དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “ཐོན་སྐྱེད་ཁུལ་བདུན་དང་ཐོན་ལས་དར་ཁུལ་བདུན”ལ་བརྟེན་ནས་ཞིང་འབྲོག་ལས་ཀྱི་རྣམ་པ་གསར་པ་ཞིག་གཏོད་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        “ཞིང་འབྲོག་ལས་ཐོན་ལས་ཀྱི་ཁྱབ་ཚུལ་བཟང་སྒྲིག་བྱེད་པ་དང ‘ཐོན་ལས་ཁུལ་བདུན་དང་ཐོན་ལས་དར་ཁུལ་བདུན ’གྱི་ཞིང་འབྲོག་ལས་ཀྱི་འཐབ་ཇུས་རྣམ་པ་ཞིག་གང་མགྱོགས་སྐྲུན་དགོས། བོད་ནུབ་བྱང་དང་། བྱང་ཐང་ས་མཐོའི་ལྷོ་རྒྱུད། བོད་བྱང་ཤར། ཡར་ཀླུང་གཙང་པོའི་དབུས་རྒྱུད་དང་ཆུ་སྟོད་ཁུལ། ཡར་ཀླུང་གཙང་པོའི་དབུས་རྒྱུད —ལྷ་ས་སྐྱིད་ཆུའི་ས་ཁོངས། ཉང་ཆུའི་དབུས་རྒྱུད་དང་ཆུ་སྨད། བོད་ཤར་ལྷོ་བཅས་ཞིང་འབྲོག་ལས་ཐོན་སྐྱེད་ཁུལ་ཆེ་གྲས་བདུན་དུ་བོད་ནུབ་བྱང་གི་ཁུལ་ལྡན་ར་དང་། བོད་བྱང་ཤར་གྱི་འབྲི་གཡག བོད་དབུས་བྱང་གི་ལུག བོད་ཤར་ལྷོའི་ནགས་ཚལ་ཐོན་ཁུངས་དང་བོད་སྨན་རྒྱུ་ཆ། བོད་དབུས་ཀྱི་སྤུས་ལེགས་འབྲུ་རིགས་དང་གཟན་ཆས། གྲོང་ཁྱེར་ཉེ་ཁུལ་གྱི་སྤུས་ལེགས་སྔོ་ཚལ། བོད་དབུས་དང་བོད་ཤར་གྱི་བོད་ཕག་དང་བོད་བྱ་བཅས་ཁྱད་ལྡན་ཞིང་འབྲོག་ལས་ཐོན་ལས་དར་ཁུལ་བདུན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས། དེང་རབས་ཀྱི་ཞིང་འབྲོག་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཆ་རྐྱེན་འཚམས་པའི་སར ‘ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པའི ’དཔེ་སྟོན་རྫོང་དང་། དཔེ་སྟོན་ཤང་གྲོང་། ཚན་རིག་དང་མཐུན་པའི་ངང་འདེབས་འཛུགས་དང་གསོ་སྤེལ་དཔེ་སྟོན་དུད་ཚང་སྐྱེད་བསྲིང་བྱེད་དགོས ”《བོད་རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཆར་འགོད་རྩ་གནད 》ནང་དོན་ཚན་ཆེད་མངགས་ཀྱི་ཐོག་ནས་སླད་ཕྱིན་ལོ་ལྔའི་རིང་ལྗོངས་དེ་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་གྲུབ་ཆ་འཐབ་ཇུས་རང་བཞིན་ངང་ལེགས་སྒྲིག་བྱ་རྒྱུའི་བསམ་ཕྱོགས་དང་དེ་བཞིན་ཁ་ཕྱོགས་གསལ་བཟོ་ཞིབ་ཕྲ་བྱས་ཡོད། མི་སེམས་འགུལ་བའི་བརྗིད་ཆེའི་དམིགས་ཡུལ་དེ་ལས་ང་ཚོས་ཡུན་རིང་མ་སོང་བའི་འབྱུང་འགྱུར་དུ་རང་ལྗོངས་ཀྱི “ཐོན་སྐྱེད་ཁུལ་བདུན་དང་ཐོན་ལས་དར་ཁུལ་བདུན ”གྱི་ཞིང་འབྲོག་ལས་ཀྱི་འཐབ་ཇུས་རྣམ་པའི་དགའ་འོས་པའི་རྣམ་པ་གསལ་པོ་མཐོང་ཐུབ།

