དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དཀའ་ངལ་ཡོད་པའི་མང་ཚོགས་ཚོར་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་29ཉིན་གནས་ཚུལ་འབྱོར་གསལ། གོང་ཚེས་ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་སྤུས་ཚད་ལག་རྩལ་ལྟ་སྐུལ་ཅུས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་ཚོས་འབྲེལ་གཏུག་ས་ཚིགས་ཡིན་པའི་ལྷོ་རོང་རྫོང་དམར་རི་གྲོང་རྡལ་ཝ་སྒོ་གྲོང་ཚོའི་དཀའ་ངལ་ཡོད་པའི་མང་ཚོགས་ཚོར་སྒོར་16150ཡི་དངུལ་སྨར་དང་འཚོ་བའི་སྤྱོད་ཆས་ཞལ་འདེབས་བརྒྱབ་པ་རེད།

        ལྗོངས་སྤུས་ཚད་ལག་རྩལ་ལྟ་སྐུལ་ཅུས་ཀྱི་འགན་འཁུར་མི་སྣས་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་དང་བཀོད་སྒྲིག་གཞིར་བཟུང་གྲོང་ཚོར་བཅའ་སྡོད་ཅུས་དེའི་ལས་དོན་ཚོགས་ཆུང་ཁག་དང་པོས་ཟླ་2ཚེས་28ཉིན་ཝ་སྒོ་གྲོང་ཚོར་བསྐྱོད་པ་མ་ཟད། མང་ཚོགས་ཚོར་ཏང་གི་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་མང་ཚོགས་ཀྱི་དཀའ་ངལ་ཤེས་རྟོགས་གཏིང་ཟབ་བྱེད་པ་སོགས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་བ་དང་སྔ་རྗེས་སུ་ས་གནས་དེ་གའི་དཀའ་ངལ་ཡོད་པའི་མང་ཚོགས་ཚོར་འཚོ་བའི་དགོས་ངེས་ཀྱི་འགྲོ་གྲོན་སྒོར་13200ཐག་གཅོད་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།