དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མཐུན་སྦྱོར་དམངས་འཚོའི་ལེའུ་གསར་བརྩམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        འདས་མ་ཐག་པའི “ལོ་ལྔ་ཚན་བཅུ་གཅིག ”པར་དྲན་གསོ་བྱེད་སྐབས་ཆབ་མདོ་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་མགྱོགས་སུ་གཏོང་བ་དང་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་འབབ་སར་བྱས་ཏེ་མང་ཚོགས་ཀྱི་ཁེ་ཕན་དམིགས་ཚད་དང་པོར་བརྩི་བ་དང་། མང་ཚོགས་ཀྱི་དགོས་མཁོ་གཙོ་གནད་དང་པོར་བརྩི་བ། མང་ཚོགས་ཀྱི་བདེ་སྡུག་འགན་འཁྲི་དང་པོར་བརྩི་བ། མང་ཚོགས་བློ་ཡིད་ཚིམ་རྒྱུ་དེ་དོན་གཉེར་དང་པོར་བརྩི་བ་བཅས་བྱས་ཐོག་མི་སེར་ལ་བདེ་སྐྱིད་ཐོབ་ཚད་རྒྱུན་ཆད་མེད་པར་མང་དུ་བཏང་སྟེ་ཚན་རིག་མཐུན་སྦྱོར་དང་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་ལམ་བུར་བསྐྱོད་ཡོད།

        ལས་ཞུགས་ལ་དམ་འཛིན་བྱས་ཏེ་དམངས་འཚོའི་རྩ་བ་བརྟན་དུ་བཏང་བ།

        “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་ཆབ་མདོ་ས་ཁུལ་གྱིས “ངལ་རྩོལ་པས་རང་མོས་ལས་འདེམས་དང་། ཁྲོམ་རས་ལས་ཞུགས་ལེགས་སྒྲིག སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་འདེད ”བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་ལས་ཞུགས་མང་དུ་གཏོང་རྒྱུ་དམིགས་ཚད་དུ་བྱེད་པ་དང་། གསོ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་རྨང་གཞིར་བྱེད་པ། ལས་རིགས་ངོ་སྤྲོད་དང་ལས་རིགས་མཛུབ་ཁྲིད་རྩ་བར་བྱེད་པ། གཅིག་སྡུད་གདན་ཞུ་གཙོ་གནད་དུ་བྱེད་པ་བཅས་བྱས་ཏེ་ལས་ཞུགས་དང་ལས་ཞུགས་བསྐྱར་མའི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་པར་བརྟེན་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

        “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་ས་ཁུལ་ཡོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་མི་9108ཟིན་པའི་ནང་མི་7602ལས་ཞུགས་ཐུབ་པའི་ཐོག་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱ་རྒྱུ་དེ་བརྒྱ་ཆ་བཞིའི་ནང་ཚོད་འཛིན་བྱས་ཡོད། ས་ཁུལ་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ལས་ཞུགས་སྟེགས་བུ་ཧུར་ཐག་བཏོད་ནས་མི་དམངས་མང་ཚོགས་ལས་ཞུགས་གང་ལེགས་ཐུབ་པ་བྱས་ཡོད།

        “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་ས་ཁུལ་ཡོངས་ཀྱིས་རིམ་རྩིས་བྱས་ན་ལས་ཞུགས་ལས་གནས་13180བཏོད་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་12693ལས་ཞུགས་ཐུབ་པ་མ་ཟད། གྲོང་ཁྱེར་དང་གྲོང་རྡལ་གྱི “ལས་ཞུགས་མེད་པའི་ཁྱིམ་ཚང ”སྤྱིར་ན་མེད་པར་གྱུར་པ་དང་འབྲེལ་རིགས་ཁག་གི་གསོ་སྐྱོང་དུས་ཐེངས་216གཉེར་ནས་མི་15372གསོ་སྦྱོང་བྱས་ཡོད།

