དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཀྱི་ཞིང་འབྲོག་པས“བདེ་སྡོད”ནས“ལས་ བརྩོན”ཕྱོགས་སུ་གོམ་ཞེང་ཆེན་པོས་བསྐྱོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། “སྲིད་གཞུང་གིས་ང་ཚོར་སྡོད་ཁང་གསར་པ་སྐྲུན་རོགས་གནང་བྱུང་། དེས་མ་ཚད་ང་ཚོ་ད་དུང ‘སྣོད་བཅུད་ཡུལ་སྐོར་ལས་རིགས ’སུ་ཞུགས་རྒྱུ་བྱུང ”བོད་ཀྱི “སུའེ་ཙེར ”ཞེས་བརྗོད་སྲོལ་ཡོད་པའི་བོད་ལྗོངས་ཉིང་ཁྲི་ས་ཁུལ་ཀླུ་ནང་གྲོང་རྡལ་གྱི་ལོ་63 ལ་སླེབས་པའི་བོད་རིགས་ཞིང་པ་ཕུན་ཚོགས་ཀྱིས་ལོ་ལྟར་འཛམ་གླིང་ས་གནས་ཁག་ནས་ཕེབས་པའི་སྐུ་མགྲོན་ལ་སྣེ་ལེན་ཞུ་གི་ཡོད་པ་རེད།

        བོད་ཤར་གྱི་ནགས་ཚོགས་ནས་བོད་བྱང་གི་རྩྭ་ཐང་བར་དང་མངའ་རིས་ས་མཐོ་ནས་བོད་ཀྱི་རིག་གནས་དར་ཡུལ་ལྷོ་ཁ་བར་གྱི་བོད་ཀྱི་ས་ཁུལ་ཚང་མར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བདེ་སྡོད་ཁང་གསར་མཐོང་རྒྱུ་ཡོད་པ་མ་ཟད། བདེ་སྡོད་ནས་ལས་བརྩོན་ཕྱོགས་སུ་ཟམ་མི་ཆད་པར་འཕེལ་རྒྱས་བྱུང་ཞིང་། ད་ཆ་བོད་ཀྱི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭའི་ནང་དོན་ཉིན་རེ་ལས་ཉིན་རེ་མ་འདས་པར་ཕུན་སུམ་ཚོགས་སུ་འགྲོ་གི་ཡོད་པ་རེད།

        རྒས་པོ་ཕུན་ཚོགས་ཀྱི་ཁྱིམ་ཚང་མགྲོན་ཁང་ནི་སྲིད་གཞུང་གི་བདེ་སྡོད་ལས་གྲྭས་ཁ་གསབ་དངུལ་སྒོར་ཁྲི་4 སྤྲད་པ་དང་རང་ཉིད་ཀྱིས་མ་དངུལ་སྒོར་ཁྲི་15 བཏང་ནས་བསྐྲུན་པ་ཞིག་ཡིན་པ་དང་མགྲོན་ཁང་དེའི་ཞག་སྡོད་ཆ་རྐྱེན་སྐར་རིམ་མགྲོན་ཁང་ལས་སྐྱོ་བ་མེད་པ་སྟེ། ཉལ་ཁྲི་གཙང་ལ་འབོལ་བ་དང་། གསང་སྤྱོད་ནང་ཆབ་གཞོང་ཡོད་པ། ཁང་པའི་ནང་ད་དུང་བཪྙན་འཕྲིན་དང་། འཁྱགས་སྒམ། འཁྲུ་ཆས་སོགས་ཡོད་པ་རེད། “ན་ནིང་ཁྱིམ་ཚང་མགྲོན་ཁང་ལས་ཡོང་འབབ་སྒོར་ཁྲི་8 བྱུང ”ཞེས་ཕུན་ཚོགས་ཀྱིས་དགའ་བ་ཆེན་པོས་བཤད།

        ཉིང་ཁྲི་ས་ཁུལ་ཡུལ་སྐོར་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2010 ལོའི་བར་ཉིང་ཁྲི་ས་ཁུལ་དུ་ཁྱོན་ཁྱིམ་ཚང་མགྲོན་ཁང་ 200 ཙམ་ཡོད་པ་དང་། ཡུལ་སྐོར་ཞབས་ཞུའི་ནང་ཞུགས་མཁན་ཞིང་འབྲོག་པ་སྟོང་ཡན་ཟིན་པ། ཡུལ་སྐོར་ལས་རིགས་བརྒྱུད་ཞིང་འབྲོག་པར་འབབ་འཕར་སྒོར་ཁྲི་500 ལྷག་ཙམ་བྱུང་ཡོད་པ་རེད། ཞིང་འབྲོག་པ་ཡུལ་སྐོར་ལས་རིགས་སུ་ཞུགས་པའི་སྔོན་འགྲོའི་ཆ་རྐྱེན་ནང་གི་གཅིག་ནི་ཞིང་འབྲོག་པར་བདེ་སྡོད་ལས་གྲྭས་བསྐྲུན་པའི་སྡོད་ཁང་མཛེས་པོ་ཞིག་ཡོད་དགོས་པ་དེ་རེད།

        བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བྱེད་སྐབས་ཞིང་འབྲོག་པར་ཚོང་གཉེར་གོ་སྐབས་ཤིག་བྱུང་ཡོད། “འདི་ལོ་ངས་མ་རྩ་འཇོག་བྱེད་མཁན་གྲོང་མི་དུད་ཚང་རེར་བགོ་འགྲེམས་སྒོར་500 བརྒྱབ་པས་གྲོང་མི་ཚོ་ཧ་ཅང་དགའ་པོ་བྱུང་སོང ”མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་གུང་དཀར་གྲོང་ཚོའི་ཞིང་པ་བློ་བཟང་ཟླ་བས་གྲོང་ཚོའི་ཨར་ལས་རུ་ཁག་འཛུགས་རིང་མ་རྩ་འཇོག་སྐབས་གྲོང་མི་ཚོར་རང་མོས་བྱེད་དུ་བཅུག་ཡོད་པ་རེད།

        གྲོང་གསེབ་གསར་པ་དང་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་པ་དང་ཆབས་ཅིག་བློ་བཟང་ཟླ་བའི་དམངས་ཁྲོད་ཨར་ལས་རུ་ཁག་གིས་ཀྱང་རང་ཉིད་ཀྱི་འཇོན་ཐང་གང་ཡོད་བཏོན་ཞིང་། ད་ཆ་དམངས་ཁྲོད་ཨར་ལས་རུ་ཁག་དེར་མ་རྩ་སྒོར་ཁྲི་བརྒྱ་ཡན་ཟིན་པ་མ་ཟད་ས་གནས་དེ་གར་སྐད་གྲགས་ཀྱང་ཕྲན་བུ་ཡོད། དམངས་ཁྲོད་རུ་ཁག་དེས་ལོ་ལྟར་མ་རྩ་འཇོག་མཁན་གྲོང་མིར་བགོ་འགྲེམས་རྒྱག་ཚད་སྒོར་ཁྲི་ 10 ལྷག་ཙམ་ཟིན་པ་དང་མི་ 200 ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད་པ་རེད། ངལ་རྩོལ་ཡོང་འབབ་དང་བགོ་འགྲེམས་དེ་ས་གནས་དེ་གའི་གྲོང་མིའི་འབབ་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།