དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གྲོང་གསེབ་ཀྱི་སྤྱི་ཚོཌ་རྒན་གསོའི་འགན་བཅོལ་ལམ་ལུཌ་གསར་པས་དམངས་སེམས་ལ་དྲོ་སྐྱིད་སྦྱིན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        ལྷ་ས་གྲོང་ཁྱེར་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པའི་ལས་དོན་དེ་2009ལོར་སྤེལ་འགོ་ཚུགས་ཡོད། འགན་བཅོལ་ནང་ཞུགས་མཁན་གྲོང་གསེབ་ཀྱི་ཡུལ་མིས་ལོ་དེའི་རྒན་གསོའི་འགན་བཅོལ་གྱི་གྲོན་དངུལ་སྤྲོད་ཆོག་པ་དང་སྤྲོད་དངུལ་གྱི་ཚད་གཞི་ནི་སྒོར་100ནས་སྒོར་500བར་རིམ་པ་ལྔ་ལ་དབྱེ་ཡོད་པས་རང་བདག་ངང་སྤྲོད་དངུལ་གྱི་རིམ་པ་བདམས་ནས་གྲོན་དངུལ་མང་ཙམ་སྤྲད་ན་མང་ཙམ་ཐོབ་པ་དང་ཡུན་རིང་སྤྲད་ན་ཡུན་རིང་ཐོབ་རྒྱུ་རེད། མིག་སྔར་ལྷ་ས་གྲོང་ཁྱེར་དུ་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་ཡོངས་སུ་ཁྱབ་ནས་གྲོང་ཁྱེར་ཡོངས་ཀྱི་རྫོང་བདུན་དང་ཆུས་གཅིག་གི་ལོ་60ཡན་སླེབས་པའི་ཞིང་འབྲོག་པ 24000ལྷག་ཙམ་གྱིས་ཟླ་རེར་སྒོར་55ཡི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པའི་རྨང་གཞིའི་རྒན་གསོའི་དངུལ་ལེན་གྱི་ཡོད། ད་ལོའི་ཟླ་4པ་ནས་བཟུང་ལྷ་ས་གྲོང་ཁྱེར་དུ་ལོ་60ལ་སླེབས་པ་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པའི་ནང་ཞུགས་མཁན་ཞིང་འབྲོག་པ་227གྱིས་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པའི་མི་སྒེར་གྱི་རྩིས་ཁྲའི་རྒན་གསོའི་དངུལ་ལེན་ཐུབ་རྒྱུ་ཡིན་པ་དེའང་ལྷ་ས་གྲོང་ཁྱེར་དུ་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པའི་ལས་དོན་སྤེལ་ཚུན་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པའི་མི་སྒེར་གྱི་རྩིས་ཁྲའི་རྒན་གསོའི་དངུལ་དང་རྨང་གཞིའི་རྒན་གསོའི་དངུལ་ལེན་མཁན་ཞིང་འབྲོག་པ་ཁག་དང་པོ་ཡིན་ཞིང་། འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཤང་ལྷོ་ངོས་གྲོང་ཚོའི་གྲོང་མིས་མི་སྒེར་གྱི་རྩིས་ཁྲའི་ཐོག་གི་རྒན་གསོའི་དངུལ་དང་རྨང་གཞིའི་རྒན་གསོའི་དངུལ་ལ་དགའ་སྤྲོའི་ངང་ལྟ་ཞིབ་བྱེད་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།