དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཆབ་མདོས་དམངས་འཚོའི་ཆུ་བེད་འཛུགས་སྐྲུན་ལ་སྐུལ་མ་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས་གསར་འགོད་པར་ཆབ་མདོ་ས་ཁུལ་ཆུ་བེད་ཅུས་ནས་ཤེས་རྟོགས་བྱུང་གསལ། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ཆབ་མདོ་ས་ཁུལ་གྱིས་ཆུའི་ཐོན་ཁུངས་རྒྱུན་བསྲིང་ངང་སྤྱོད་རྒྱུ་འདེགས་སྐྱོར་དུ་བྱས་ནས་དམངས་འཚོའི་ཆུ་བེད་འཛུགས་སྐྱོང་ལ་སྐུལ་མ་ཤུགས་ཆེན་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་ཆབ་མདོ་ས་ཁུལ་གྱིས་ཆུ་བེད་རྣམ་གྲངས་ཁྱོན་122ལས་འགོ་བཙུགས་པ་དང་མ་འཇོག་སྒོར་དུང་ཕྱུར་12.93ལེགས་གྲུབ་ཟིན་ནས་གྲོང་ཚོ་425ཡི་མི་གྲངས་ཁྲི་28.95ཡི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་པ་དང་དུས་མཚུངས་མཐུད་སྐྲུན་ལས་གྲྭའི་འཕེལ་རིམ་མགྱོགས་སུ་བཏང་ནས་ལས་གྲྭར་ཆུ་མི་འདང་བ་དང་། ཞོད་སྐྱོན་གྱི་གནོད་འཚེ། མི་ཕྱུགས་ཀྱི་འཐུང་ཆུའི་དཀའ་ངལ། འཛུགས་སྐྲུན་གྱི་དོ་དམ་ཆུ་ཚད་མཐོ་པོ་མེད་པ། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་དང་བསྐྲུན་རྗེས་ཀྱི་དོ་དམ་རྗེས་ལུས་སོགས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གནད་དོན་མངོན་གསལ་དོད་པོས་ཐག་གཅོད་ཤུགས་ཆེན་བྱས་པ་རེད། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་ས་ཁུལ་གྱིས་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་9.64མང་དུ་དང་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་18.1ལེགས་སུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།