        སྨན་བཅོས་ལས་དོན་དམ་འཛིན་བྱས་ཏེ་དམངས་འཚོའི་སེམས་ཁྲལ་སེལ་བ།

        “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་ཆབ་མདོ་ས་ཁུལ་གྱིས་སྤྱི་པའི་སྨན་བཅོས་འཕྲོད་བསྟེན་གྱི་སྤྱི་ཕན་རང་བཞིན་མཐའ་འཁྱོངས་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྒོ་ཀུན་ནས་སྐུལ་འདེད་དང་བྱེད་ཐབས་སྣ་མང་སྤྱད་དེ་ནད་ལྟ་མཁན་མི་སེར་གྱི་ཁུར་པོ་ཡང་དུ་བཏང་བར་བརྟེན “ནད་བལྟ་དཀའ་བ་དང་སྨན་རིན་མཐོ་བའི ”གནད་དོན་ཐག་གཅོད་ནུས་ལྡན་བྱུང་ཡོད། ལོ་ལྔའི་རིང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་གཅིག་ཙམ་བཏང་ནས་ཆབ་མདོ་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་དང་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་སྨན་བཅོས་མྱུར་སྐྱོབ་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཡོད། ས་ཁུལ་མི་དམངས་སྨན་ཁང་དང་། སྨན་རྩིས་ཁང་། མ་བུ་བདེ་སྲུང་ཁང་བཅས་དང་དེ་བཞིན་རྫོང་སྨན་རྩིས་ཁང་གསུམ་རྒྱ་བསྐྱེད་རྒྱས་སྐྲུན་བྱས་ཁར་ཤང་གྲོང་འཕྲོད་བསྟེན་ཁང་123གྱི་ལས་སྒོའི་ཁང་པ་དང་རྫོང་11གི་འཕྲོད་བསྟེན་ཞབས་ཞུའི་ལྟེ་བའི་ཁང་པ་ཚང་མ་རྒྱ་བསྐྱེད་རྒྱས་སྐྲུན་བྱས་པར་བརྟེན་སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྒོ་ཀུན་ནས་ལེགས་སུ་ཕྱིན་ཡོད།

        ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཁྱབ་ཚད་100%དང་ཏན་ཚྭ་ཁྱབ་ཚད་90%ཡན་ཟིན་ཞིང་། ཞིང་འབྲོག་མང་ཚོགས་ཀྱི་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པའི་གྲོན་དངུལ་2005ལོའི་མི་རེའི་ཆ་སྙོམས་སྒོར་80ནས་2008ལོའི་སྒོར་140བར་མཐོ་རུ་བཏང་བ་དང་སྒེར་གྱི་གྲབས་གསོག་ནང་ཞུགས་མཁན་ཞིང་འབྲོག་མང་ཚོགས་ཀྱིས་ཞིང་འབྲོག་མང་ཚོགས་བསྡོམས་འབོར་གྱི་95%ཟིན་པ་དང་འབྲེལ་ས་ཁུལ་དེ་ཡོངས་སུ་འགོ་ནད་ཐོན་ཚད་ཆེས་ཆེར་ཆག་ཡོད།

        སྤྱི་ཚོགས་འགན་སྲུང་ལ་དམ་འཛིན་བྱས་ཏེ་དམངས་འཚོ་ཕུག་བརྟན་དུ་བཏང་བ།

        “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་ཆབ་མདོ་ས་ཁུལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་ཉིན་རེ་བཞིན་ལེགས་སུ་ཕྱིན་པ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་གཡུར་ཟའི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱུང་ཡོད།

        རྒན་གསོ་འགན་བཅོལ་གྱི་ལམ་ལུགས་སྔར་བས་འཐུས་ཚང་དུ་ཕྱིན་ཞིང་། མིག་སྔའི་བར་ས་ཁུལ་དེ་ཡོངས་སུ་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་ཚན་པ་120དང་མི་གྲངས་6628ཟིན་པ་དང་འབྲེལ་ཁེ་ལས་ཀྱི་ལས་བྲལ་དང་ལས་འཁྱུར་མི་སྣར་རྒན་གསོའི་དངུལ་སྤྲོད་ཚད་100%ཟིན་ཡོད། ལས་ཤོར་འགན་བཅོལ་ལས་དོན་བརྟན་པོའི་ངང་སྐུལ་མ་བཏང་ཞིང་། མིག་སྔའི་བར་ས་ཁུལ་དེ་ཡོངས་ཀྱི་ཚན་པ་198ལས་ཤོར་འགན་བཅོལ་དང་མི་9994འགན་བཅོལ་ནང་ཞུགས་ཡོད་པ་རེད།

