དབུ་ཤོག>གསར་འགྱུར།>དམངས་འཚོ།
  • འདི་ལོ་རང་ལྗོངས་ཀྱིས་མི་ཁྲི་2.1ལས་ཞུགས་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པས་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོ་རང་ལྗོངས་ཀྱི་རིམ་ཁག་སྲིད་གཞུང་གིས་ལས་དོན་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས “ལས་ཞུགས་སྔོན་ལ་བྱེད་པའི ”རྩ་དོན་གཞིར་བཟུང་ལས་ཞུགས་ཀྱི་སྲིད་ཇུས་ལག་བསྟར་ཧུར་ཐག་དང་། ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་ཀྱི་ལས་གནས་གསར་སྤེལ། ལས་ཞུགས་བརྟན་པོ་དང་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ཚོགས་སྤྱི་སྣ་ཚོགས་ཀྱི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་རྒྱུ་ཡིན་པ་རེད།

        རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཐིང་ཀྲང་ཡའོ་རུའེ་ཕུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་2.1གསར་དུ་ལས་ཞུགས་ཐུབ་པ་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3.9%ནང་ཚུན་དུ་ཚོད་འཛིན་དང་། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཐེངས་ཁྲི་82དང་མི་ཁྲི་34.5ལས་ཞུགས་གཞན་སྒྱུར་བྱས་ཏེ་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་17ཡན་གཏོད་རྒྱུ་དང་མི་ཁྲི་2.2ལ་གསོ་སྦྱོང་བྱ་རྒྱུ་ཡིན་པ་རེད།   

        སློབ་ཆེན་ཐོན་པའི་སློབ་མ་ལས་ཞུགས་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་ཞིང་། སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་ཁག་མུ་མཐུད་འཐུས་ཚང་དང་དོན་འཁྱོལ་བྱས་ཏེ་ཁེ་ལས་ཁག་ལ་སློབ་ཆེན་ཐོན་པའི་སློབ་མ་ལས་ཞུགས་ལ་བསྡུ་རྒྱུར་སྐུལ་ལྕག་བྱེད་པ་དང་། དྲིལ་བསྒྲགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་སློབ་ཆེན་ཐོན་པའི་སློབ་མར་ལས་ཞུགས་ཀྱི་ལྟ་བ་དང་འཇོན་ཐང་ཅན་གྱི་ལྟ་བ་ཡང་དག་འཛུགས་རྒྱུར་སྣེ་ཁྲིད་བྱེད་པ། རང་ལྗོངས་ཀྱི་སློབ་ཆེན་ཐོན་པའི་སློབ་མས་རང་རྟེན་ལས་གཏོད་དང་ལྗོངས་ཕྱིར་ལས་ཞུགས་བྱེད་པར་བསྐྱོད་རྒྱུར་སྐུལ་ལྕག་བྱེད་པའི་འབྲེལ་ཡོད་སྲིད་ཇུས་ཞིབ་འཇུག་བྱས་ཏེ་བཟོ་བ། སློབ་ཆེན་ཐོན་པའི་སློབ་མ་ལས་ཞུགས་བྱ་རྒྱུར་འཚམས་པའི་གཞི་རིམ་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་ལས་གནས་འཚོལ་ཞིབ་དང་གསར་སྤེལ་བྱས་ནས་སློབ་ཆེན་ཐོན་པའི་སློབ་མ་གཞི་རིམ་དུ་ལས་ཀ་བྱེད་པར་བསྐྱོད་རྒྱུ་ཁྲིད་སྟོན་བྱས་ཏེ་ཁོང་ཚོའི་འཇོན་ཐང་ངོམས་ཐུབ་པ་བྱེད་པ། སློབ་ཆེན་ཐོན་པའི་སློབ་མ་ཡིག་རྒྱུགས་བཏང་ནས་ལས་ཀར་བསྡུ་བ་དང་། དམངས་གཉེར་ཁེ་ལས་ཀྱི་ལས་མི་བསྡུ་བའི་གཟའ་འཁོར། སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ཞབས་ཞུའི་ཟླ་བ་སོགས་ཀྱི་བྱེད་སྒོ་ནན་ཏན་ངང་སྤེལ་ནས་སློབ་ཆེན་ཐོན་པའི་སློབ་མ་ལས་ཞུགས་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་འདི་ལོ་ལྗོངས་ཡོངས་ཀྱི་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ཀྱི་དུས་བབ་གཞི་རྩའི་ཆ་ནས་བརྟན་ལྷིང་རྒྱུན་འཁྱོངས་ཡོང་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

        ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་དང་རྫམ་ཆུ་ཤུགས་གློག་ཁང་སོགས་འཛུགས་སྐྲུན་རྣམ་གྲངས་ཆེ་གྲས་ལ་བརྟེན་ནས་ལས་ཞུགས་གཞན་སྒྱུར་གྱི་གཞི་ཁྱོན་ཆེ་རུ་ཧུར་ཐག་གཏོང་བ་དང་། “ཤེས་ལྡན་མི་སྣའི་རྩལ་ནུས་འདུ་འགོད ”ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་གི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། ཞིང་འབྲོག་པ་ལས་མི་ཤུགས་ལས་རྣམ་པ་ནས་རྩལ་ནུས་རྣམ་པར་འགྱུར་རྒྱུར་རོགས་རམ་བྱེད་པ། ཁོང་ཚོའི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁོང་ཚོར་རྩལ་ནུས་ལ་བརྟེན་ནས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ། “གསོ་སྦྱོང་དང་། ལས་ཞུགས། ཁེ་དབང་སྲུང་སྐྱོང ”བཅས་ཕྱོགས་གསུམ་གྱི་གཞི་གཅིག་ཏུ་བསྡུས་པའི་ངལ་ནུས་ཕྱིར་གཏོང་གི་ལས་ཀའི་ལམ་སྲོལ་གང་མགྱོགས་འཛུགས་པ། ངལ་ནུས་སྤུས་རྟགས་གཏོད་པའི་ལས་དོན་ཏན་ཏིག་ངང་སྤེལ་ནས་སྤུས་རྟགས་ཀྱི་ཕན་འབྲས་འདོན་སྤེལ་ཐུབ་པ་བཅས་བྱ་རྒྱུ་ཡིན་པ་རེད།

        གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ་དང་། ལས་ཞུགས་བྱེད་མཁན་མེད་པའི་ཁྱིམ་ཚང་གི་ཁོངས་མི། “3545”ཡི་ས་ཞིང་ཤོར་བའི་མི་སྣ་སོགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིར་ལས་ཀ་འཚོལ་བའི་ཐོ་འགོད་དང་ལས་རིགས་ངོ་སྤྲོད་སོགས་འགོ་མཇུག་གཙང་འཁྱོལ་གྱི་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་ཞིང་། ལས་ཞུགས་རོགས་སྐྱོར་ལམ་ལུགས་དང་ལས་ཞུགས་བྱེད་མཁན་མེད་པའི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ་རེད།

        ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། རྩལ་ནུས་གསོ་སྦྱོང་གི་དོ་དམ་སྔར་བས་འཐུས་ཚང་དུ་བཏང་སྟེ་དམངས་གཉེར་གསོ་སྦྱོང་སྒྲིག་གཞིར་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གསོ་སྦྱོང་རྣམ་གྲངས་ཡོངས་བསྒྲགས་ངང་སུས་འཇོན་དེ་འགུགས་བྱེད་པའི་ལམ་ལུགས་ལ་བརྟན་པོའི་སྒོ་ནས་ཁྱབ་སྤེལ་བཏང་ནས་གསོ་སྦྱོང་མ་དངུལ་བེད་སྤྱོད་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་བ། ཁྱིམ་ཚང་ཞབས་ཞུའི་ལས་གཉེར་མི་སྣའི་ལས་རིགས་རྩལ་ནུས་གསོ་སྦྱོང་གི་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་པ། ལས་རིགས་གསོ་སྦྱོང་གི་ཁྱབ་ཁོངས་ཆེ་རུ་ཧུར་ཐག་བཏང་ནས་གསོ་སྦྱོང་གི་བྱེད་སྟངས་དང་ལས་ཀའི་ལམ་སྲོལ་གསར་གཏོད་བྱེད་པ། སྲུང་སྐར་རྒྱང་ཁྲིད་གསོ་སྦྱོང་ཁྱབ་གདལ་ཧུར་ཐག་གཏོང་བ། སྲིད་ཇུས་བསྡུ་སྒྲིལ་དང་། ལས་སྟེགས་གཏོད་པ། ལས་གཏོད་གསོ་སྦྱོང་དང་ལས་གཏོད་ཞབས་ཞུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལས་གཏོད་ཀྱིས་ལས་ཞུགས་སྣེ་ཁྲིད་བྱེད་པའི་ཕུགས་ཕན་ལམ་སྲོལ་རིམ་བཞིན་ཆགས་པ་བྱ་རྒྱུ་ཡིན་པ་རེད། རིམ་ཁག་མི་ཤུགས་ཐོན་ཁུངས་ཁྲོམ་ར་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་ཏན་ཏིག་བཏང་ནས་གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། དམིགས་སའི་རང་བཞིན་ཆེ་བའི་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱེད་སྒོ་སྤེལ་བ་དང་། དམངས་གཉེར་ཡིད་རྟོན་རུང་བའི་ལས་རིགས་ངོ་སྤྲོད་བྱེད་པའི་སྒྲིག་གཞི་ཁག་ཅིག་འོས་སྦྱོར་བྱེད་པ་དང་མི་ཤུགས་ཐོན་ཁུངས་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་ཀའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པ། ལས་མི་གླ་སྐུལ་བྱེད་པའི་སྙན་སེང་ཐོ་འགོད་དང་། ལས་ཞུགས་ཐོ་འགོད། ལས་ཤོར་ཐོ་འགོད་བཅས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་ལས་ཞུགས་ཀྱི་དུས་བབ་ལ་དབྱེ་ཞིབ་དང་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་ཤོར་སྔོན་དཔག་དང་། སྔོན་ཚུད་ཀྱི་ཉེན་བརྡ། སྙོམས་སྒྲིག་ལམ་སྲོལ། ལས་ཤོར་བསྡོམས་རྩིས་བཅས་ཀྱི་ལམ་ལུགས་རིམ་བཞིན་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ་རེད།

        2010ལོའི་ལོ་མཇུག་ཏུ་ལྷ་ས་གྲོང་ཁྱེར་ལས་ཞུགས་སྡེ་ཚན་གྱིས་སློབ་ཆེན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་ཆེད་སློབ་ཆེན་སློབ་མའི་ཆེད་དོན་མཁོ་དགོས་ངོ་འཕྲད་གྲོས་མོལ་བྱས་ཤིང་། འདི་ནི་གདན་ཞུའི་ཚོགས་རའི་ཟུར་ཞིག་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།