དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མང་ཚོཌ་ཀྱི་ཁེ་ཕན་ཐམས་ཅད་ལས་ལྷག་པར་འཛིན་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  དབྱང་ཀྲེང་ལིང་གིས།   |     སྤེལ་དུས།  2015-05-15

        དམངས་འཚོ་ཞེས་པ་དེ་ནི་སྟབས་བདེའི་ངང་བརྗོད་ཚེ་མི་སེར་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་གནད་དོན་ཞིག་ཡིན་ཞིང་། དེ་གཙོ་བོ་ཟས་གོས་སྡོད་བསྐྱོད་དང་། རྒན་གསོ་དང་ནད་བསྟེན། བུ་ཕྲུག་གི་སློབ་གསོ་སོགས་ཀྱི་ཐོག་ནས་མཚོན་པ་དང་དེ་ནི་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཞིག་ཡིན།

        སྲིད་གཞུང་གི་སྡེ་ཚན་ཞིག་ཡིན་པའི་ངོས་ནས་ས་ཁུལ་དེ་གའི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི “དོན་ཆེན ”ལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་དུས་མཚུངས་དམངས་འཚོའི་གནད་དོན་ལ་དེ་བས་དོ་ཁུར་བྱེད་དགོས། མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི “དོན་ཆུང ”ནས་འགོ་བརྩམས་ཏེ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་མི་སྣ་བཀོད་སྒྲིག་བྱེད་པ་སོགས་ཀྱི་ཐད་ཤུགས་སྣོན་བརྒྱབ་ནས་དམངས་འཚོར་དོ་ཁུར་བྱེད་རྒྱུ་དེ་བྱ་སྤྱོད་ཐད་དང་ལས་དོན་ཁྲོད་མཚོན་པར་བྱས་ཏེ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི “དོན་ཆུང ”དེ་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཚེ་མང་ཚོགས་ཚོའི་བརྩི་འཇོག་རང་བཞིན་དུ་ཐོབ་ཐུབ།

        འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་དམངས་འཚོར་དོ་ཁུར་བྱེད་པའི་ཐད་སྔོན་ལ་གཞི་རིམ་དུ་སྐྱོད་པ་དང་མང་ཚོགས་ཁྲོད་བསྐྱོད་དགོས། དམངས་འཚོར་དོ་ཁུར་བྱེད་པ་དང་དམངས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་པ་བྱེད་རྒྱུ་དེ་ནི་འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་ཧ་ཅང་ཆེན་པོ་ཞིག་ཡིན།

        མང་ཚོགས་ཀྱིས་བཏོན་པའི་གནད་དོན་ནི་ཁོང་ཚོའི་བདེ་རྩར་ཐུག་པའི་ཁེ་ཕན་ཞིག་ཡིན། འགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱི་མིག་ལམ་དུ་དོན་དག་ཆུང་ཆུང་ཞིག་ཡིན་ནའང་མང་ཚོགས་ཀྱི་ངོས་ནས་བརྗོད་ན་དོན་ཆེན་པོ་ཞིག་ཡིན་པས་དེ་ནི་མང་ཚོགས་ཀྱི་སྐྱིད་སྡུག་དང་དཀའ་ངལ་དང་འབྲེལ་བ་ཡོད། དོན་དངོས་སུ་མང་ཚོགས་ཀྱིས་བསམ་འཆར་བཏོན་པའི་གནད་དོན་ཆུང་ངུ་དེ་མེ་ལོང་དང་འདྲ་བར་སྲིད་ཇུས་ཆེ་གྲས་མང་པོ་ཞིག་གཞི་རིམ་དུ་དོན་འཁྱོལ་བྱེད་པའི་ཁྲོད་དམིགས་སར་འབྱོར་མེད་པ་མངོན་གྱི་ཡོད། ང་ཚོས་གནད་དོན་ཆུང་ཆུང་ཐག་གཅོད་བྱས་ཚེ་དུས་ཚོད་དང་སེམས་ནུས་འཕྲོ་བརླག་འགྲོ་མི་སྲིད་པ་མ་ཟད། ད་དུང་སྲིད་ཇུས་ཆེ་གྲས་ཁག་སྔར་བས་ལེགས་སུ་དང་འཐུས་ཚང་དུ་གཏོང་རྒྱུར་ཕན་པ་ཡོད། མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པའི་དོན་དག་ཚན་རིག་དང་ལུགས་མཐུན་ངང་ཏན་ཏིག་སྒྲུབ་ཚེ་གཞི་ནས་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་ལ་ཡིད་ཆེས་བྱེད་པ་དང་། གཞི་ནས་མང་ཚོགས་ཀྱིས་ལས་བྱེད་པའི་སྤྱོད་ཚུལ་ལ་ངོས་འཛིན་གཅིག་མཐུན་ཡོང་ཐུབ་ལ་མང་ཚོགས་ཀྱིས་འགོ་ཁྲིད་ལས་བྱེད་པའི་གཟུགས་བཪྙན་ལ་ཁས་ལེན་བྱེད་པ་བཅས་བྱེད་སྲིད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།