        འདེབས་འཛུགས་ལས་རིགས་ཀྱི་ས་ཁོངས་ཁྱབ་ཚུལ། “སྲོག་ཤིང་ཁུལ་གསུམ ”ཆགས་པ་བྱེད་པ།

        ཞིང་འབྲོག་ལས་ཀྱི་ནུས་པ་གཙོ་བོའི་ཁུལ་དབྱེ་གཞིར་བཟུང་ནས་ས་ཁོངས་ཀྱི་རང་བྱུང་ཐོན་ཁུངས་གྱི་ཆ་རྐྱེན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཆུ་ཚད་དང་ཐོན་སྐྱེད་ཀྱི་རྨང་གཞིར་ཕྱོགས་བསྡུས་བསམ་གཞིགས་བྱས་ནས་རང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་འབྲུ་རིགས་དང་ལྷག་པར་དུ་ནས་ཐོན་སྐྱེད་ཀྱི་སྲོག་ཤིང་ཐོན་ཁུལ་དང་། མི་མངོན་པའི་ནུས་པ་མཐོར་གཏོང་ཁུལ། པད་ཁ་སྲོག་ཤིང་ཐོན་ཁུལ། སྔོ་ཚལ་སོགས་ལྡུམ་རྩལ་སྐྱེ་དངོས་སྲོག་ཤིང་ཐོན་ཁུལ་བཅས་བཏོད་དེ་གཅིག་སྡུད་ངང་མ་འཇོག་བྱེད་པ་དང་སྤྱི་ཡོངས་ནས་སྐུལ་མ་བཏང་ཐོག་གཅིག་སྡུད་མུ་འབྲེལ་དང་། ནུས་པ་མངོན་གསལ་དོད་པ། ཐོན་ནུས་ལ་སྣང་ཆེན་བྱེད་པ་བཅས་ཀྱི་ས་ཁོངས་གཙོ་ཁྲིད་ཐོན་ལས་ཤིག་བཏོད་རྒྱུ་ཡིན་པ་རེད།

        “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རང་ལྗོངས་ཀྱིས་གནད་ཆེའི་ས་ཁོངས་མངོན་གསལ་དུ་འཛིན་ནས་ཞིང་ཁའི་ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་རྨོད་ལས་བྱེད་སྟངས་ལེགས་སུ་བཏང་བ་བརྒྱུད་ལྷུན་གྲུབ་དང་། རྒྱལ་རྩེ། གྲ་ནང་། སྤོ་བོ། སྨར་ཁམས་སོགས་རྫོང (གྲོང་ཁྱེར )25ནི་འབྲུ་རིགས་དང་ལྷག་པར་དུ་ནས་སྲོག་ཤིང་ཐོན་ཁུལ་དུ་འཛུགས་སྐྲུན་བྱས་ནས་ལྗོངས་ཡོངས་ཀྱི་འབྲུ་རིགས་དང་ལྷག་པར་དུ་ནས་ཐོན་སྐྱེད་ཁྲོད་ཀྱི་ས་ཁོངས་དེ་དག་གི་སྲོག་ཤིང་གནས་བབ་སྔར་བས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། དུས་མཚུངས་ཚན་རྩལ་གནས་འབྱོར་ཡོང་བ་བྱེད་པར་ཤུཌ་སྣོན་རྒྱག་པ་དང་། ཐོན་སྐྱེད་དང་དོ་དམ་བྱེད་སྟངས་འགྱུར་ལྡོག་གཏོང་བ་སོགས་བྱེད་ཐབས་བརྒྱུད་མལ་གྲོ་གུང་དཀར་དང་། སྣེ་གདོང་། ལྷ་རྩེ། སྟེང་ཆེན་སོགས་རྫོང (གྲོང་ཁྱེར )15ནི་པད་ཁ་སྲོག་ཤིང་ཐོན་ཁུལ་དུ་འཛུགས་སྐྲུན་བྱས་ནས་ལྗོངས་ཡོངས་ཀྱི་པད་ཁའི་ཐོན་སྐྱེད་འཕེལ་རྒྱས་གཏོང་རྒྱུར་ཁྱབ་འགྱེད་སྣེ་ཁྲིད་བྱ་རྒྱུ་ཡིན་པ་རེད། འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོར་མཁོ་འདོན་བྱེད་རྒྱུ་དེ་གཙོ་གནད་དུ་བརྩིས་ཏེ་ཆུ་ཤུར་དང་། པ་སྣམ། རྩ་མདའ་དང་དེ་བཞིན་སྨན་གླིང་ཞིང་ར། བརྒྱད་གཅིག་ཞིང་ར་སོགས་རྫོང (གྲོང་ཁྱེར )13ནི་སྔོ་ཚལ་དང་ཤིང་འབྲས་ཐོན་ཁུལ་གཙོ་བོ་ཞིག་ཏུ་འཛུགས་སྐྲུན་བྱེད་པ་དང་འབྲེལ་འཚམས་པའི་ས་ཁུལ་ལ་བསྐྱར་འདེབས་ཐོན་སྐྱེད་ཁྱབ་སྤེལ་ཧུར་ཐག་བཏང་ནས་རྒྱུན་ཆད་མེད་པར་ཐོན་ནུས་ཆེ་རུ་དང་། སྤྱི་འབོར་མང་དུ། སྣ་ཁ་ཕུན་སུམ་ཚོགས་སུ། ཕན་འབྲས་མཐོ་རུ་བཅས་གཏོང་རྒྱུ་ཡིན་པ་རེད།

