དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མཐུན་སྦྱོར་གྱི་དཔྱིད་རླུང་གངས་ལྗོངས་སུ་ལྡང་།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        འདི་ནི་མེ་ཏོག་རྫོང་མེ་ཏོག་གྲོང་ཚོའི་ཡུག་སྦྲེལ་བདེ་སྡོད་ཁང་པ་ཡིན་པ།

        “འདི་ལོ་ང་ཚོས་ཁང་པ་གསར་པའི་ནང་ལོ་གསར་བཏང་བ་ཡིན ” བོད་ལྗོངས་ཉིང་ཁྲི་ས་ཁུལ་དཔལ་རྒྱས་གྲོང་ཚོའི་ཞིང་པ་ཕུར་བུ་ཚེ་རིང་གི་ནང་མི་གསུམ་པོ་བོད་ཀྱི་ལོ་གསར་མ་ཤར་གོང་གསར་དུ་བསྐྲུན་པའི་བདེ་སྡོད་ཁང་པའི་ནང་སྤོས་ཡོད་ལ་ཆབ་མདོ་ས་ཁུལ་རི་པ་གྲོང་ཚོའི་ཞིང་པ་ཟླ་བ་ཚེ་རིང་དང་གྲོང་མི་རྣམས་ཀྱང་གོང་ལྟར་དགའ་ཚོར་ཆེན་པོ་བྱུང་ཡོད་པ་སྟེ་ཁོང་ཚོས་རི་ཁྲོད་དུ་མི་རབས་ནས་མི་རབས་བཅད་པའི་འབྲེང་ཟམ་དེ་མཐར་དཔྱང་ཟམ་དུ་བསྒྱུར་ནས་ཚང་མ་ཕྱིར་བསྐྱོད་སྐབས་བདེ་འཇགས་དང་སྟབས་བདེ་ཧ་ཅང་ཆེན་པོ་བྱུང་ཡོད་པ་རེད།

        ཉེ་བའི་ལོ་ཤས་ནང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་བོད་ཀྱི་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་དང་། ཞིང་འབྲོག་བུ་ཕྲུག་གི་སློབ་གསོའི “འགན་ལེན་གསུམ ”གྱི་སྲིད་ཇུས། སྨན་རིན་མི་དགོས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་འགན་ལེན་སྲིད་ཇུས་སོགས་ལག་བསྟར་ཤུགས་ཆེན་བྱས་ནས་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་གནང་ལུགས་མཚོན་པའི་དམངས་འཚོའི་འདུ་འགོད་དང་། དམངས་སེམས་འདུ་འགོད། དམངས་ཕན་སྲིད་ཇུས་བཅས་མང་དག་ཅིག་དོན་འཁྱོལ་བྱུང་ནས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་290ལྷག་ཙམ་ལ་དྲོ་སྐྱིད་ལྷག་པར་ཚོར་བ་དང་སྐུལ་མ་ཤུགས་ཆེན་ཐེབས་པ་རེད།

        བདེ་སྡོད་ལས་བརྩོན་ནས་རྒྱུན་མཐུད་འཕེལ་རྒྱས་བར།

        བདེ་སྡོད་ལས་གྲྭ་འཕེལ་རྒྱས་གཏིང་ཟབ་བྱུང་བ།

        “སྲིད་གཞུང་གིས་ང་ཚོར་སྡོད་ཁང་རྒྱག་པའི་ཁ་གསབ་དངུལ་སྤྲད་བྱུང་ལ་རྒྱ་ཆེ་བའི་ལམ་དང་གསལ་ཆ་ཆེ་བའི་ཉི་འོད་ནུས་པའི་ལམ་སྒྲོན་བཟོས་པའི་ཁར་དྭངས་གཙང་གི་རང་འབབ་ཆུ་ཀ་ལ་ཁྱིམ་དུ་ཁྲིད་ཡོད་པས་འཚོ་བ་དངོས་གནས་ཡག་པོ་ཡོད ”ཅེས་ཕུར་བུ་ཚེ་རིང་གིས་དགའ་ཚོར་ཆེན་པོས་བཤད།

