དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཀྱི་ལས་རྨས་རྒན་གྲས་ཚོའི་འཚོ་སྐྱོང་འགྲོ་གྲོན་འདི་ལོ་སྤྲོད་རྒྱུ་ཡིན་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་ལྗོངས་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་ལས་རྨས་རྒན་གྲས་ཚོ་རྩ་བའི་ཆ་ནས་ལས་རྨས་འགན་བཅོལ་གྱི་གཅིག་འདོམས་དོ་དམ་ནང་བཅུག་ཟིན་པ་དང་། ལྗོངས་ཡོངས་ཀྱི་ལས་རྨས་རྒན་གྲས་ལས་རྨས་འགན་བཅོལ་གྱི་གཅིག་འདོམས་དོ་དམ་ནང་འཇུག་རྒྱུའི་ལས་དོན་ཁྲོད་ཀྱི་ཐོབ་ཐང་གཏན་འཁེལ་དང་ད་ཡོད་ཀྱི་ཚད་གཞི་གཞིར་བཟུང་རྨས་སྐྱོན་རིམ་པ་ཞིབ་དཔྱད་གཏན་འཁེལ་སོགས་ཀྱི་ལས་དོན་རྩ་བའི་ཆ་ནས་ལེགས་གྲུབ་ཟིན་པ་རེད། འདི་ལོ་ལྗོངས་ཡོངས་ཀྱི་ལས་རྨས་འགན་བཅོལ་གྱི་གཅིག་འདོམས་དོ་དམ་ནང་བཅུག་པའི་ལས་རྨས་རྒན་གྲས་1200ལྷག་ཙམ་ལ་ལས་རྨས་འཚོ་སྐྱོང་གི་འགྲོ་གྲོན་སྤྲོད་རྒྱུ་ཡིན་པ་རེད།

        ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ལས་རྨས་དང་། བུ་བཙའ། ལས་ཤོར་བཅས་ཀྱི་འགན་བཅོལ་ཁྲུའུ་ཡི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་པའི 《ལས་རྨས་འགན་བཅོལ་གྱི་སྲོལ་ཡིག 》གསར་པའི་ནང་རང་སྐྱོང་ལྗོངས་ཀྱི་མི་སྤྱོད་ཚན་པ (ལས་ཁུངས་དང་གཞུང་ལས་པའི་བཅའ་ཁྲིམས་དོ་དམ་གཞིར་འཛིན་པའི་བྱ་གཞག་ཚན་པ་ཚུད་མེད )ཚང་མས་ངེས་པར་དུ་ལས་བཟོ་ཚང་མ་ལས་རྨས་འགན་བཅོལ་ནང་ཞུགས་སུ་འཇུག་དགོས་པ་དང་སྦྲགས་ལས་རྨས་རྒན་གྲས་ཚོ་ལས་རྨས་འགན་བཅོལ་གྱི་གཅིག་འདོམས་དོ་དམ་ནང་འཇུག་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ལས་རྨས་འགན་བཅོལ་ཐེབས་རྩའི་གཅིག་འདོམས་དོ་དམ་གྱི་འཚོ་སྐྱོང་འགྲོ་གྲོན་ནང་རིམ་པ་དང་པོ་ནས་བཅུ་པའི་བར་གྱི་ལས་རྨས་དབང་པོ་སྐྱོན་ཅན་གྱི་ནད་ཪྙིང་པ་སླར་ཡང་ལངས་པའི་སྨན་བཅོས་འགྲོ་གྲོན་དང་སྤྲོད་ཐེངས་གཅིག་གི་རྨས་སྐྱོན་ཁ་གསབ་དངུལ་དང་། རིམ་པ་དང་པོ་ནས་བཞི་པའི་བར་གྱི་ལས་རྨས་ལས་བཟོའི་རྨས་སྐྱོན་ཁ་གསབ་དངུལ། འཚོ་བ་དང་ནད་གཡོག་རྒྱུག་པའི་འགྲོ་གྲོན། རམ་འདེགས་ཡོ་ཆས་སྒྲིག་བཀོད་འགྲོ་གྲོན། དེ་བཞིན་ལས་ཀའི་དོན་དུ་རང་སྲོག་ཤོར་བའི་ལས་བཟོའི་གཉེན་ཉེའི་འཚོ་སྐྱོང་འགྲོ་གྲོན་སོགས་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།