        འབྲོག་ལས་ས་ཁོངས་ཀྱི་ཁྱབ་ཚུལ། “འབྲོག་ལས་ཐོན་རྫས་ཀྱི་ལེགས་ལྡན་ཐོན་ཁུལ་བཞིར ”དབྱེ་བ། རང་བྱུང་ཐོན་ཁུངས་ཀྱི་ཆ་རྐྱེན་དང་ཐོན་ལས་ཀྱི་རྨང་གཞི་དང་དེ་བཞིན་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་ཤུགས་ལ་གཞིགས་ནས་འབྲོག་ལས་ས་ཁོངས་དེ “འབྲོག་ལས་ཐོན་རྫས་ཀྱི་ལེགས་ལྡན་ཐོན་ཁུལ་བཞིར ”དབྱེ་རྒྱུ་ཡིན་པ་རེད།

        འབྲི་གཡག་གི་རིགས་རྒྱུད་ཞན་དུ་ཤུགས་ཆེན་ཕྱིན་པ་དང་། ཁུལ་ལྡན་རའི་རྒྱུད་བཟང་ཁྱབ་ཚད་དམའ་རུ་ཕྱིན་པ། བོད་རྒྱུད་ལུག་ཁྱུའི་གྲུབ་ཆ་ལུགས་མཐུན་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རང་ལྗོངས་ཀྱིས་ནག་ཆུ་དང་ཆབ་མདོ་ས་ཁུལ་གཉིས་ལྟེ་བར་འཛིན་པའི་བོད་བྱང་ཤར་གྱི་འབྲོག་ཁུལ་དང་ས་མ་འབྲོག་གི་རྫོང་10ནི་འབྲི་གཡག་ཐོན་ལས་ཁུལ་དུ་བརྩིས་ནས་འབྲི་གཡག་འདེམས་གསོ་དང་རྒྱུད་བཟང་གསོ་སྤེལ་བྱེད་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་རྒྱུད་བཟང་ཁྱབ་ཚད་དང་ན་ལོན་བཞོན་མའི་བསྡུར་ཚད་ཆེ་རུ་བཏང་སྟེ་ཕྱུགས་ཁྱུའི་གྲུབ་ཆ་ལེགས་སུ་དང་གསོ་ཚགས་བྱེད་སྟངས་འགྱུར་ལྡོག་བཏང་ནས་ལག་གསོས་དང་ཕྱེད་ལག་གསོས་ངང་གཅིག་སྡུད་སྡོམ་གསོས་བྱ་རྒྱུ་ཁྱབ་སྤེལ་བཏང་སྟེ་གསོ་ཚགས་དུས་ཡུན་ཐུང་དུ་དང་བཤས་གཏོང་ཚད་མང་དུ་བཏང་ཐོག་ཤ་དང་མར་གཙོ་ཁྲིད་ཐོན་རྫས་སུ་བྱེད་པའི་འབྲི་གཡག་ཐོན་སྐྱེད་རྟེན་གཞི་བསྐྲུན་རྒྱུ་ཡིན་པ་རེད། རུ་ཐོག་དང་ཉི་མ་རྫོང་གཉིས་ལྟེ་བར་འཛིན་པའི་བོད་བྱང་ནུབ་ཀྱི་མཐོ་གྲང་འབྲོག་ཁུལ་གྱི་རྫོང་11ནི་ཁུལ་ལྡན་རའི་ཐོན་ལས་ཁུལ་ཞིག་ཏུ་བརྩིས་ནས་རྒྱུད་པ་དེ་འདེམས་གསོས་བྱ་རྒྱུར་དམ་འཛིན་བྱས་ནས་རྒྱུད་བཟང་ཁྱབ་ཚད་དང་། ན་ལོན་བཞོན་མའི་བསྡུར་ཚད། ཁུ་ལུ་ཐོན་ཚད། ཁུ་ལུའི་སྤུས་ཚད་བཅས་མཐོ་རུ་བཏང་ཐོག་རྩྭ་ཕྱུགས་དོ་སྙོམས་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ལུག་གི་གྲངས་འབོར་ཉུང་དུ་གཏོང་བ་བཅས་ཀྱི་ཐོག་ནས་ཁུལ་ལྡན་རའི་ཐོན་སྐྱེད་རྟེན་གཞི་བརྟན་པོ་ཞིག་སྐྲུན་པ་དང་ཁུལ་ལྡན་རའི་ཐོག་མའི་ཐོན་རྫས་གཅིག་སྡུད་ངང་ཐོན་སྐྱེད་དང་ཉོ་སྒྲུབ་བྱ་རྒྱུ་ཡིན་པ་རེད།

