་བྱས་ནས་བཅའ་སྡོད་བྱ་ཡུལ་མང་ཚོགས་ཚོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རིམ་པས་ལེགས་སུ་བཏང་བ་རེད།

        ཕྱུག་པོ་ཆགས་དགོས་ན་སྔོན་ལ་ལམ་བཟོ་དགོས་ཤིང་། ཐག་རིང་ལུང་ཁུག་གྲོང་གསེབ་ཀྱི་མང་ཚོགས་ཚོའི “འགྲོ་སྐྱོད་དཀའ་བའི ”གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས་སྨར་ཁམས་རྫོང་གིས་ལས་བྱེད་པ་འབྲེལ་ཡོད་རྣམ་གྲངས་ཀྱི་མ་དངུལ་དང་ལག་རྩལ་དོན་འཁྱོལ་དང་མཐུན་སྦྱོར་ཧུར་ཐག་བྱ་རྒྱུར་འདེམས་མངགས་བྱས་ནས་བཅའ་སྡོད་བྱ་ཡུལ་མང་ཚོགས་ལ་ལམ་བཟོ་བ་དང་ཟམ་པ་སྐྲུན་རོགས་ཧུར་ཐག་བྱས་པ་རེད། གྲུ་པ་རོང་ཤང་དུ་བཏང་བའི་ལས་བྱེད་པ་ཚོས་ཤང་ཏང་ཨུད་དང་སྲིད་གཞུང་དང་མཉམ་དུ་རྫོང་འགྲིམ་འགྲུལ་ཅུས་ལ་གཞོགས་འདེགས་ཀྱིས་གྲོང་ཚོ་རིམ་པའི་གཞུང་ལམ་ཉམས་བཟོ་དང་རྒྱ་ཆེ་རུ་གཏོང་བའི་འཆར་འགོད་དང་འབྲེལ་མ་དངུལ་དང་ལག་རྩལ་ཐོག་ནས་རོགས་རམ་ཐོབ་ཐབས་བྱས་པ་རེད།

        མཚོ་རྔ་ཤང་མང་ཚོགས་ཀྱི་འཐུང་ཆུའི་དཀའ་ངལ་ཐག་གཅོད་བྱ་རྒྱུ་ནི་འདེམས་མངགས་བྱས་པའི་ལས་བྱེད་པའི་སེམས་ནང་རྟག་ཏུ་འཁོར་བའི་བྱ་བ་ཞིག་རེད། འདི་ལོའི་ལོ་འགོར་མཚོ་རྔ་ཤང་དུ་བཅའ་སྡོད་ལས་བྱེད་པ་ཚོས་ལས་ཁུངས་ཀྱི་ཆ་འཕྲིན་དང་། མ་དངུལ། ལག་རྩལ་སོགས་ཀྱི་ལེགས་ཆར་བརྟེན་པ་དང་ཤང་ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་ཨར་འདམ་ཏུན་5རག་པ་དེ་ཆུ་ཡུར་དང་ཆུ་རྫིང་བརྟན་གཏོང་དང་ཉམས་བཟོའི་ཐད་སྤྱད་པས་དུད་ཁྱིམ་70ལྷག་ཙམ་གྱི་མི་གྲངས་1245ལ་འཐུང་ཆུ་གཙང་མ་འཐུང་རྒྱུ་བྱུང་བ་རེད།

        རོང་སྨད་གྲོང་རྡལ་དུ་བཅའ་སྡོད་ལས་བྱེད་པས་སྟག་རང་གྲོང་ཚོའི་སློབ་གསོའི་ས་ཚིགས་ཀྱི་ཐོག་བརྡིབས་པ་དང་། གྱང་ལྡེབས་ལ་སེར་ཀ་མང་པོ་གས་པ། སློབ་མ་50ལྷག་ཙམ་སློབ་གྲྭར་བསྐྱོད་དཀའ་བ་བཅས་ཀྱི་གནས་ཚུལ་ཤེས་རྗེས་ཤང་གི་འགོ་ཁྲིད་དང་མཉམ་དུ་སྟག་རང་གྲོང་ཚོའི་སློབ་ཁྲིད་ས་ཚིགས་ཀྱི་སློབ་ཚན་བསྐྱར་གསོའི་འཆར་གཞི་གང་མགྱོགས་བཟོས་ནས་ཐག་གཅོད་བྱ་ཐབས་བཞི་བཏོན་པ་རེད།