        གསར་འགོད་པ་ཉེ་ཆར་ཉིང་ཁྲི་ས་ཁུལ་དཔལ་རྒྱས་གྲོང་ཚོར་སྐྱོད་སྐབས་མིག་མདུན་དུ་འཆར་བ་ནི་གྲལ་སྟར་བསྒྲིགས་པའི་ཞིང་འབྲོག་པའི་བདེ་སྡོད་ཁང་པ་གསར་པ་རེད་འདུག ཕུར་བུ་ཚེ་རིང་གིས་གསར་དུ་བརྒྱབ་པའི་སྨི་ངོས་སྙོམས་གྲུ་བཞི་མ་400ལྷག་ཙམ་ཡོད་པའི་ཁང་པ་ནི་ཁོང་གི་ཕ་པ་སངས་དང་བུ་མོ་ལྷག་པ་སྒྲོལ་མ་གཉིས་ཀྱི་ཁྱིམ་གསར་པ་ཡིན་པ་དང་ཁང་ཐོག་གི་ལྕགས་ཤོག་ནི་སྲིད་གཞུང་གིས་སྤྲད་པའི་ཁ་གསབ་དངུལ་སྒོར་5000སྤྱད་དེ་ཉོས་པ་ཞིག་ཡིན་པ་རེད།

        2010ལོར་བོད་ཀྱི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་ཁྲི་140ལ་ཁྱབ་པ་དང་། ལོ་དེ་གར་བོད་ཀྱིས་དངུལ་སྒོར་དུང་ཕྱུར་18.18བཀོད་སྒྲིག་བྱས་ཏེ་ཆུ་དང་། གློག ལམ། རྫབ་རླངས་བཅས་དང་དེ་བཞིན་འཕྲིན་ཐུང་དང་། གློག་འཕྲིན་བཪྙན་འཕྲིན། སྦྲག་ལས། མཛེས་སྡུག་ལྡན་པའི་ཁོར་ཡུག་བཅས་ཀྱི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་ཏེ་ལོ་ཧྲིལ་པོར་ཞིང་འབྲོག་པ་ཁྲི་31གི་བདེ་འཇགས་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ་དང་ཤང་གྲོང་གི་སྦྲག་ལས་ཤར་གཏོང་ཐུབ་ཚད་དང་གཞུང་ལམ་ཤར་གཏོང་ཐུབ་ཚད་དང་གྲོང་ཚོའི་གཞུང་ལམ་ཤར་གཏོང་ཐུབ་ཚད་བཅས་85.7%དང་། 99.7% 81.2%བཅས་སོ་སོར་ཟིན་ཡོད་པ་རེད།

        ད་ཆ་བོད་ཤར་རྒྱུད་ཀྱི་ནགས་ཁུལ་ལམ་ཡང་ན་བོད་བྱང་ཐང་ཡིན་ནའང་འདྲ “འཛམ་གླིང་ཡང་རྩེ ”མངའ་རིས་སམ་ཡང་ན་བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་ལྷོ་ཁ་གང་ཡིན་རུང་གང་སར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བདེ་སྡོད་ཁང་གསར་དང་གྲོང་གསེབ་གསར་པའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མཐོང་རྒྱུ་ཡོད་པ་རེད།

        འབྲེང་ཟམ་དང་སྣུམ་བཞུ་ནས་སྣ་མང་འགྲིམ་འགྲུལ་ནུས་ཁུངས་དྲ་བའི་བར།

        འཕེལ་རྒྱས་ཆེད་འཕུར་སྐྱོད་ཀྱི་གཤོག་པ་བསྒར་བ།

        བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཅིན་ཧྲེ་ཤུན་གྱིས་རྒྱལ་ཁབ་ཀྱིས་སྒོར་དུང་ཕྱུར་1378བཏང་བའི་བོད་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་188དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་ཏུ་ཁྱབ་པའི་ནང་འགྲིམ་འགྲུལ་དང་། ནུས་ཁུངས། ཆུ་བེད། ཞིང་འབྲོག་ལས། སློབ་གསོ། འཕྲོད་བསྟེན་སོགས་ཚུད་ཡོད་པ་དེའི་ཁྲོད་མང་ཆེ་བ་ནི་དམངས་འཚོ་ལེགས་གཏོང་གི་དམངས་ཕན་འདུ་འགོད་དང་འོད་གསལ་འདུ་འགོད་ཡིན་ཞེས་ངོ་སྤྲོད་བྱས་བྱུང་།

