དབུ་ཤོག>གསར་འགྱུར།>དམངས་འཚོ།
  • 2015ལོར་སླེབས་སྐབས་གཞིས་རྩེས་འཐུང་ཆུའི་བདེ་འཇགས་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        ས་ཁུལ་ཡོངས་ལ་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་17གསར་སྣོན་བྱ་རྒྱུ་དང་། ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་35ལེགས་སུ་གཏོང་རྒྱུ། སྣོད་བཅུད་འཛུགས་སྐྱོང་དང་དེ་བཞིན་ས་ཆུ་སྲུང་འཛིན་ལས་གྲྭ་སྐྲུན་ནས་ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་150བཅོས་སྒྲིག་བྱ་རྒྱུ།

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པར་གཞིས་རྩེ་ཆུ་བེད་སྡེ་ཚན་ནས་ཤེས་རྟོགས་བྱུང་གསལ། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གཞིས་རྩེ་ས་ཁུལ་གྱིས་འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོ་མངོན་གསལ་དོད་དུ་བཏང་ནས་དམངས་འཚོའི་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་ཆུའི་ཐོན་ཁུངས་ཀྱི་སྤྱིའི་སྙོམས་སྒྲིག་ནུས་པ་ཆེ་རུ་གཏོང་རྒྱུ་དང་། དུས་འགོའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་རྣམ་གྲངས་གསོག་འཇོག་ཡག་པོ་བྱས་ནས་ཆུ་བེད་འཛུགས་སྐྲུན་གྱི་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་དགོས་མཁོ་ནུས་ལྡན་ངང་བསྐང་རྒྱུ་ཡིན་པ་རེད།

        གཞིས་རྩེ་ས་ཁུལ་གྱིས་གཏན་འཁེལ་བྱས་པའི “ལོ་ལྔ་ཚན་བཅུ་གཉིས་པའི ”ཆུ་བེད་འཕེལ་རྒྱས་ཀྱི་དམིགས་ཚད་ནི་2015ལོར་སླེབས་སྐབས་ས་ཁུལ་དེ་ཡོངས་ཀྱིས་ཞིང་འབྲོག་པའི་འཐུང་ཆུའི་བདེ་འཇགས་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་ཆུ་སྤྱོད་ཆུ་ཁུངས་ཀྱི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱ་རྒྱུ་དང་། ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་17གསར་སྣོན་བྱ་རྒྱུ་དང་། ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་35ལེགས་སུ་གཏོང་རྒྱུ། འབྲོག་ཁུལ་རྩྭ་རའི་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་7.24གསར་སྣོན་བྱ་རྒྱུ་བཅས་དང་། གསར་སྣོན་བྱས་པའི་སྐྱོན་དང་ཉེན་ཁ་ཡོད་པའི་ཆུ་མཛོད་12ལ་ཉེན་སེལ་བརྟན་གཏོང་དང་འཁྱགས་མཚོ་ཁག་གཅིག་ལ་ཉེན་སེལ་བྱ་རྒྱུ། གྲོང་གསེབ་ཀྱི་གློག་ཤུགས་འཛུགས་སྐྲུན་བྱས་ནས་གྲོང་གསེབ་ཀྱི་ཆུ་གློག་ཁྱབ་ཚད་ཆེ་རུ་གཏོང་རྒྱུ། ཆུ་ཁུངས་ལས་གྲྭ་གཙོ་བོའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གྲྭར་ཆུ་མཁོ་འདོན་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ། སྣོད་བཅུད་འཛུགས་སྐྱོང་དང་དེ་བཞིན་ཆུ་སྲུང་ལས་གྲྭ་འཛུགས་སྐྲུན་བྱས་ནས་ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་150བཅོས་སྒྲིག་བྱ་རྒྱུ་བཅས་ཡིན་པ་རེད།

        ཤེས་རྟོགས་བྱུང་གསལ། གཞིས་རྩེ་ས་ཁུལ་གྱིས་འདི་ལོར་ཆུ་བེད་གཏན་འཇགས་རྒྱུ་ནོར་ལ་སྒོར་དུང་ཕྱུར་4བཏང་ནས་ཞིང་འབྲོག་པ་ཁྲི་6.4ཡི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱ་རྒྱུ་དང་། ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་10གསར་སྣོན་དང་ལེགས་སུ་གཏོང་རྒྱུ། ཆུ་བོ་འབྲིང་ཆུང་སྤྱི་ལེ་18.99བཅོས་སྒྲིག་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་ལོག་འགོག་རགས་སྤྱི་ལེ་26.5བསྐྲུན་རྒྱུ་བཅས་ལེགས་སྒྲུབ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་དང་། དེ་དང་ཆབས་ཅིག་ཆུ་བེད་རྣམས་གྲངས་ཀྱི་དུས་འགོའི་ལས་དོན་མགྱོགས་མྱུར་སྤེལ་ནས་གྲོང་གསེབ་ཀྱི་ཆུ་གློག་དང་ཆུ་བེད་ལས་གྲྭའི་དོ་དམ་ལམ་ལུགས་སྒྱུར་བཅོས་ལ་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུ་དང་དེ་བཞིན་ཆུའི་ཐོན་ཁུངས་དོ་དམ་དང་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་ཐེབས་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།