        མགར་མདོ་ཤང་དུ་བཅའ་སྡོད་ས་ཁུལ་སྨན་རྩིས་ཁང་གི་འདེམས་མངགས་ལས་བྱེད་པས་ས་ཆ་དངོས་སུ་བརྟག་ཞིབ་བྱས་པ་བརྒྱུད་བཅའ་སྡོད་བྱ་ཡུལ་མང་ཚོགས་ཀྱི་རྒྱུན་མཐོང་ནད་ཤེས་རྟོགས་གང་ལེགས་བྱས་རྗེས་རང་ཉིད་ཀྱི་ལས་ཁུངས་དང་འབྲེལ་བ་བྱས་ཏེ་ཤང་སྨན་བཅོས་ཁང་དུ་ས་གནས་དེའི་རྒྱུན་མཐོང་ནད་དང་ལང་སླ་བའི་ནད་བཅོས་པའི་བོད་སྨན་ཐེངས་མང་བསྐྱལ་བ་མ་ཟད། བོད་ལུགས་གསོ་རིག་གི་ལས་སྒོའི་ཐོག་ནས་མཛུབ་ཁྲིད་བྱས་པས་ཞིང་འབྲོག་པ་ཚོའི་ནད་བལྟ་བའི་དཀའ་ངལ་སེལ་བ་རེད། གྲུ་པ་རོང་ཤང་དུ་མངགས་པའི་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ལས་བྱེད་པས་སྨན་དང་འཆར་ལྡན་བུ་བཙར་སྤྱོད་རིགས་རག་ཐབས་བྱས་ནས་གྲོང་ཚོ་དང་དུད་ཁྱིམ་ལ་བསྐྱོད་པའི་སྐབས་དང་བསྟུན་ཏེ་སྒོ་ཁར་ཞིང་འབྲོག་པ་ཚོར་འོས་འགན་སྐོར་སྐྱོད་སྨན་བཅོས་བྱས་པ་དང་སྨན་སྦྱིན་བཏང་བ་མ་ཟད། གྲོང་གསེབ་ཀྱི་འཕྲོད་བསྟེན་ལས་དོན་པར་ཟུར་ཁྲིད་བྱས་པས་ཁོང་ཚོའི་ལས་སྒོའི་ཤེས་ཚད་སྔར་བས་མཐོ་རུ་ཕྱིན་པ་རེད།

        གྲུ་པ་རོང་ཤང་དང་རོང་སྨད་གྲོང་རྡལ་དུ་མངགས་པའི་ལས་བྱེད་པས་མཐིལ་རྟོགས་བརྟག་དཔྱད་བྱས་པ་དང་ས་གནས་དེ་གའི་གནམ་གཤིས་དང་ས་བབ་ཀྱི་ལེགས་ཆར་བརྟེན་ནས་སྟར་ཁའི་ཐོན་ལས་རྣམ་གྲངས་འཕེལ་རྒྱས་གཏོང་རྒྱུའི་འཆར་གཞི་བཏོན་ཞིང་། ད་ལྟ་ས་ཁུལ་དང་རྫོང་ནགས་ལས་དང་ཆུ་བེད་སོགས་འབྲེལ་ཡོད་སྡེ་ཚན་དང་གཞོགས་འདེགས་ཀྱིས་ཆུ་ཡུར་དང་ཆུ་རྫིང་སོགས་ཉམས་བཟོ་དང་གསར་རྒྱག་གི་དུས་འགོའི་རྣམ་གྲངས་དོན་འཁྱོལ་བྱེད་བཞིན་ཡོད་པས་མང་ཚོགས་རྣམས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ལམ་བུ་ཡངས་པོ་ཞིག་བཏོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།