དབུ་ཤོག>གསར་འགྱུར།>དམངས་འཚོ།
  • འདི་ལོ་བོད་ཀྱི་དམངས་སྲིད་སྡེ་ཚན་གྱིས་དམངས་འཚོ་འགན་ལེན་བྱེད་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  བོད་ལྗོངས་ཁྲིམས་ལུགས་ཚགས་པར།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཁྲིམས་ལུགས་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པར་རང་སྐྱོང་ལྗོངས་དམངས་སྲིད་སྡེ་ཚན་ནས་ཤེས་རྟོཌ་བྱུང་བར་2011ལོར་རང་སྐྱོང་ལྗོངས་དམངས་སྲིད་སྡེ་ཚན་གྱིས་དམངས་སྲིད་ཀྱི་འགན་ནུས་འདོན་སྤེལ་གང་ལེཌ་བྱས་ཏེ “དམངས་རྩ་བར་འཛིན་པ་དང་། དམངས་ཀྱི་དཀའ་ངལ་སེལ་བ། དམངས་ལ་ཞབས་འདེཌ་ཞུ་བ ”བཅས་ཀྱི་དམངས་སྲིད་ལས་ཀའི་བསམ་གཞི་ནན་ཏན་ངང་ལག་བསྟར་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་བརྗོད་བྱར་དམིགས་པ། ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་ལས་ཀའི་ཇུས་གཞི་བཟོ་བ་བཅས་བྱས་ནས་དམངས་འཚོ་འགན་ལེན་བྱེད་པའི་ལས་ཀའི་ཆུ་ཚད་ཏན་ཏིག་ངང་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

        2011ལོར་རང་སྐྱོང་ལྗོངས་དམངས་སྲིད་སྡེ་ཚན་གྱིས་སྤྱི་ཚོགས་ཕན་བདེའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་སྐུལ་འདེད་གཏོང་བ་དང་དྭ་ཕྲུག་དང་། མི་ཧྲེང་རྒན་རྒོན། དབང་པོ་སྐྱོན་ཅན་བཅས་ཀྱི་འཚོ་བའི་རོགས་སྐྱོབ་དང་སྤྱི་ཚོགས་ཞབས་ཞུ་ཤུགས་ཆེར་བཏང་ནས་སྤྱི་ཚོགས་ཕན་བདེའི་སྒྲིག་གཞིའི་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ་དང་། དྭ་ཕྲུག་ལ་ཕན་བདེའི་ཁ་གསབ་སྤྲོད་རྒྱུ་ནང་དོན་གཙོ་བོར་བྱས་པའི་བྱིས་པའི་ཕན་བདེའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ། ཕན་བདེའི་རྒྱན་ཤོག་གི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་། འགལ་ཟླ་དང་གནད་དོན་གསར་པར་ཁ་གཏད་ཧུར་ཐག་གཅོག་པ། ཁྲོམ་ར་གསར་པ་གསར་གཏོད་ཧུར་ཐག་བྱེད་པ་བཅས་བྱས་ནས་ཕན་བདེའི་རྒྱན་ཤོག་བྲིན་ཚོང་བྱེད་ཚད་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

        སྤྱི་ཚོགས་ཕན་བདེའི་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ཡིན་ཞིང་། རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་དམངས་སྲིད་བྱ་གཞག་འཕེལ་རྒྱས་གཏོང་ཕྱོགས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ནན་ཏན་ངང་དོན་འཁྱོལ་བྱེད་པ་དང་། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཕན་བདེ་ཁང་གི་སྒྲིག་བཀོད་དང་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ཀྱི་གཞི་གྲངས་གསལ་རྟོགས་བྱེད་པ། སྤྱི་ཚོགས་ཕན་བདེའི་རྨང་གཞིའི་གྲངས་དང་རྩིས་ཁྲ་བཟོ་བ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཕན་བདེའི་རྨང་གཞིའི་འཛུགས་སྐྲུན་གྱི་སྤྱིའི་བཀོད་པ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་བཀོད་སྒྲིག་བྱ་རྒྱུ་དང་། གྲོང་ཁྱེར་གྱི་རྒན་རྒོན་དང་། དྭ་ཕྲུག དབང་པོ་སྐྱོན་ཅན་བཅས་ཀྱི་འཚོ་བ་ལེགས་སུ་གཏོང་རྒྱུ “འཚོ་བ་གསར་པ་སྐྱེལ་བའི་བྱ་སྤྱོད ”དང “འབྱུང་འགྱུར་གྱི་འཆར་གཞི ”སྒྲིག་འཛུགས་དང་ལག་བསྟར་གྱིས་དྭ་ཕྲུག་དང་དུད་ཚང་དབུལ་པོའི་བྱིས་པ་གཤགས་བཅོས་བྱས་ནས་ན་ཚ་དྲག་སྐྱེས་ཡོང་བ་བྱ་རྒྱུ 《གྲོང་གསེབ་ཀྱི་འགན་ལེན་ལྔའི་ལས་དོན་སྲོལ་ཡིག 》ནན་ཏན་ངང་ལག་བསྟར་བྱས་ཏེ་བསྙེན་བཀུར་གྱི་ཚད་གཞི་མཐོ་རུ་འོས་འཚམས་གཏོང་རྒྱུ། ཕན་བདེ་ཁང་དང་རྒན་གསོ་ཁང་གི་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་རེད།

        གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་དེ་ཚན་རིག་དང་མཐུན་པའི་སྒོ་ནས་འོས་འཚམས་ལེགས་སྒྲིག་བྱ་རྒྱུ་དང་། མ་མཐའི་འཚོ་བ་འགན་ལེན་གྱི་གོ་རིམ་སྔར་བས་ལེགས་སུ་བཏང་སྟེ་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་ཡོང་འབབ་དཔྱད་བསྡུར་ཞིབ་བཤེར་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། དོ་དམ་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་རྒན་རྒོན་དང་། དབང་པོ་སྐྱོན་ཅན། ན་སོ་དར་ལ་མ་བབས་པའི་མི། ནད་ལྕི་པོ་ཕོག་པའི་མི་སོགས་དམིགས་བསལ་དཀའ་ངལ་ཡོད་པ་དང་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་འཚོ་བར་རོགས་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། 《གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བསམ་འཆར 》དོན་འཁྱོལ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་བྱེད་རྒྱ་ཆེ་རུ་གཏོང་བ་དང་རོགས་སྐྱོབ་འགྲོ་ལུགས་སྟབས་བདེ་རུ་གཏོང་རྒྱུ་བཅས་རེད།

        གེགས་སེལ་འཕྲལ་སྡོམ་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་རྒྱུ་ཡིན་ཞིང་། འདི་ལོ་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་གེགས་སེལ་གྱི་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་སྟེ་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཆུང་གཏོང་གི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་། གེགས་སེལ་དང་གནོད་འཚེ་ཆུང་གཏོང་གི་སྤྱི་ཚོགས་སྐུལ་སློང་གི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་སྤྱི་ཚོགས་ཀྱི་རྩ་འཛུགས་དང་དང་བླངས་པའི་ཞུགས་ནུས་འདོན་སྤེལ་གང་ལེགས་བྱ་རྒྱུ། གནོད་འཚེ་ཆུང་གཏོང་གི་དྲིལ་བསྒྲགས་དང་སྡེ་ཁུལ་གྱི་གནོད་འཚེ་ཆུང་གཏོང་གི་ལས་དོན་ལ་སྔར་བས་སྐུལ་འདེད་བཏང་སྟེ་སྤྱི་པའི་ཐོལ་བྱུང་དོན་རྐྱེན་ཁྲོད་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་དུས་མཚུངས་གེགས་སེལ་འཕྲལ་སྡོམ་གྱི་སྔོན་ཇུས་བཟོ་བའི་ལས་དོན་ཡག་པོ་བསྒྲུབས་ནས་འབྲེལ་ཡོད་ལས་དོན་གྱི་སྒྲིག་སྲོལ་དང་རང་བྱུང་གནོད་འཚེའི་འཕྲལ་སྡོམ་ལས་དོན་གྱི་བརྒྱུད་རིམ་འཐུས་སྒོ་ཚང་དུ་གཏོང་རྒྱུ། གེགས་སེལ་དངོས་ཟོག་གྲབས་གསོག་གི་མཛོད་ཁང་བསྐྲུན་མགྱོགས་སུ་གཏོང་བ་དང་གེགས་སེལ་དངོས་ཟོག་གྲབས་གསོག་ཡག་པོ་བྱས་ནས་གེགས་སེལ་དངོས་ཟོག་གི་དོ་དམ་བེད་སྤྱོད་ཚད་ལྡན་དུ་གཏོང་རྒྱུ། མྱུར་ཚད་མགྱོགས་པ་དང་། ཕན་འབྲས་མཐོ་བའི་གེགས་བར་བྱུང་རྗེས་ཀྱི་རོགས་སྐྱོབ་དང་། ཐོན་སྐྱེད་སླར་གསོ། ཁྱིམ་གཞིས་བསྐྱར་སྐྲུན་བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུཌ་པ་དང་འཐུས་ཚང་དུ་གཏོང་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།