        ཞིང་ཞོར་ཐོན་ཟོག་ལས་སྣོན་ལས་རིགས་ཀྱི་ས་ཁོངས་ཁྱབ་ཚུལ། “ལས་སྣོན་ཁུལ་གསུམ ”དུ་དབྱེ་བ།

        རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་ནུས་པ་གཙོ་བོའི་ས་ཁོངས་དབྱེ་རྒྱུ་དང་། ཞིང་འབྲོག་ལས་ཀྱི་ཐོན་ཁུངས་ཁྱབ་ཚུལ་གྱི་དོན་དངོས། ཞིང་འབྲོག་ལས་ཀྱི་ཐོན་ལས་ཁུལ་འཛུགས་སྐྲུན་བཅས་ཀྱི་ཁྱབ་ཚུལ་ཐད 《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འཆར་འགོད 》དང་ཟུང་འབྲེལ་གྱིས་རང་ལྗོངས་ཀྱི་ཞིང་འབྲོག་ཐོན་ཟོག་ལས་སྣོན་ལས་རིགས་དེ “ལས་སྣོན་ཁུལ་གསུམ ”འཕེལ་རྒྱས་གཏོང་སྟངས་སུ་འགྱུར་བ་བྱ་རྒྱུ་ཡིན་པ་རེད།

        བོད་དབུས་རྒྱུད་ཀྱི་སྤུས་ལེགས་འབྲུ་སྣུམ་ལས་སྣོན་ཁུལ། ས་ཁོངས་དེ་རང་སྐྱོང་ལྗོངས་ཀྱི་འབྲུ་སྣུམ་ཐོན་ཁུལ་གཙོ་བོ་དང་ཞིང་ཁུལ་གྱི་འབྲོག་ལས་འཕེལ་རྒྱས་ཁུལ་ཞིག་ཡིན་པའི་ངོས་ནས་ཞིང་འབྲོག་ཐོན་ཟོག་ལས་སྣོན་ལས་རིགས་འཕེལ་རྒྱས་གཏོང་བའི་ཐད་རྨང་གཞི་བཟང་པོ་ཡོད། གོམ་སྟབས་རྗེས་མར་ས་ཁོངས་དེའི་ལས་འགན་གཙོ་བོ་ནི་ཁེ་ལས་ལ་ལམ་སྲོལ་གསར་གཏོད་དང་ལག་རྩལ་སྒྱུར་བཅོས་བྱེད་རྒྱུར་ཁྲིད་སྟོན་བྱེད་པ་དང་ཁེ་ལས་དབར་གྱི་མཉམ་འབྲེལ་དང་། ཟླ་སྒྲིལ། ལམ་ལུགས་སྒྱུར་བཅོས་བཅས་ལ་ཤུགས་སྣོན་བརྒྱབ་ནས་དེང་རབས་ཁེ་ལས་ཀྱི་ལམ་ལུགས་འཛུགས་པ་དང་། ཁེ་ལས་འཕེལ་རྒྱས་འགྲོ་རྒྱུའི་དགོས་འདུན་དང་འཚམས་པའི་སྤུས་ལེགས་འབྲུ་སྣུམ་ཐོན་སྐྱེད་རྟེན་གཞི་དང་། སྤུས་ལེགས་འོ་མའི་རྟེན་གཞི། ཚད་གཞི་ཅན་གྱི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་འཛུགས་མགྱོགས་སུ་གཏོང་བ་སོགས་བྱ་རྒྱུ་དེ་ཡིན་པ་རེད།

