དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཁང་དམར་རྫོང་གིས“ཞིང་གསུམ”ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས་གསར་འགོད་པར་ཁང་དམར་རྫོང་ནས་ཤེས་རྟོགས་བྱུང་གསལ། 2010ལོར་རྫོང་དེས་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཅན་དང་། སྣོད་བཅུད་ཅན། ཐོན་ལས་ཅན་བཅས་མངོན་གསལ་དོད་པོས་དམ་འཛིན་བྱས་ནས་ཕན་འབྲས་དམའ་བའི་ཞིང་འབྲོག་ལས་དེ་ཐོན་མཐོའི་ཞིང་འབྲོག་ལས་ཀྱི་ཕྱོགས་སུ་བསྒྱུར་བ་དང་། ཐོན་སྐྱེད་རྣམ་པའི་ཞིང་འབྲོག་ལས་དེ་གཉེར་སྐྱོང་རྣམ་པའི་ཞིང་འབྲོག་ལས་ཀྱི་ཕྱོགས་སུ་བསྒྱུར་བ། འཆར་གཞི་ཅན་གྱི་ཞིང་འབྲོག་ལས་དེ་ཁྲོམ་ར་ཅན་གྱི་ཞིང་འབྲོག་ལས་ཀྱི་ཕྱོགས་སུ་བསྒྱུར་བ། སྲོལ་རྒྱུན་གྱི་ཞིང་འབྲོག་ལས་དེ་དེང་རབས་ཀྱི་ཞིང་འབྲོག་ལས་ཀྱི་ཕྱོགས་སུ་བསྒྱུར་བ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་ལས་ཀྱི་ཕན་འབྲས་མཐོར་གཏོང་དང་། ཞིང་འབྲོག་པར་འབབ་འཕར་ཡོང་བ། ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་རིམ་འཕར་ཡོང་བ་བཅས་ལ་སྐུལ་འདེད་བཏང་ཡོད་པ་རེད།

        ཞིང་འབྲོག་ལས་ཀྱི་འདེབས་ལས་གྲུབ་ཆ་ལེགས་སུ་བཏང་ཞིང་། “ཐོན་ལས་དང་པོ་ཆུ་ཚད་ཐོག་སླེབས་པ་བྱེད་པའི ”བླང་བྱར་གཞིགས་ནས་ཁང་དམར་རྫོང་གིས “སྐར་མ་དགུ་རིགས ”ཀྱི་ནས་དང་སྤུས་ལེགས་གཟན་རྩྭ་དང་གཟན་ཆག་སོགས་ཁྱད་ལྡན་གྱི་ཟུར་བསྣན་རིན་ཐང་མཐོ་བའི་དཔལ་འབྱོར་ལོ་ཏོག་འདེབས་ཁྱོན་སྔར་བས་རྒྱ་ཆེར་བཏང་ནས་ཞིང་འབྲོག་ལས་ཀྱི་ཐོན་ལས་གྲུབ་ཆ་ཟམ་མི་ཆད་པར་ལེགས་སུ་བཏང་ཡོད། 2010ལོར་རྫོང་དེ་ཡོངས་ཀྱིས་ཐན་སྐྱོན་གྱི་ཤུགས་རྐྱེན་ངན་པ་ཁྱད་བསད་བྱས་ཐོག་ཞིང་ལས་ལོ་ཏོག་འདེབས་ཁྱོན་མུའུ་ཁྲི་4.71ནས་འབྲུ་རིགས་དང་པད་ཁའི་ཐོན་ཚད་བསྡོམས་འབོར་རྒྱ་མ་ཁྲི་2345.92ཟིན་པ་དེ་ལོ་གོང་མ་ལས་ཐོན་འཕར་རྒྱ་མ་ཁྲི་134.45བྱུང་ཡོད་པ་རེད།

        འབྲོག་ལས་ཐོན་སྐྱེད་ལ་དམ་འཛིན་ནན་པོ་བྱས་ཤིང་། 2010ལོར་ཁང་དམར་རྫོང་ཡོངས་ཀྱི་ཤ་དང་། འོ་མ། སྒོ་ང་། བལ་དང་ཁུ་ལུ་བཅས་ཀྱི་ཐོན་ཚད་ཏུན་1940.51དང་། ཏུན་2816.2 ཏུན་20.03 ཏུན་7.27བཅས་སོ་སོར་ཟིན་ནས་ཐོན་ཚད་ཚང་མ་ཚད་གཞི་མི་འདྲ་བ་འཕར་བ་དང་། ཕྱུགས་རིགས་དུས་ཐུང་སྡོམ་གསོས་བརྒྱབ་ནས་བཤས་གཏོང་ཚད་ལུག་ལ་ཕབ་ན་མགོ་གྲངས་74700ཟིན་ནས་ཡོང་འབབ་ཁེ་གཙང་སྒོར་ཁྲི་379.09བྱུང་བ། བ་གླང་མགོ་གྲངས་900དང་། ལུག་མགོ་གྲངས་26000 མཛོ་མོ་མགོ་གྲངས་750བཅས་རྒྱུད་པ་ལེགས་བཅོས་བྱས་པ་དང་བོད་བྱ་17300གསོ་ཚགས་བྱས་པ་བཅས་རེད།

        ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་མགྱོགས་མྱུར་བྱུང་ཞིང་། 2010ལོར་ཁང་དམར་རྫོང་གིས་ཁྱོན་ཞིང་འབྲོག་ལས་ཀྱི་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་6དང་། མཐུད་སྐྲུན་རྣམ་གྲངས་4 ཁྱད་ལྡན་ཐོན་ལས་རྟེན་གཞི་3བཅས་འཛུགས་སྐྲུན་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི་1452.8བཏང་ཡོད། རྫོང་དེ་ཡོངས་ཀྱིས་ཆེད་ལས་ཁག་གི་དཔལ་འབྱོར་མཉམ་ལས་རྩ་འཛུགས་6བཙུགས་པ་དེ་དག་གིས་གཙོ་བོ་རྡོ་གཤག་དང་། བྱེ་སྔོག སྔོ་ཚལ་ཐོན་སྐྱེད། ཞིང་ལས་ཐོན་རྫས་ལས་སྣོན་དང་ཕྱིར་ཚོང་བཅས་བྱེད་ཀྱི་ཡོད། བྱ་རིགས་གསོ་ཚགས་ཀྱི་གཞི་ཁྱོན་སྔར་བས་ཆེ་རུ་བཏང་ནས་ས་དམར་མདའ་ཤང་དུ “ཀུང་སི་དང་། རྟེན་གཞི། ཞིང་དུད ”བཅས་ཟུང་དུ་འབྲེལ་བའི་བོད་བྱ་གསོ་ཚགས་རྣམ་གྲངས་ལ་རོགས་སྐྱོར་བྱས་པའི་སྤྱིའི་གཞི་ཁྱོན་བོད་བྱ་20000ཟིན་པར་ཡོང་འབབ་སྒོར་ཁྲི་18བྱུང་ཡོད། ས་མ་མདའ་ཤང་ལྟེ་གནས་སུ་བྱས་པའི་ཤང་གྲོང་2ཀྱིས་གམ་པའི་ལུག་མཉམ་འབྲེལ་གསར་སྤེལ་བྱས་ནས་ཐུན་མོང་ཐོག་གམ་པའི་ལུག་གི་སྤུས་རྟགས་བཏོད་ཡོད་པ་རེད།

        ཐབས་ལམ་མང་པོའི་ཐོག་ནས་ཞིང་འབྲོག་པའི་ཡོང་འབབ་མང་དུ་བཏང་ཞིང་། ཁང་དམར་རྫོང་གིས་ལག་རྩལ་གསོ་སྦྱོང་སྣ་ཚོགས་སྤེལ་བ་བརྒྱུད་ཞིང་འབྲོག་པའི་ངལ་རྩོལ་གྱི་རྩལ་ནུས་མཐོ་རུ་ཕྱིན་པ་དང་སྐྱེལ་འདྲེན་དང་། འཛུགས་སྐྲུན། མི་རིགས་ལག་ཤེས་བཟོ་ལས་བཅས་གཙོ་གནད་དུ་བྱས་པའི་ཆེད་ལས་ཁྱིམ་དུད་ཁག་གཅིག་འཕེལ་རྒྱས་བཏང་བས་སྣ་མང་གཉེར་སྐྱོང་གི་འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་ཐེབས་པ་དང་ཞིང་འབྲོག་པའི་ཡོང་འབབ་ནུས་ལྡན་ངང་མང་དུ་ཕྱིན་ཡོད། 2010ལོར་རྫོང་དེ་ཡོངས་ཀྱི་ཁྱོན་ངལ་ནུས་ཕྱིར་གཏོང་མི་ཐེངས་33052ཟིན་པར་ཡོང་འབབ་སྒོར་ཁྲི་4339.32བྱུང་ཡོད། དུས་མཚུངས་རྡོ་རྒྱུའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་ལོ་ཧྲིལ་པོར་རྡོ་རྒྱུའི་ཐོན་ལས་ཀྱི་ཡོང་འབབ་སྒོར་ཁྲི་530བྱུང་ཡོད། ལྷག་པར་དུ་བདེ་སྡོད་ལས་གྲྭའི་འཛུགས་སྐྲུན་ཁྲོད་ཁང་དམར་རྫོང་གིས་ཞིང་འབྲོག་པའི་འཛུགས་སྐྲུན་རུ་ཁག་39སྔ་རྗེས་སུ་སྒྲིག་འཛུགས་བྱས་ནས་ལས་གྲྭའི་འཛུགས་སྐྲུན་ནང་ཞུགས་པར་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་381བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།