དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཁྲེང་ཀོན་ཆུས་ཀྱི་དམངས་སྲིད་ལས་དོན་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ད་ཕན་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས “དམངས་འཚོ་ཐག་གཅོད་བྱེད་པ་དང་། དམངས་འཚོ་འགན་ལེན་བྱེད་པ། དམངས་འཚོ་ལེགས་སུ་གཏོང་བ ”བཅས་དམིགས་ཡུལ་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་མིག་སྔའི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་པས་དམངས་སྲིད་ཀྱི་ལས་དོན་ཁག་ལ་འཕེལ་རིམ་མངོན་གསལ་དོད་པོ་བྱུང་ཡོད་ལ་དམངས་སྲིད་ལས་དོན་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་ཀྱང་ཕྱིན་ཡོད་པ་རེད།

        ས་ཁོངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་འགན་ལེན་ལྔའི་རྒན་རྒོན་དང་གྲོང་ཁྱེར་གྱི་མི་ཧྲེང་རྒན་རྒོན་ལ་བསྙེན་བཀུར་ཞབས་ཞུ་དང་དོ་དམ་ལས་དོན་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཞིང་། ལོ་མང་རིང་ཁྲེང་ཀོན་ཆུས་ཀྱི་འགན་ལེན་ལྔའི་བསྙེན་བཀུར་གྱི་ཚད་གཞི་དེ་ས་ཁུལ་གཞན་དག་ལས་མཐོ་བ་ཡོད་པ་དང་2010ལོའི་ཟླ་དང་པོར་རང་སྐྱོང་ལྗོངས་ཀྱིས་འགན་ལེན་ལྔའི་བསྙེན་བཀུར་གྱི་ཚད་གཞི་དེ་མི་རེར་ཆ་སྙོམས་སྒོར་2000བར་མཐོ་རུ་བཏང་བ་དང་ཁྲེང་ཀོན་ཆུས་ཀྱིས་རིམ་པ་དེ་གའི་ནོར་སྲིད་ཡོང་འབབ་དང་ཟུང་འབྲེལ་བྱས་ནས་འགན་ལེན་ལྔའི་བསྙེན་བཀུར་གྱི་ཚད་གཞི་དེ་སླར་ཡང་ལོ་རེར་མི་རེར་ཆ་སྙོམས་སྒོར་2400བར་མཐོ་རུ་བཏང་བ་དང་འབྲེལ་རིམ་པ་དེའི་ནོར་སྲིད་ནས་ཕན་བདེ་ཁང་དང་རྒན་གསོ་ཁང་གི་ལས་དོན་མི་སྣའི་གླ་ཕོགས་དང་ལྟ་སྐྱོང་འགྲོ་གྲོན་བཀོད་སྒྲིག་བྱས་ཡོད། ཁྲེང་ཀོན་ཆུས་སུ་ད་ལྟ་གྲོང་ཁྱེར་གྱི་ཕན་བདེ་ཁང་གཅིག་དང་གྲོང་གསེབ་ཀྱི་རྒན་གསོ་ཁང་གསུམ་ཡོད་པ་དང་འགན་ལེན་ལྔའི་བསྙེན་བཀུར་བྱ་ཡུལ་དུད་ཚང་46ཡོད། རྒན་རྒོན་རྣམས་ཚེ་མཇུག་སྐྱིད་པོ་ཞིག་སྐྱེལ་རྒྱུ་ཡོང་ཆེད་ཁྲེང་ཀོན་ཆུས་ཀྱིས་ལོ་ལྟར་རྒན་རྒོན་ཚོའི་གཟུགས་པོར་རན་པའི་དབྱར་ཆས་དང་དགུན་ཆས་ཆ་ཚང་བཟོ་བ་དང་། ལོ་གཉིས་རེར་རྒན་རྒོན་ཚོར་ཉལ་ཆས་གསར་པ་བརྗེ་བ། དགུན་ཁ་སླེབས་དུས་ཀམ་པ་ལི་སྤྲོད་པ་བཅས་བྱེད་ཀྱི་ཡོད་པ་དང་ཁོང་ཚོའི་བདེ་ཐང་འགན་ལེན་བྱ་ཆེད་སྨན་དོན་མི་སྣ་ཕན་བདེ་ཁང་དུ་གདན་དྲངས་ནས་རྒན་རྒོན་ཚོར་སྨན་རིན་སྤྲོད་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱེད་པ་མ་ཟད་ན་ཚ་ལྕི་པོ་ཕོགས་པའི་རྒན་རྒོན་ལ་ཆེད་མངགས་ལྟ་སྐྱོང་བྱེད་མཁན་བཀོད་སྒྲིག་བྱེད་པ་དང་སྨན་རིན་དང་ལྟ་སྐྱོང་གི་གྲོན་དངུལ་ཚང་མ་སྤྲོད་འགན་འཁུར་ནས་རྒན་རྒོན་ཚོར་སེམས་རྩ་འཁོལ་བའི་ཞབས་ཞུ་བྱེད་ཀྱི་ཡོད། རྒན་རྒོན་གྲོངས་རྗེས་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལྟར་རྗེས་འཇུག་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།