        བོད་ཤར་རྒྱུད་ཀྱི་སྤུས་ལེགས་ལས་སྣོན་ཁུལ། ས་ཁོངས་དེ་ནི་ལྗོངས་ཡོངས་ཀྱི་འབྲོག་ཟོག་ཐོན་ཁུལ་གཙོ་བོ་ཞིག་ཡིན་ཞིང་། ས་ཁོངས་དེར་ཐོན་ཁུངས་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་ཆེན་པོ་ལྡན་རུང་ཐོན་སྐྱེད་གཉེར་སྐྱོང་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ་དང་། ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་མཁན་སྣེ་འདྲེན་ཁེ་ལས་དཀོན་པའི་ཁར་དེང་རབས་ཅན་གྱི་ཞིང་ཞོར་ཐོན་ཟོག་ལས་སྣོན་ལས་རིགས་ཐོན་སྐྱེད་དངོས་སུ་བྱེད་འགོ་ཚུགས་མེད། སླད་ཕྱིན་ས་ཁོངས་དེའི་འཕེལ་རྒྱས་ཀྱི་གཙོ་གནད་ནི་སྲོལ་རྒྱུན་གྱི་འབྲོག་ལས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་སྟངས་ལ་འགྱུར་ལྡོག་བཏང་ནས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་གཉེར་སྐྱོང་དང་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ་དང་བར་འབྲེལ་མཉམ་ལས་རྩ་འཛུགས་སྐྱེད་སྲིང་བྱས་ནས་ཕྱུགས་ལས་ཐོན་ཟོག་དང་ཚོང་ཟོག་ཏུ་སྒྱུར་ཚད་མཐོ་རུ་གཏོང་བ་དང་། གཟིགས་སྐྱོང་སྲིད་ཇུས་བཟོ་བ་དང་གུ་ཡངས་པའི་ཁོར་ཡུག་བཏོད་དེ་ཤ་དང་། འོ་མ། ཁུ་ལུ་བཅས་ཐོན་སྐྱེད་དང་ལས་སྣོན་བྱེད་མཁན་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་ནས་འབྲོག་ཁུལ་དུ་བྱ་གཞག་གཏོད་ཐུབ་པ་བྱེད་པ་དང་ཐོན་ཟོག་གི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་འགྱུར་བ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

        བོད་ཤར་ལྷོའི་ཤིང་འབྲས་དང་ནགས་ཁྲོད་ཐོན་ཁུངས་ལས་སྣོན་ཁུལ། ས་ཁོངས་དེ་ནི་རང་ལྗོངས་ཀྱི་ནགས་ཁུལ་གཙོ་བོ་ཞིག་ཡིན་ཞིང་། ས་ཁོངས་དེའི་རང་བྱུང་ཁོར་ཡུག་དང་གནམ་གཤིས་ཀྱི་ཆ་རྐྱེན་ཧ་ཅང་ཡག་པོ་ཡོད་པས་གསར་སྤེལ་བྱེད་ཐུབ་པའི་ཐོན་ཁུངས་ཀྱི་སྣ་ཁ་ཕུན་སུམ་ཚོགས་པོ་ཡོད། གོམ་སྟབས་རྗེས་མར་ས་ཁོངས་དེར་ཐོན་ཁུངས་ཀྱི་ལེགས་ཆ་གཙོ་གནད་དུ་འདོན་སྤེལ་བྱས་ཏེ་ནགས་ཁྲོད་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཡུལ་སྐོར་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཐོན་ཟོག་གི་ཁྲོམ་རའི་བར་ཁྱམས་རྒྱ་ཆེར་གཏོང་བ། མཐའ་མཚམས་ཚོང་དོན་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཕྱི་ལ་ཁ་ཕྱོགས་པའི་ཞིང་འབྲོག་ཐོན་ཟོག་ལས་སྣོན་ལས་རིགས་འཕེལ་རྒྱས་གཏོང་བ་བཅས་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།