དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཁྲེང་ཀོན་ཆུས་ཀྱིས་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པས་ལྷ་ས་གྲོང་ཁྱེར་སྤྱི་ཚོགས་འགན་སྲུང་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་གྱི་ཡུལ་མི་ཚོར་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་རེད།

        ལས་ཞུགས་དང་ལས་ཞུགས་བསྐྱར་མའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ཁྲེང་ཀོན་ཆུས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་དུ་ཐོ་འགོད་བྱེད་པའི་ལས་ཀ་ཤོར་ཚད་དེ 4.3%མན་དུ་ཚོད་འཛིན་བྱས་ནས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་དེ་ཞིང་ལས་མིན་པའི་ཐོན་ལས་ཕྱོགས་སུ་སྒྱུར་བའི་མྱུར་ཚད་ལོ་རེར་8%ཡས་མས་སུ་རྒྱུན་འཁྱོངས་བྱས་ཏེ་ལོ་ལྔའི་རིང་རིམ་རྩིས་བྱས་ན་ངལ་ནུས་ཕྱིར་གཏོང་མི་གྲངས་25000ཡན་ལོན་རྒྱུ་རེད། དེ་དང་དུས་མཚུངས་ཁྲེང་ཀོན་ཆུས་ཀྱིས་ལས་ཞུགས་གསོ་སྦྱོང་ངམ་ཡང་ན་ལས་གཏོད་གསོ་སྦྱོང་ཤུགས་ཆེན་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་2000གསར་འཕར་བྱ་རྒྱུ་རེད།

        ངལ་རྩོལ་ནུས་ཤུགས་ཀྱི་ཁྲོམ་ར་ཚད་ལྡན་ཅན་དུ་འགྱུར་བར་ཤུགས་སྣོན་ཆེན་པོ་རྒྱག་རྒྱུ་ཡིན་པ། འབྱུང་འགྱུར་ལོ་ལྔའི་རིང་ཁྲེང་ཀོན་ཆུས་ཀྱིས་ངལ་ནུས་ཁྲོམ་རར་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས “ཁྲོམ་རས་ལམ་སྲོལ་སྙོམ་སྒྲིག་བྱེད་པ་དང་། ཁེ་ལས་ཀྱིས་རང་བདག་བགོ་འགྲེམས་བྱེད་པ། ལས་བཟོ་དམངས་གཙོའི་ངང་ཞུགས་པ། སྲིད་གཞུང་གིས་ལྟ་སྐུལ་ཚོད་འཛིན་དང་མཛུབ་ཁྲིད་བྱེད་པ ”བཅས་ཁེ་ལས་ཀྱི་གླ་ཆ་བགོ་འགྲེམས་མ་ལག་སྤྱིར་ན་ཆགས་པ་བྱས་ཏེ་གཞུང་ཁོངས་ཁེ་ལས་སུ་ངལ་རྩོལ་གན་རྒྱ་འཇོག་ཚད་99%ཡན་དང་རིགས་གཞན་དག་གི་ཁེ་ལས་ཀྱི་ངལ་རྩོལ་གན་རྒྱ་འཇོག་ཚད་60%ཡན་ལོན་པ་བྱ་རྒྱུ་རེད།

        སྤྱི་ཚོགས་འགན་སྲུང་ཆེད་ལས་ཞབས་ཞུའི་སྒྲིག་གཞི་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་ཡིན་པ། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ཁྲེང་ཀོན་ཆུས་ཀྱིས་རྒན་གསོ་དང་། ལས་ཤོར། སྨན་བཅོས། ལས་རྨས། བུ་བཙའ་བཅས་གཞི་རྩའི་སྤྱི་ཚོགས་འགན་བཅོལ་ཁག་ལྔ་པོ་དེའི་ནང་དོན་གཙོ་བོར་བྱས་པའི་འགན་སྲུང་ལམ་ལུགས་གོམ་གང་མདུན་སྤོས་ཀྱིས་འཐུས་ཚང་དུ་བཏང་སྟེ 2012ལོར་སླེབས་སྐབས་ཁྲེང་ཀོན་ཆུས་ཀྱིས་གྲོང་གསེབ་ཏུ་རྒན་གསོ་འགན་བཅོལ་གསར་པ་ཡོངས་སུ་ཁྱབ་པ་དང་སྤྱི་ཚོགས་འགན་བཅོལ་ཁྱབ་ཚད་85%ལོན་པ་བྱས་ནས་འགན་བཅོལ་དངུལ་ཁག་དུས་ཐོག་ཏུ་གྲངས་ཚང་སྤྲོད་པར་འགན་ལེན་བྱ་རྒྱུ་རེད།

        སྤྱི་ཚོགས་ཕན་བདེའི་སྒྲིག་གཞིའི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ཁྲེང་ཀོན་ཆུས་ཀྱིས་རྒན་བཀུར་ཁང་དང་དྭ་ཕྲུག་ཁང་གི་འཛུགས་སྐྲུན་ལས་དོན་ལེགས་འགྲུབ་ཡོང་རྒྱུ་དང་འབྲེལ་གྲོང་ཁྱེར་གྱི་ཡུལ་མི་དང་ཞིང་འབྲོག་པའི་སྨན་བཅོས་རོགས་སྐྱོབ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། དབང་པོ་སྐྱོན་ཅན་གྱི་དྲག་སྐྱེད་ལྟེ་གནས་འཛུགས་སྐྲུན་བྱེད་པ། ཁྲེང་ཀོན་ཆུས་ཀྱི་ཁང་གླ་ཁེ་བའི་ཁང་པ་ཆ་ཚང་3000འཛུགས་སྐྲུན་བྱས་ནས་གྲོང་ཁྱེར་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་སྡོད་ཁང་དཀའ་ངལ་སེལ་བ་བཅས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།