        བདེ་སྡོད་ལས་གྲྭར་དམ་འཛིན་བྱས་ཏེ་དམངས་འཚོའི་དགོས་མཁོ་ཐག་གཅོད་བྱས་པ།

        “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་ཆབ་མདོ་ས་ཁུལ་གྱིས་དུད་ཚང་57190ལ་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་པ་དང་ཞིང་འབྲོག་མང་ཚོགས་ཁྲི་37.6སྡོད་ཁང་གསར་པར་སྤོས་པ་དང་ཆ་སྙོམས་མི་རེར་སྡོད་ཁང་རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ་31དབང་ཁར་ཁྱོན་མ་དངུལ་སྒོར་ཁྲི་326462.91བཏང་ཡོད་པ་རེད།

        སློབ་གསོར་དམ་འཛིན་བྱས་ཏེ་དམངས་འཚོའི་རྩ་བ་བརྟན་དུ་བཏང་བ།

        ལོ་ལྔའི་རིང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་སློབ་གསོར་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ས་ཁུལ་དང་དེ་བཞིན་རྫོང་ཁག་གིས་ནོར་སྲིད་ཀྱི་ཡོང་འབབ་20%སློབ་གསོར་གཏོང་རྒྱུ་མཐའ་འཁྱོངས་བྱས་ཡོད། ལོ་ལྔའི་རིང་ཆབ་མདོ་ས་ཁུལ་གྱི་སློབ་གསོའི་གཞི་རྩའི་འཛུགས་སྐྲུན་ཐད་བཏང་བའི་མ་དངུལ་དེ་སྒོར་དུང་ཕྱུར་5.19ཟིན་པ་དང “གཅིག་མེད་གསུམ་ཡོད་ལེ་ལག་དྲུག་དང་ཁང་པ་ཡག་ཤོས་ནི་སློབ་གྲྭ་ཡིན་པའི ”རྣམ་པ་རགས་ཙམ་ཆགས་ཏེ་སློབ་གསོ་དང་སློབ་ཁྲིད་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད་ལ་འོས་འགན་སློབ་གསོའི་འགྲོ་གྲོན་འགན་སྲུང་བྱེད་ཚད་སྔར་བས་མཐོ་རུ་ཕྱིན་ཡོད། སློབ་ཆུང་སློབ་མའི “འགན་ལེན་གསུམ ”གྱི་འགྲོ་གྲོན་དེ་སྒོར་1000ནས་སྒོར་1300བར་མཐོ་རུ་བཏང་བ་དང་སློབ་འབྲིང་སློབ་མའི “འགན་ལེན་གསུམ ”གྱི་འགྲོ་གྲོན་དེ་སྒོར་1150ནས་སྒོར་1450བར་མཐོ་རུ་བཏང་སྟེ་སློབ་གསོའི་བྱ་གཞག་གི་འགྲོ་གྲོན་ལྡབ་2.5འཕར་བ་རེད།

        “གཞི་རྩའི་ཆ་གཉིས ”ཀྱི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅིང་། 2007ལོའི་ལོ་མཇུག་ཏུ་ཆབ་མདོ་ས་ཁུལ་དུ་ལོ་དགུའི་འོས་འགན་སློབ་གསོ་སྤྱིའི་ཆ་ནས་ཁྱབ་གདལ་གཏོང་རྒྱུ་མངོན་འགྱུར་བྱུང་ནས “ལོ་དགུའི་འོས་འགན་སློབ་གསོ ”ཁྱབ་ཚད་དེ་35.5%ནས་100%བར་འཕར་ཡོད། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་ས་ཁུལ་ཡོངས་སུ་གཞོན་ནུ་དང་དར་མ་ཡིག་རྨོངས་བ་24000མེད་པ་བཟོས་ཏེ་གཞོན་ནུ་དང་དར་མའི་ཡིག་རྨོངས་སེལ་ཚད་2005ལོའི་5%ནས་2.5%བར་ཆག་ཡོད། མིག་སྔའི་བར་ས་ཁུལ་དེ་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་523ཡོད་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་109986ཡོད་པས་སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་སྐྱོད་ཚད་98.23%ཟིན་པ་དང་དུས་མཚུངས་བྱིས་པའི་སློབ་གསོ་དང་ལས་རིགས་སློབ་གསོའི་ཐད་ལ་ཡང་གོམ་སྟབས་གསར་པ་སྤོས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།