        བོད་ནི་ཆུ་གློག་གཙོ་བོར་བྱེད་པ་དང་དུས་ཚིགས་རང་བཞིན་གྱི་ནུས་ཁུངས་དཀོན་པའི་ཁུལ་ཞིག་ཡིན་པ་སྟེ་དབྱར་དུས་སུ་གློག་ཤུགས་ཅུང་ཆེ་བ་ཡོད་པ་དང་དགུན་དུས་སུ་གློག་ཤུགས་ཆུང་བ་ཡོད།

        ད་ཆ “འཛམ་གླིང་ཡང་རྩེའི ”ཐོག་བསྐྲུན་པའི་གཞི་ཁྱོན་ཆེ་ཤོས་ཀྱི་གློག་འདྲེན་ལས་གྲྭ་སྟེ “གློག་ཤུགས་མཁའ་ལམ ”ཞེས་འབོད་པའི་མཚོ་བོད་ཀྱི་སྤེལ་རྒྱུག་དང་ཐད་རྒྱུག་དྲ་སྦྲེལ་ལས་གྲྭ (བསྡུས་མིང་མཚོ་བོད་དྲ་སྦྲེལ་ཞེས་བརྗོད )སྐྲུན་བཞིན་ཡོད་ཅིང་། མིག་སྔའི་བར་མཚོ་བོད་དྲ་སྦྲེལ་ལས་གྲྭས་ཨར་ལས་བཟོ་སྐྲུན་ལས་གྲྭ་ལེགས་གྲུབ་བྱེད་ཚད་དེ་40%ཡན་ཟིན་པའི་ཁར་ལོ་མཇུག་ཏུ་སྤྱོད་འགོ་ཚུགས་རེ་ཡོད་རུང་ལས་གྲྭ་དེ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དེས་བོད་ཀྱི་གློག་དྲ་དང་རྒྱལ་ཡོངས་གློག་དྲ་གཉིས་དབར་དྲ་སྦྲེལ་ཐུབ་ནས་བོད་ཀྱི་གློག་མི་འདང་བའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་ཐུབ་རྒྱུ་ཡིན་པ་དེ་ཐོག་ནས་འོད་གསལ་འདུ་འགོད་དེས་བོད་ཀྱི་མང་ཚོགས་དེ་བས་མང་བ་ཞིག་ལ་གློག་སྤྱོད་ཐུབ་པ་དང་གློག་ཡག་པོ་སྤྱོད་ཐུབ་པ་བྱུང་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་འཕུར་སྐྱོད་ཀྱི་གཤོག་པ་བསྒར་བ་མཚོན་གྱི་ཡོད།

