དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཕྱི་ནས་ལས་མི་བྱེད་པར་ཡོང་མཁན་ལ་ཁྱིམ་ཡོད་པའི་ཚོར་སྣང་ཡོང་བ་བྱེད་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        《བོད་རང་སྐྱོང་ལྗོངས་ཀྱི་ཕྱོགས་མིའི་ཞབས་ཞུ་དང་དོ་དམ་གྱི་སྲོལ་ཡིག 》བཏོན་པ་དེ་རང་ལྗོངས་ཀྱི་ཕྱོགས་མིའི་ལས་དོན་གྱི་འཕེལ་རྒྱས་དངོས་དང་མཐུན་པ་དང་། ཁྱབ་ཁོངས་དེའི་ལས་དོན་སྒྲུབ་པར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་དང་འགན་ལེན་འདོན་སྤྲོད་བྱས་ཡོད་པ་མ་ཟད། ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་བཅའ་ཁྲིམས་ཀྱི་རྨང་གཞི་བཏིངས་ཡོད།

        ལྷ་ས་གྲོང་ཁྱེར་ཧའེ་ཁྲེང་སློབ་ཆུང་ནི་ཕྱོགས་མིའི་བུ་ཕྲུག་ས་གནས་འདི་གའི་བུ་ཕྲུག་ལས་ཀྱང་མང་བའི་སློབ་གྲྭ་ཞིག་ཡིན་ཞིང་། སློབ་གྲྭ་དེའི་སློབ་མ་1390ཁྲོད་ནས་ཕྱོགས་མིའི་བུ་ཕྲུག་923ཡོད་པ་དེས་སློབ་གྲྭ་དེ་ཡོངས་ཀྱི་སློབ་མའི་བསྡོམས་འབོར་གྱི་66.9%བཟུང་ཡོད། སློབ་མ་དེ་ཚོ་ནི་ས་གནས་འདི་ག་དང་དེ་བཞིན་ལྗོངས་ནང་ཁུལ་གྱི་ས་ཁུལ་གཞན་དག་ནས་ཡོང་བ་ཞིག་ཡིན་པ་ཕུད་ད་དུང་སི་ཁྲོན་དང་། མཚོ་སྔོན། ཀན་སུའུ་སོགས་ལྗོངས་ཕྱི་རོལ་ནས་ཡོང་བའི་སློབ་མ་ཡིན།

        འདི་ནི་ཉེ་དུས་ཕྱོགས་མིའི་བུ་ཕྲུག་ཚོ་ལྷ་ས་གྲོང་ཁྱེར་ཆི་མིང་ཤིན་བུ་བཅོལ་ཁང་དུ་དགའ་སྤྲོའི་ངང་རྩེད་མོ་རྩེ་བའི་གནས་ཚུལ་ཡིན་པ།

        འདི་ནི་ཉེ་དུས་ལྷ་ས་གྲོང་ཁྱེར་ཀརྨ་དགོན་གསར་སྡེ་ཁུལ་ཨུ་ལྷན་གཞུང་ལས་ཁང་ནང་ལས་དོན་མི་སྣས་གནས་སྐབས་སྡོད་པའི་ལག་ཁྱེར་ཐོ་འགོད་བྱེད་བཞིན་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།