དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རིན་སྤུངས་རྫོང་གིས་ངལ་རྩོལ་འགན་སྲུང་ལས་དོན་ལ་སྒོ་ཀུན་ནས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་རིན་སྤུངས་ནས་གློག་འཕྲིན་འབྱོར་གསལ། 2010ལོར་རིན་སྤུངས་རྫོང་ངལ་རྩོལ་ཅུས་ཀྱིས་ངལ་ནུས་ཕྱིར་གཏོང་གི་ལས་དོན་དེ་སྣེ་འདྲེན་དུ་བྱེད་པ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་གཙོ་གནད་དུ་བྱེད་པ། ངལ་རྩོལ་པའི་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ་འབད་བརྩོན་གྱི་ཁ་ཕྱོགས་སུ་བྱེད་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱས་པ་དང་ངལ་རྩོལ་འགན་སྲུང་གི་ལས་དོན་ཁག་ལ་སྒོ་ཀུན་ནས་སྐུལ་འདེད་བཏང་བར་བརྟེན་རྫོང་དེ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད་པ་རེད།

        སྤྱི་ཚོགས་འགན་བཅོལ་ལས་དོན་གྱི་འཕེལ་རིམ་བདེ་བླག་བྱུང་ཞིང་། རྒན་གསོ་དང་། ལས་ཤོར་། སྨན་བཅོས། ལས་རྨས། བུ་བཙའ་བཅས་འགན་བཅོལ་ཆེ་བ་ལྔ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་འབྲེལ་བདེ་བླག་ངང་སྤེལ་ཐུབ་པ་བྱུང་བ་དང་སྤྱི་ཚོགས་འགན་སྲུང་མ་ལག་སྔར་བས་འཐུས་ཚང་དུ་ཕྱིན་ཏེ་རྫོང་དེ་ཡོངས་ཀྱི་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད་པ་རེད།

        ལས་ཞུགས་དང་ལས་ཞུགས་བསྐྱར་མའི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཅིང་། རྫོང་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཐོན་ཁུངས་ཆ་འཕྲིན་མཛོད་བཟོས་པ་དང་དམིགས་ས་ཡོད་པའི་སྒོ་ནས་ངལ་ནུས་ཕྱིར་གཏོང་དང་སྦྲེལ་མཐུད་བྱེད་སྒོ་སྤེལ་ཏེ་ལོ་ཧྲིལ་པོར་ངལ་ནུས་ཕྱིར་གཏོང་མི་ཐེངས་17027བྱས་པར་ཡོང་འབབ་སྒོར་ཁྲི་2696.4བྱུང་བ་རེད། ཐབས་ལམ་མང་པོ་བརྒྱུད་དེ་ལས་ཞུགས་དང་ལས་ཞུགས་བསྐྱར་མར་སྐུལ་འདེད་བཏང་བ་སྟེ། གཅིག་ནས་རྫོང་དེ་ཡོངས་ཀྱི་སློབ་གྲྭ་ཆེ་མོ་དང་འབྲིང་རིམ་ཆེད་ལས་སློབ་ཐོན་སློབ་མའི་ལས་ཞུགས་གནས་ཚུལ་ལ་ཐོ་འགོད་བརྟག་དཔྱད་བྱས་ནས་སློབ་གྲྭ་ཆེ་མོ་དང་འབྲིང་རིམ་ཆེད་ལས་སློབ་ཐོན་སློབ་མའི་ལས་ཞུགས་གནས་ཚུལ་རགས་ཙམ་ཤེས་རྟོགས་བྱས་པ་དང་། གཉིས་ནས་ལས་ཞུགས་ལས་གནས་གཏོད་དེ་ལས་ཞུགས་དཀའ་བའི་ཚོགས་སྤྱི་བཀོད་སྒྲིག་ཧུར་ཐག་བྱས་པ། གསུམ་ནས་ནུས་ཤུགས་ཡོད་རྒུས་སྲིད་གཞུང་གིས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཉོ་བའི་ཞིབ་བཤེར་ལས་དོན་ཡག་པོ་བསྒྲུབས་ཏེ་མི་ཚང་མ་ལས་གནས་ཐོག་བསྐྱོད་ཐུབ་རྒྱུ་འགན་ལེན་དང་ལས་གནས་སྟོང་པ་ལུད་པའི་སྣང་ཚུལ་གཏན་འགོག་བྱས་པ་བཅས་རེད།