        སྨན་བཅོས་དང་སློབ་གསོ་ནས་རིག་གནས་འཕྲོད་བསྟེན་བར།

        “རིན་པ་མི་ལེན་པ ”ཞེས་པ་དེ་དམངས་འཚོའི་གླེང་མང་བའི་ཐ་སྙད་ཅིག་ཏུ་གྱུར་པ།

        “རྒྱལ་ཁབ་ཀྱིས་ང་ཚོའི་ཟ་སྡོད་སློབ་བཅས་ཀྱི་འགྲོ་གྲོན་འགན་ལེན་བྱས་པས་ང་ཚོས་དངོས་གནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན ”ཞེས་བོད་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་སློབ་ཆུང་ལོ་རིམ་དྲུག་པའི་བོད་རིགས་སློབ་མ་ཚེ་དབང་ལྷ་རྒྱལ་གྱིས་བཤད་པ་དང་། ཚེ་དབང་ལྷ་རྒྱལ་གྱི་སློབ་ཡོན་ཙག་ཙིག་དང་འགྲོ་གྲོན་གཞན་དག་དང་ཐ་ན་སོ་སྨན་དང་། ཨ་ཅོར། དགུན་ཁ་དང་སྟོན་ཁའི་གྱོན་ཆས་སོགས་གྲོན་དངུལ་ཚང་མ་ཡང་ལེན་གྱི་མེད། 1985ལོ་ནས་བཟུང་བོད་ཀྱིས་སློབ་གྲྭར་སྡོད་མཁན་ཞིང་འབྲོག་པའི་བུ་ཕྲུག་ཚོར་ཟ་སྡོད་སློབ་བཅས་ཀྱི་འགྲོ་གྲོན་འགན་ལེན་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་པ་རེད།

        བོད་ཀྱི “འགན་ལེན་གསུམ ”གྱི་གྲོན་དངུལ་ཚད་གཞི་དེ་ཐེངས་འགའ་མཐོ་རུ་བཏང་བ་བརྒྱུད་མིག་སྔར་ཆ་སྙོམས་ལོ་རེར་སློབ་ཕྲུག་རེར་སྒོར་1800ལོན་ཞིང་། འདི་ལོ་སྒོར་2000བར་མཐོ་རུ་གཏོང་རྒྱུ་ཡིན་པ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་མཇུག་ཏུ་སྒོར་3000ལོན་རྒྱུ་ཡིན་པ་དང་། མཐའ་མཚམས་ཁུལ་གྱི་སློབ་མའི་གསབ་དངུལ་དེ་བས་མཐོ་རུ་གཏོང་རྒྱུ་རེད།

        “གོ་ཐོས་ལྟར་ན་སླད་ཕྱིན་ཞིང་འབྲོག་པའི་བུ་ཕྲུག་བུ་བཅོལ་ཁང་དུ་སྐྱོད་སྐབས་ཀྱང་རིན་པ་མི་དགོས་པའི་་སྲིད་ཇུས་ལག་བསྟར་བྱེད་རྒྱུ་ཡིན་པས་རྒྱལ་ཁབ་ཀྱིས་ང་ཚོ་བོད་ཀྱི་མི་སེར་རྣམས་ལ་བཏོན་པའི་སྲིད་ཇུས་དངོས་གནས་ཡག་པོ་འདུག ”ཅེས་མངའ་རིས་ས་ཁུལ་ཆུ་ལྷོ་ཤང་སློབ་ཆུང་གི་ཞའོ་ཀྲང་བསྟན་པ་རྣམ་རྒྱལ་གྱིས་བཤད་བྱུང་།

        བོད་ལྗོངས་སློབ་གསོའི་སྡེ་ཚན་གྱིས་བཤད་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་ཀྱིས་ཞིང་འབྲོག་ཁུལ་གྱི་སློབ་ཞུགས་གོང་གི་ལོ་གཉིས་ཡུན་གྱི་བོད་རྒྱ་སྐད་གཉིས་སློབ་གསོ་རིན་མེད་བྱེད་རྒྱུའི་སྲིད་ཇུས་བཏོན་ནས་སློབ་ཞུགས་གོང་གི་སློབ་གསོ་དང་ལེན་བྱེད་པའི་ཞིང་འབྲོག་པའི་བུ་ཕྲུག་ཚོར “འགན་ལེན་གསུམ ”ལག་བསྟར་བྱེད་རྒྱུ་ཡིན་པ་རེད།

