དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རྒྱ་ཚྭ་རྫོང་ལོག་གླེན་ཤང་གིས་ཡོངས་བསྒྲགས་སུ་བསམ་འཆར་བསྡུ་ལེན་བྱས་ནས་འཕེལ་རྒྱས་དོན་གཉེར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་རྒྱ་ཚྭ་ནས་གློག་འཕྲིན་འབྱོར་གསལ། “ཁྱེད་ཀྱི་རེ་འདུན་དང་། བསམ་དོན། གྲོས་འགོ་བཅས་ང་ལ་ཤོད་དང་ང་ཚོ་ཚང་མས་ཐུན་མོང་ཐོག་འདི་ལོའི་ལས་དོན་དེ་བས་ཡག་པོ་བསྒྲུབ ”ཅེས་ཟླ 3པའི་ཚེས་ཤར་གྱི་ཉིན་ཞིག་ལ་རྒྱ་ཚྭ་རྫོང་ལོག་གླེན་ཤང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའེ་ཞ་ཡིས་རྒོད་སྟོད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་ཕུན་ཚོགས་དང་བྱམས་བརྩེའི་ངང་སྙིང་གཏམ་བཤད་ནས་གྲོང་ཚོའི་ལས་དོན་ཁག་ལ་མཉམ་དུ་བརྟག་དཔྱད་བྱས་ཏེ་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཁ་གསལ་དུ་བཏང་བ་རེད།

        ཞོལ་པ་གྲོང་ཚོའི་གྲོང་ཨུད་ཀྱི་ཀྲུའུ་རེན་སྟོབས་རྒྱལ་གྱིས་ཤང་གི་འགོ་ཁྲིད་དང་སྙིང་གཏམ་ཤོད་སྐབས་ཤང་གིས་ཞོལ་པ་གྲོང་ཚོར་ཞིང་ཆུ་འདྲེན་པའི་ཆུ་བེད་རྣམ་གྲངས་ཐད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་བཏོན་པ་དང་། ཤང་ཏང་ཨུད་དང་སྲིད་གཞུང་གིས་ཞིབ་འཇུག་ནན་ཏན་བྱས་རྗེས་ཁོང་གིས་བཏོན་པའི་གྲོས་འགོ་དང་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།