        ཞིང་འབྲོག་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་དང་ལག་རྩལ་རིམ་པའི་དཔྱད་འདོམས་ལས་དོན་ལ་ཤུགས་སྣོན་བརྒྱབ་ཅིང་། གཅིག་ནི་ཞིང་འབྲོག་མང་ཚོགས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་རྫོང་ངལ་རྩོལ་ཅུས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་དོན་དངོས་གཞིར་བཟུང “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་ཞིང་འབྲོག་མང་ཚོགས་གསོ་སྦྱོང་བྱ་རྒྱུའི་དུས་ཐེངས་དང་པོའི་ལག་བསྟར་ཇུས་གཞི་བཟོས་ཏེ་སྔོན་རྩིས་བྱས་ན་ཞིང་འབྲོག་མང་ཚོགས་2840གསོ་སྦྱོང་བྱ་རྒྱུ་དང་། གཉིས་ནི་མི་སྣ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ས་ཁུལ་གྱི་གསོ་སྦྱོང་རྣམ་གྲངས་ནང་ཞུགས་སུ་འཇུག་རྒྱུ་དང་སྔ་རྗེས་སུ་མི་30ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ཁ་ལོ་བ་དང་། བོད་ཟས་མ་བྱན། ལྕགས་རྩིབས་བཟོ་པ། རྩིས་རྒྱག་འཕྲུལ་འཁོར། མགོ་འཁྲུ་རྐང་འཁྲུ་སོགས་ཀྱི་གསོ་སྦྱོང་ནང་ཞུགས་སུ་བཅུག་པར་བརྟེན་ཞིང་འབྲོག་མང་ཚོགས་ཀྱི་ལས་ཀའི་སྣ་ཁ་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་ཕྱིན་པ། གསུམ་ནི་བཟོ་པའི་ལག་རྩལ་རིམ་པའི་དཔྱད་ཞིབ་དཔྱད་འདོམས་ལས་དོན་སྤེལ་ཏེ་ཆ་རྐྱེན་དང་འཚམས་པའི་མི་11སྒྲིག་འཛུགས་བྱས་ནས་ས་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་སུ་དཔྱད་ཞིབ་དཔྱད་འདོམས་བྱེད་པར་བཏང་བ་བཅས་རེད།

        ངལ་རྩོལ་འགན་སྲུང་ལྟ་ཞིབ་དང་དེ་བཞིན་ངལ་རྩོལ་འདུམ་གཅོད་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་དང 《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས 》དང་། 《ལས་ཞུགས་སྐུལ་འདེད་བཅའ་ཁྲིམས 》《ངལ་རྩོལ་རྩོད་ཪྙོག་བར་འདུམ་འདུམ་འགྲིག་བཅའ་ཁྲིམས 》བཅས་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱས་ཏེ་མཐུན་སྦྱོར་དང་བརྟན་ལྷིང་གི་ངལ་རྩོལ་འབྲེལ་བ་བཙུགས་ཤིང་། རྫོང་དེ་ཡོངས་ཀྱི་ཁྱབ་ཁོངས་ནང་ངལ་རྩོལ་གྱི་གན་རྒྱ་ལོ་གསུམ་འཇོག་རྒྱུའི་བྱ་སྤྱོད་འཆར་གཞི་སྒྲིག་འཛུགས་དང་ལག་བསྟར་ནན་ཏན་བྱས་པ་དང “ཡོངས་བསྒྲགས་དང་། དྲང་གཞག དུས་ཐོག ”བཅས་རྩ་དོན་དུ་བྱས་ཏེ་ངལ་རྩོལ་འགན་སྲུང་རྩོད་གཞིའི་གྱོད་གཞི་ཐག་གཅོད་ཧུར་ཐག་བྱས་ཡོད། 2010ལོར་ཁྱོན་ངལ་རྩོལ་རྩོད་གཞིའི་གྱོད་གཞི་6བདག་སྤྲོད་བྱས་པ་དང་འབྲེལ་ངལ་རྩོལ་པར་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་90མི་ཕོག་པ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།