        “ཞིང་དལ་སྐབས་ཞིང་པའི་དཔེ་དེབ་ཁང་དུ་ཕྱིན་ནས་འགྱིག་ཤོག་དྲོད་ཁང་ཆེན་པོའི་ནང་སུར་པན་འདེབས་སྟངས་ཀྱི་བོད་ཡིག་དཔེ་དེབ་ཀློག་གི་ཡོད ”ཅེས་ཉིང་ཁྲི་ས་ཁུལ་སྣང་རྫོང་གདོང་དཀར་གྲོང་རྡལ་དཀྲོགས་གྲོང་ཚོའི་གྲོང་མི་མཚོ་མོས་བཤད་པ་དང་། མཚོ་མོ་ནི་སྔོ་ཚལ་འདེབས་མཁན་ཞིག་ཡིན་ལ་ན་ནིང་ཁོང་གིས་སྦྱངས་པའི་ལག་རྩལ་སྤྱད་ནས་འགྱིག་ཤོག་དྲོད་ཁང་ཆེན་པོའི་ནང་སུར་པན་བཏབ་སྟེ་སྒོར་ཁྲི་1ལྷག་ཙམ་གྱི་ཁེ་སྤོགས་ཐོབ་ཡོད། སྣང་རྫོང་གི་སུར་པན་འདེབས་མཁན་གྱི་གྲོང་རྡལ་ཆེ་གྲས་ཤིག་ཡིན་པའི་ཆ་ནས་གདོང་དཀར་གྲོང་རྡལ་གྱི “ཞིང་དུད་དཔེ་དེབ་ཁང ”གིས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དགོས་མཁོ་གཞིར་བཟུང་ནས་སྔོ་ཚལ་འདེབས་འཛུགས་བྱེད་པའི་ལག་རྩལ་སྐོར་གྱི་དཔེ་དེབ་འབོར་ཆེན་བཀོད་སྒྲིག་བྱས་པར་རྒྱ་ཆེའི་གྲོང་མི་ཚོའི་དགའ་བསུ་ཆེན་པོ་ཐོབ་པ་རེད།

        “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་བོད་ཀྱིས་རླུང་འཕྲིན་བཪྙན་འཕྲིན “གྲོང་ཚོ་ཀུན་ཁྱབ ”དང་། རྫོང་དང་ཤང་གི་རིག་གནས་ས་ཚིགས། “ཞིང་དུད་དཔེ་དེབ་ཁང ”སོགས་རིག་གནས་ཐད་ཀྱི་དམངས་ཕན་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་པས་ལྗོངས་ཡོངས་ཀྱི་རླུང་འཕྲིན་དང་བཪྙན་འཕྲིན་མི་གྲངས་ཀྱི་ཁེབས་ཚད་90.28%དང་91.41%སོ་སོར་ལོན་ཡོད།

        ཉེ་བའི་ལོ་འགའི་རིང་བོད་ཀྱིས་ཚན་རིག་དང་མཐུན་པའི་སྨན་བཅོས་དང་རྒན་གསོའི་འགན་བཅོལ་མ་ལག་འཛུགས་རྒྱུར་འཚོལ་ཞིབ་ཧུར་ཐག་བྱས་པ་དང་ཚན་རིག་དང་མཐུན་པའི་འགན་བཅོལ་མ་ལག་སྤྱད་དེ་དམངས་འཚོ་ལེགས་བཅོས་བྱེད་རྒྱུར་ཁག་ཐེག་བྱས་ཡོད། བསྡོམས་རྩིས་ལྟར་ན། བོད་ཀྱིས་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་བྱེད་མཁན་གྱི་གཞི་རྩའི་རྒན་གསོ་དངུལ་གྱི་ཚད་གཞི་སྔ་རྗེས་སུ་ཐེངས་ལྔ་མཐོ་རུ་བཏང་བ་དང་སྦྲགས་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པས་ས་མཐོའི་ཞིང་འབྲོག་མང་ཚོགས་ཚོར “ལས་འཁྱུར་ངལ་གསོའི་དངུལ ”ཡོད་པ་བྱས་ཡོད་པ་སྟེ། ལོ་60ཡན་ལོན་པའི་རྒན་རྒོན་མི་རེས་ཟླ་རེར་གཞི་རྩའི་རྒན་གསོ་དངུལ་སྒོར་55ལེན་ཆོག་གི་ཡོད་པ་རེད།

        ﹙ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ 3ཚེས 2ཉིན་འབྱོར་པའི་གློག་འཕྲིན ﹚

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།