དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        “ངའི་ཁྱིམ་གྱི་ཁ་སྤྲོད་ཀྱི་ཁང་པ་དེ་མཛོད་ཁང་ཆེན་པོ་ཞིག་དང་འདྲ་བར་ཉིན་ལྟར་ཞོགས་པ་དང་དགོང་དྲོ་ལྗིད་ཐེག་རླངས་འཁོར་ཆེན་པོའི་ནང་ནས་དངོས་ཟོག་འདོན་འཇུག་བྱེད་པས་འཛེར་སྒྲ་ཆེན་པོ་ཡོད་སྟབས་ང་ཚོ་གནས་བཟོད་བདེ་པོ་མིན་འདུག ”ཅེས་པ་དེ་ནི་མི་རིང་བའི་གོང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྣམ་སྲས་ལྡུམ་རར་སྡོད་པའི་དབྱངས་ཅན་གྱིས་གྲྭ་བཞི་ཁྲོམ་གཞུང་དོན་གཅོད་ཁང་ལ་ཁོང་ཁྱིམ་གྱི་ཁ་སྤྲོད་དུ་སྡོད་མཁན་དེར་དོ་དམ་བྱ་རྒྱུར་རེ་བ་བཏོནཔའི་སྐད་ཆ་ཞིག་རེད།

        གྲྭ་བཞི་ཁྲོམ་གཞུང་དོན་གཅོད་ཁང་གིས་བསྡོམས་རྩིས་བྱས་པར་གཞིགས་ན། ཉེ་ཆར་ཡུལ་མིས་ཞུ་གཏུགས་བྱེད་མང་བའི་རྩོད་གཞིའི་ནང་གཙོ་བོ་འཛེར་སྒྲ་ཆེ་བ་དང་། ཁྱིམ་མཚེས་དབར་གྱི་འགལ་ཟླ། ཡུལ་མིའི་ཁྱིམ་ཚང་ནང་གི་འགལ་ཟླ་བཅས་ཚུད་ཡོད།

        “གཙོ་བོ་ནི་ཕྱི་ནས་ཡོང་བའི་ཁང་པ་གཡར་ནས་སྡོད་མཁན་ཁྱིམ་དུད་ཀྱི་ལས་བྱེད་དང་ངལ་གསོའི་དུས་ཚོད་ངེས་གཏན་མེད་པའི་ཁར་ཁང་པ་གཡར་ནས་སྡོད་མཁན་ཁྱིམ་དུད་ཁག་གཅིག་གིས་ཁང་པ་དེ་མཛོད་ཁང་དུ་བརྩི་བ་དང་ཉེ་དུས་གནམ་གཤིས་གྲང་བས་ཡུལ་མི་མང་ཆེ་བ་ཁྱིམ་ནང་སྡོད་པའི་དུས་ཚོད་མང་བ་དང་རླངས་འཁོར་དང་ཨར་ལས་ཀྱི་འཛེར་སྒྲས་རྐྱེན་པས་ཡུལ་མི་ཁག་གཅིག་དང་ཁང་པ་གཡར་ནས་སྡོད་མཁན་ཁྱིམ་དུད་དེ་དག་དབར་འགལ་ཟླ་དང་རྩོད་གཞི་ཐོན་རྒྱུ་དེ་གཡོལ་ཐབས་མེད་པ་ཞིག་རེད། ཉིན་ཤས་རིང་ཁྲོམ་གཞུང་དོན་གཅོད་ཁང་དང་དེ་བཞིན་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ལས་དོན་མི་སྣས་ཁྱིམ་ཚང་གི་རྩོད་གཞི་ཁག་གཅིག་འདུམ་འགྲིག་བྱས་ཡོད ”ཅེས་གྲྭ་བཞི་ཁྲོམ་གཞུང་དོན་གཅོད་ཁང་གི་ལས་དོན་མི་སྣས་གསར་འགོད་པར་བཤད།

        ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་དུས་གྲྭ་བཞི་ཁྲོམ་གཞུང་དོན་གཅོད་ཁང་གིས་འཛེར་སྒྲའི་དབང་གིས་ཐོན་པའི་ཁྱིམ་མཚེས་དབར་གྱི་རྩོད་གཞི་དང་དེ་བཞིན་ཁྱིམ་ཚང་གི་འགལ་ཟླ་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ་རེད། “འདུམ་འགྲིག་བྱེད་འགོ་ཚུགས་མ་ཐག་ཡུལ་མི་དབར་བཟོད་སྒོམ་བྱེད་རེས་མི་བྱེད་པ་དང་ཐ་ན་ཁྲིམས་ཁང་དུ་སྐྱོད་འདོད་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོ་ཁྲོམ་གཞུང་དོན་གཅོད་ཁང་གི་འབྲེལ་གཏུག་པས་འདུམ་འགྲིག་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་འདུམ་འགྲིག་ལས་དོན་འབོར་ཆེན་ཞིག་སྤེལ་མཐར་འགལ་ཟླ་སེལ་ཐུབ་ཡོད། དེ་རྗེས་ཡུལ་མི་མི་ཉུང་བ་ཞིག་གིས་ཁྲོམ་གཞུང་དོན་གཅོད་ཁང་དུ་ཐུགས་རྗེ་ཆེ་ཞུ་བར་སླེབས་བྱུང ”ཞེས་གྲྭ་བཞི་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་པ་སངས་དོན་གྲུབ་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།