དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་298ལ་ལས་གནས་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། “དུས་ཆེན་གསུམ ”གྱི་རིང་རང་ལྗོངས་ཀྱིས “སྲིད་ཇུས་དང་། ལས་གནས། ཞབས་ཞུ། དྲོ་སྐྱིད་བཅས་མཚོན་པ་བྱེད་པའི ”བརྗོད་བྱ་གཙོ་བོའི་ལས་ཞུགས་བྱེད་རོགས་བྱེད་པའི་ཟླ་བའི་བྱེད་སྒོ་སྤེལ་བ་རེད། ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔར་བྱེད་སྒོ་དེ་སྤེལ་མཇུག་འགྲིལ་བ་དང་ལྗོངས་ཡོངས་ཀྱིས་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་བསྡོམས་298ལ་ལས་གནས་ཐག་གཅོད་བྱས་པ་རེད།

        བྱེད་སྒོ་སྤེལ་རིང་རང་ལྗོངས་ཀྱི་རིམ་ཁག་སྤྱི་པའི་ལས་ཞུགས་ཞབས་ཞུ་སྒྲིག་གཞིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་དང་ལྷག་དོན་དུ་ལས་ཞུགས་ཐོ་འགོད་བྱེད་པའི་དབང་པོ་སྐྱོན་ཅན་གཙོ་གནད་དུ་བྱེད་པ་དང་ལས་ཞུགས་ཀྱི་འདུན་པ་ཡོད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ་དང་དབང་པོ་སྐྱོན་ཅན་ལས་ཞུགས་ཐུབ་རྒྱུར་སྐུལ་མ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ཏེ་མང་ཚོགས་དང་ཉེ་བཅར་བྱས་པའི་རོགས་སྐྱོར་བྱེད་སྒོ་སྣ་ཚོགས་སྤེལ་ཡོད་ཅིང་། བསྡོམས་རྩིས་ལྟར་ན་ལྗོངས་ཡོངས་སུ་རིམ་ཁག་སྤྱི་པའི་ལས་ཞུགས་ཞབས་ཞུ་སྒྲིག་གཞིས་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ་དང་ལས་ཞུགས་མེད་པའི་ཁྱིམ་ཚང་281ལ་འཚམས་འདྲི་བྱས་པ་དང་། ལས་ཞུགས་མེད་པའི་དཀའ་ངལ་ཡོད་པའི་མི་སྣ་401ཐོ་འགོད་གཏན་འཁེལ་བྱས་ཡོད། ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་298ལ་ལས་གནས་ཐག་གཅོད་བྱས་པ་དང་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་116ལ་རོགས་སྐྱོར་གྱི་སྲིད་ཇུས་སྣ་ཚོགས་ལག་བསྟར་བྱས་པ་དང་ལས་ཞུགས་མེད་པའི་ཁྱིམ་དུད་46གཏན་འཁེལ་བྱས་པ་དང་སྦྲགས་མེད་པ་བཟོས་པ། ལས་ཞུགས་མེད་པའི་ཁྱིམ་དུད་58ཀྱི་ལས་ཤོར་མི་སྣར་ལས་གནས་ཐག་གཅོད་བྱས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།